中  文
༄༅།། སློབ་གསོའི་རེ་སྙེག་དང་བདེན་པ།
སྤེལ་དུས།  2013-04-19 11:25:27    རྡེབ་ཚད། 

༄༅།། སློབ་གསོའི་རེ་སྙེག་དང་བདེན་པ།

---དེང་རབས་བོད་ཀྱི་སློབ་གསོའི་ཁ་ཕྱོཊ་ལས་འཆམ་མཐུན་སློབ་གསོའི་སྐོར།
ལོ་རིམ་བདུན་པ།    གཡང་སྐྱབས་རྒྱལ།    
       སློབ་གསོ་ནི་ཚེ་སྲོག་ཐམས་ཅད་ཀྱི་འབྱུང་ཁུངས་དང་གྲུབ་འབྲས་ནི་སྦྲང་ཆརབསིལ་མའི་བརྩེ་མདངས་ལྟར། ཡོད་ཚད་ལ་རེ་སྙེག་གིས་ཁེངས།   འཆད་འཁྲིད་ཀྱི་ཉི་ཤར་འཛུམ་མདངས།      གོར་ཀྱི་ལེའི་དགེ་དཔུང་སྟོབས་ལྡན་དག་གི་བཞིན་ནའཛུམ་ནུས་པར་ཁྱེད་ཀྱིས་བསམ་གཞིགས་ཨེ་བཏང་། སྐྱེ་འགྲོའི་ལས་དབང་ཡིད་ལ་བསྒོམ་ནས།དེ་སྔོན་ཁྱེད་ཀྱིས་གཏོར་མྱོང་བའི་འདས་ཟིན་ལ་མནོ་བསམ་བཞེས་་་་་་་་ཨེ་མྱོང་།
        སློབ་གསོ་རིག་པའི་གོ་དོན་དཔྱིས་ཕྱིན་པ་ཞིག་བཅད་ཤེས་ཀྱིས་གཏིང་ཟབ་ལོན་ཁུལ་བྱས་ཏེ། སྐྱ་ཟད་སྔོ་རྡུག་གི་སློབ་གསོའི་ཁ་དབུགས་སྟུག་པོ་ཞིག་མངོན་ནས་གདའ། དེ་དག་གིས་སློབ་གསོ་རིག་པ་ནི་ཚེ་སྲོག་འགུལ་སྐྱོད་ཀྱི་གོ་རིམ་ཞིག་དང་ངལ་རྩོལ་ལས་ཕྱོད་ཀྱི་འཇོན་ཐང་ནུས་རྩལ་ཞིག་ཡིན་པར་ངེས་ཤེས་ཟབ་མོ་གཞལ་མེད་་པས།   སློབ་གསོ་ནི་མིའི་ཀུན་མཐུན་རིན་ཐང་ཡིན་པ་ལས་ལྡོག་ཏེ།   མི་ཁ་ཅིག་ལ་དབང་བར་རློམ་ནས། ལོག་སྦྱོད་དང་བཙན་ཤེད། སྨྱོ་ཧམ་དང་བླུན་སྤྱོད། ཨུ་ཚུགས་སོགས་ལས། སློབ་གསོ་རྫུན་མ་ཞིག་གི་ཁ་དབུགས་སྦྱིན་རྔུབ་བྱས་ཏེ། དཀར་ནག་གོ་ལྡོག་དང་། འཕེལ་མེད་སོར་གནས། ནུས་མེད་ཉམ་ཆུང་། བསམ་བློ་གུ་དོག་བཅས་ཀྱི་རྣམ་པ་ཆིག་རྐྱང་གི་ལམ་ན་ལད་ཟློས་རང་བཞིན་ཤུགས་དྲག་པའི་སློབ་སྒྲུབ་རྫུན་མ་ཞིག་གིས་ར་བཟི་འདུག
ཨའུ་ཨའུ་ཨའུ་་་་་་་་   ང་ཚོས་ཡང་སྙིང་སློབ་གསོའི་ཟིན་ཐོ་རུ་ཅི་ཞིག་བྲིས་སོང་ངམ། ཞིབ་ཏུ་གསན་ནས་ག་ལེར་སོམས་དང་། ང་ཚོས་ཅི་ཞིག་བསྒྲུབ་འདུག རེ་སྨོན་གྱི་འཆམ་མཐུན་མཐའ་དག་ཁྱེད་ཀྱིས་རང་གི་བུ་ཕྲུག་ལ་བཞག་པའི་དམ་བཅའ་རེད། ཤེས་རིག་མེ་ཏོག་གི་དྲི་ཞིམ་འཐུལ་བའི་ས་ཆེན་ཨ་མའི་བྲང་གཞོང་ན། ད་དུང་ཚེ་སྲོག་གསར་བའི་སྐྱེས་སྟོབས་སྔར་བཞིན་རྒྱུན་མཐུད་གནས་ཐུབ་པར་སྨོན།
      ད་དུང་སྔར་བཞིན་བཞད་ཡོད་པ་ནི་ཁྱེད་ཀྱི་ཕུགས་བསམ་གྱི་མེ་ཏོག་རེད་ལ། ད་རུང་མུ་རུ་མཆེད་བཞིན་པ་ནི་སེམས་ཁོང་གི་སྒྲ་དབྱངས་དྭངས་མ་དེ་དང་གཞི་་་་་གཅིག་ཏུ་འདྲེས་ཡོད་པའི་མཁས་ངར་དཔོན་ཤེད་ཀྱི་དྲི་ཁ་བོ་དེ་རེད།
