中  文
ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་ཐེངས་གཉིས་པའི་སྣ་བརྒྱའི་ཤེས་བྱ་འགྲན་སྡུར་གྱི་བརྡ་སྦྱོར།
སྤེལ་དུས།  2011-10-21 22:51:15    རྡེབ་ཚད། 

 

ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་ཐེངས་གཉིས་པའི་སྣ་བརྒྱའི་ཤེས་བྱ་འགྲན་སྡུར་གྱི་བརྡ་སྦྱོར།
བྱ་འགུལ་སྤེལ་བའི་དུས་ཚོད། སྤྱི་ཟླ༡༠བའི་ཚེས༡༤ཉིན་ནས་མགོ་བརྩམ་རྒྱུ།
ས་གནས། སྐས་རིམ་ཚོམས་ཁང་།
 རྩ་འཛུགས།གུང་གཞོན་ཚོགས་པ།ན་ཆུང་གདོང་ལེན།ཆ་འཕྲིན་ཚན་ཁག
མདོ་འཛིན་པ།འབྲུག་ཐར། བེ་ཧེ་ཡོན།
སྐར་འགོད་པ།ལོ་རིམ་སོ་སོ་ནས་དགེ་རྒན་གསུམ།
དུས་ཚོད་ཚོད་འཛིན་པ།ལོ་རིམ་སོ་སོ་ནས་དགེ་རྒན་གསུམ།
བྱ་འགུལ་གྱི་སྒྲིག་རིམ།
རིམ་པ་དང་པོ། ངེས་པར་ལན་འདེབས་པའི་དྲི་བ།
འགྲན་ཞུགས་པ་རྣམ་པས་གཏན་འཁེལ་བྱས་པའི་དུས་ཚོད་རང་ཉིད་ཀྱི་ནུས་པ་བཏོན་ཏེ་དྲིས་ལན་གདབ་དགོས་པ་ལས་གཞན་ལ་གྲོས་བྱས་མི་ཆོག བསམ་   བློ་གཏོང་བའི་དུས་ཚོད་སྐར་ཆ༣༠དྲིས་ལན་འགྲིག་སོང་ན་སྐར༡༠སྣོན་པ་དང་མ་འགྲིག་ཚེ་སྐར་ཆ་འཕྲི་འཐེན་བྱ་ངེས།
རིམ་པ་གཉིས་པ།འཕྲོག་ལན་གྱི་དྲི་བ།
མདོ་འཛིན་པས་དྲི་བ་བཏོན་རྗེས་མགོ་རྩོམས་ཞེས་པའི་བཀའ་བརྡ་བརྒྱབ་མ་ཐག་མྱུར་བར་དྲིལ་ཆུང་གནན་དགོས། གལ་ཏེ་བཀའ་བརྡ་མ་བརྒྱབ་གོང་ལན་འཕྲོག་ཚེ་ཚོ་ཆུང་དེའི་སྐར༡༠འཕྲི་འཐེན་བྱ་ངེས།བསམ་བློ་གཏོང་བའི་དུས་ཚོད་སྐར་ཆ༣༠དང་དྲིས་ལན་འགྲིག་སོང་ན་སྐར༡༠སྣོན་པ་དང་མ་འགྲིག་ཚེ་སྐར་ཆ་འཕྲི་འཐེན་མི་བྱ།
རིམ་པ་གསུམ་པ།ཉེན་ཁ་ཅན་གྱི་དྲི་བ།
འདི་རུ་སྐར་གྲངས་མཐོ་དམའ་མི་འདྲ་བའི་སྐར༡༠ཅན་གྱི་དྲི་བ་དང་སྐར༢༠ཅན་གྱི་དྲི་བ།སྐར༣༠ཅན་གྱི་དྲི་བ་བཅས་རིམ་པ་གསུམ་བགར་ཡོད།སྐར་གྲངས་མཐོ་དམའི་དྲི་བའི་དཀའ་སླ་ཐག་བཅད་ཡོད།ཚོ་ཆུང་དེའི་སློབ་གྲོགས་ཕན་ཚུན་གྱིས་གྲོས་བསྡུར་བྱས་རྗེས་དྲི་བར་ལན་བཏབ་ཆོག བསམ་བློ་གཏོང་བའི་དུས་ཚོད་སྐར་མ༡དང་སྐར་ཆ༣༠ཡིན་པ་དང་དྲིས་ལན་འགྲིག་སོང་ན་མཐོ་ད མའ་ལྟར་སྐར་མ་སྣོན་པ་དང་མ་འགྲིག་ཚེ་མཐོ་དམའ་ལྟར་སྐར་མ་འཕྲི་འཐེན་བྱ་ངེས།