中  文
རང་གི་ལས་རིགས་ལས་འཕྲོས་ཏེ་སློབ་རའི་མཁའ་དབུགས་ཇེ་གཙང་དུ་གཏོང་བ།
སྤེལ་དུས།  2013-04-19 11:24:26    རྡེབ་ཚད། 

རང་གི་ལས་རིགས་ལས་འཕྲོས་ཏེ་སློབ་རའི་མཁའ་དབུགས་ཇེ་གཙང་དུ་གཏོང་བ།

                               ལོ་རིམ་བརྒྱད་པ། བན་དེ་ཚེ་རིང་།
དེ་རིང་བདག་གི་གཏམ་བཤད་ཀྱི་ཁ་བྱང་ཡིན་ན་རང་གི་ལས་རིགས་ལས་འཕྲོས་ཏེ་སློབ་རའི་མཁའ་དབུགས་ཇེ་གཙང་དུ་གཏོང་བ་ཞེས་པ་དེ་ཡིན།
       འདིར་རང་གི་ལས་རིགས་ཞེས་པའི་རང་ཉིད་ཀྱི་ལས་ཀ་གཙོ་བོ་གང་གཉེར་བཞིན་ཡོད་པ་དེ་ལ་ཟེར།     དེ་ན་ང་ཚོ་ནི་དགེ་རྒན་གྱི་བྱ་བ་བྱེད་མཁན་ཞིག་ཡིན་པས་ཆ་ནས་ཐོག་མར་དགེ་རྒན་ཞེས་བའི་ཐ་སྙད་དང་འབྲེལ་ཏེ་ལས་ཀ་འདིའི་རིན་ཐང་དང་ཐོབ་ཐང་ཅི་འདྲ་ཞིག་ཡིན་པ་ཤེས་དགོས་པ་དེ་རེད། དེ་ཤེས་ན་ད་གཟོད་བྱ་བ་དེ་ལ་དགའ་ཞེན་དང་དུང་བ་ཞིག་ངང་གིས་ཆགས་སྲིད།   དགའ་ཞེན་དང་དུང་བ་ལྡན་ན་བྱ་བ་དེ་ལ་དཀའ་ཚེགས་ཅི་འདྲར་ཆེ་ཡང་སྐྱོ་བ་དངསུན་སྣང་མིན་མི་སྐྱེས་བར་མ་ཟདརང་གི་ལས་རིགས་དང་འབྲེལ་བའི་ཁོར་ཡུག་སྟེ་སློབ་རའི་སྐྱེད་ཚལ་་་་་་་དེའང་དྭངས་ཤིང་གཙང་བ་ཞིག་ཏུ་བསྒྱུར་འདོད་ཀྱི་བསམ་བློ་ཞིག་ཅིང་རིམ་གྱིས་སྐྱེས་སྲིད། དེ་ན་དགེ་རྒན་ཞེས་པའི་ཐ་སྙད་འདི་ལ་བོད་རང་གི་མཁས་པ་ལ་ལས་མདོའི་ཆ་ནས་བླ་དངསྔགས་ཀྱི་ཕྱོགས་ནས་སློབ་དཔོན་སོགས་ངོས་འཛིན་ཚུལ་མང་བོ་ཞིག་མཆིས་མོད།    དེ་ནི་བོད་བརྒྱུད་ནང་བསྟན་པས་ངོས་འཛིན་ཚུལ་ཞིག་ལས་ད་ཡོད་ཀྱི་སྤྱི་ཚོགས་འདིའི་སྟེང་གི་སློབ་ རའི་སྐྱེད་ཚལ་ན་བྲེལ་འཚུབ་ཆེ་དགེ་རྒན་དང་ག་་་ནས་མི་འདྲ་སྙམ།    ནང་བསྟན་པའི་བླ་མ་དང་སློབ་དཔོན་ནི་རང་གི་ཆེད་ལས་ཙམ་པོར་བྱང་བའི་སྒོ་ནས་རང་གི་གདུལ་བྱའི་སློབ་བུ་རྣམས་ཀྱི་མདུན་ནས་རྔམ་རྫིག་རྫིག་གིས་འགྱིང་ན་ཆོག་ལ་ང་ཚོ་དགེརྒན་རྣམས་ནི་དེ་ལྟ་མ་ཡིན་པར་རང་གི་རིག་་་་གནས་ཙམ་པོར་འཇུས་ཏེ་རོ་འཐིམ་ཤི་འཐིམ་བྱས་ནས་བསྡད་ན་མི་ཆོག་པར་གཞན་མི་རིགས་ཀྱི་རིག་གནས་དང་སྐད་ཆ་ལའང་སློབ་སྦྱོང་བྱེད་དགོས་པར་མ་ཟད་རང་་ནུས་ཅི་ལྕོག་གིས་རང་གི་སློབ་བུའི་ཚོགས་དང་མཉམ་འགྲོ་མཉམ་འདུག་གིས་དུས་་་རབས་གསར་བའི་འཕེལ་ཁ་དང་འགྲོགས་ཏེ་མདུན་དུ་བསྐྱོད་བཞིན་པ་ནི་ ལས་ཀ་འདིའི་ཁ་གཏད་ན་འགྲེང་བཞིན་པའི་དགེ་རྒན་རྣམས་པའི་སེམས་ན་ཉི་འོད་ལྟར་་་གསལ་བ་དེ་ཡིན་མོད། འོན་ཀྱང་ང་ཚོ་དགེ་རྒན་རྣམས་ཀྱིས་ཀྱང་ཕྱིའི་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་ནང་རང་མི་རིགས་ཀྱི་གནས་བབས་ལ་མནོ་བསམ་རེ་བཏང་སྟེ་སློབ་མ་རྣམས་ཀྱི་དགོས་མཁོ་དང་བསྟུན་ནས་རང་ཉིད་ཀྱི་མི་འདང་སར་ཁ་སྐོང་བྱས་ཏེ་བྱ་བ་དེ་ལ་བློ་ཡང་དག་པའི་སྒོ་ནས་ ཞུགས་ན་དེའི་རིན་ཐང་དང་ཐོབ་ཐང་ནི་རང་ཅག་ནང་བསྟན་པས།   ཡོན་ཏན་ཀུན་གྱིས་གཞིར་གྱུར་དྲིན་ཅན་རྗེ༎ ཚུལ་བཞིན་བསྟེན་པ་ལམ་གྱི་རྩ་བ་རུ༎ཞེས་དང་། ཕྱི་མཁས་པས།   དགེ་རྒན་ནི་མིའི་རིགས་ཀྱི་བླ་སྲོག་གི་བཟོ་བཀོད་པ་རེད་ཅེས་པསོགས་བསྔགས་བརྗོད་བླ་མེད་གནང་འདུག་པ་ནི་དོན་ལ་ངེས་པས་ང་ཚོས་རང་ཉིད་ཀྱི་ང་རྒྱལ་དང་གཟི་བརྗིད་ཅིག་ཏུ་བསམ་ནས་ལས་རིགས་འདི་ལ་རྩིས་མཐོང་ཡོད་པའི་སྒོ་ནས་དེ་འབྲེལ་གྱི་ཁོར་ཡུག་སློབ་རའི་་་་་་མཁའ་དབུགས་ཇེ་གཙང་དུ་གཏོང་རྒྱུ་ནི་དགེ་རྒན་གྱི་འགན་འཁྲི་ཉག་གཅིག་ཏུ་་འདུག དེ་ཡང་དགེ་རྒན་རང་ཉིད་ཀྱི་ནང་བསམ་བློ་དང་ཕྱིའི་ཀུན་སྤྱོད་གཉིས་ཆ་་་རྨང་གཞི་བྱས་ཏེ་རང་ལ་མིག་རིག་རིག་དང་རྣ་བ་ཅོར་ཅོར་བྱེད་མཁན་གྱི་སློབ་བུ་་་་རྣམས་ཀྱི་དགའ་ཁ་འཁྱེར་ཕྱོགས་ལ་མཐོང་ཆེན་དང་རང་དབང་ལ་བརྩི་བཀུར་ཡོད་པའི་སྒོ་ནས་སློབ་ཁྲིད་ཀྱི་ལམ་སྟོན་མཛད་རྒྱུ་དེའི༎
       མཐར་དགེ་རྒན་ལས་གནས་ལ་དགའ་ཞིང་སློབ་མ་དགེ་རྒན་ལ་དགའ་བ།   དགེ་སློབ་གཉིས་ཀ་སློབ་ར་ལ་དགའ་བའི་སྒོ་ནས་དགའ་སྐྱིད་ལྡན་པའི་སློབ་ར་ཞིག་འཛུགས་ཐུབ་པར་སྨོན༎
 
----སློབ་རའི་སྐབས་གསུམ་པའི་གཏམ་བཤད་འགྲན་བསྡུར་གྱི་མ་ཡིག།