     འུ་ཅག་གི་དམ་བཅའ་དེ་དག་ནི་མ་གཞི་ནས་ཁྱེད་དང་ང་ཡི་ཕུགས་བསམ་རེད།
ཁྱེད་ཀྱིས་དེ་སྔོན་འཆད་ཁྲིད་དང་དཔེ་ཀློག་གི་རྨོ་མཚམས་བཞག་ནས། སྤང་མེ་ཏོག་འདྲ་བའི་ན་ཆུང་དག་གི་སེམས་རོལ་ལ་ཞིབ་གཟིགས་རེ་གནང་མྱོང་ངམ།   གནོན་ཤུགས་སྤྲོད་ཅི་ཐུབ་དང་ཚོད་འཛིན་གཅུན་ཅི་ཐུབ་གྱིས་དཔྱོད་ཤེས་ཀྱི་བསམ་བློ་དང་། ཤེས་རིག་གོ་རྟོགས། རིན་ཐང་ལྟ་བ་དང་ནུས་རྩལ་སོགས་ལའབུར་འཇོམས་བཏང་ནས་གྲག་མེད་འགུལ་མེད་དུ་བཏང་ནས་འཇོག་པ་རེད།
དེ་སྔོན་ཕུགས་བསམ་ཡོད་མྱོང་བས། མཁའ་མཐའི་རྒྱུ་སྐར་བཞིན་མོད་པའི་་་སློབ་སྒྲུབ་བསམ་བློ་ལ་རྒྱང་མཇལ་བྱས་མྱོང་། ཡིན་ན་ཡང་ད་ལྟ་རང་ཉིད་གང་ན་ཡོད་པ་ཆ་མ་འཚལ། ཤེས་ཚོར་འབའ་ཞིག་ནི་ང་ཚོ་སློབ་གསོ་དང་ཁད་ཐག་རིང་དུ་གྱེས་ཡོད་པ་དེ་རེད། ཁ་སང་ང་ཚོས་ཅི་ཞིག་བསྒྲུབ་སོང་།ལ་ལོག་སྦྱོད་དང་བཙན་ཤེད། སྨྱོ་ཧམ་དང་བླུན་སྤྱོད། ཨུ་ཚུགས་དག འཆམ་མཐུན་སློབ་གསོའི་ཞིང་ཁམས་སུ་འུ་ཅག་གི་བློས་ཐུབ་ཀྱི་གྲོགས་པོ་ཡིན་ནམ་ཡང་ན་ཤ་གསེང་གི་རུས་རྐང་ཡིན།
        གཡུ་ལོ་ཚངཚིང་གི་སློབ་གསོའི་བྱ་ཡུལ་དང་དམིགས་ཡུལ། ལས་འགན་དག འདྲེ་གདོན་གྱི་མཆེ་བར་ནས་དུམ་བུར་གཏུབས་ཟིན་པས། ང་ཚོས་ཅི་ལྟར་བྱ། ང་ཚོས་ཁོང་དག་ལ་བདེ་སྐྱིད་སྐྲུན་ཐུབ་བམ།   གཉུག་གཤིས་དྭངས་མའི་མཛེས་སྡུག་དང་གཟི་འོད་འབར་བའི་རྣམ་དཔྱོད་ཀྱང་། གྲུབ་མཐའི་རྩོད་གླེང་གིས་གས་ཆག་བཏང་སོང་བས། ང་ཚོས་ཇི་ལྟར་བྱ ། ལང་ཚོ་དང་ཚེ་སྲོག་གི་གཟུངས་ཐག་ཟད་བཞིན་པའི་རིག་ཡག་བུ་ལོ་འདི་ཚོ། ང་ཚོའི་སེམས་སུ་སྒོམ་ནས་གཉོར་སྐྱོང་ཇི་ལྟར་བྱ།ཁྱེད་ཀྱིས་ཁོང་ཚོའི་གཉོམ་དུང་དུང་གི་ཚེ་སྲོག་གི་སྒྲ་དབྱངས་དང་། བློ་རིག་གི་ངུ་སྐད་དེ་རྣ་་་་་དབང་གིས་ཐོས་མེད་པ་ཨེ་ཡིན།
     དགེ་རྒན་ཞིག་གི་སློབ་ཁྲིད་རྒྱལ་ཕམ་གྱི་དྲིས་ལན་ནི། སློབ་མའི་ངོ་གདོང་གི་འཛུམ་མདངས་ལས་གསལ་བོར་ཤེས་ལ། སློབ་གྲྭ་ཞིག་གི་རྒྱལ་ཕམ་གྱི་མངོན་རྟགས་ཀྱང་དགེ་སློབ་རྣམས་ཀྱི་ངོ་གདོང་གི་འཛུམ་མདངས་ལས་ཤེས་ཐུབ་པ་མ་ཟད།   ས་ཁུལ་ཞིག་དང་ཡུལ་ཁམས་ཞིག་གི་སློབ་གསོ་གསོན་ཤུགས་ཀྱང་ས་ཁུལ་དེ་སྒྲའི་གའི་་དགེ་སློབ་ཁྱིམ་བདག་རྣམས་ཀྱི་སེམས་གཏིང་གི་ཡིད་ཆེས་དང་ངོ་གདོང་གི་འཛུམ་་་མདངས་ཁྲོད་ན་ཕྱིར་མངོན་ཡོད་ཟེར་བ་ངོ་མ་བདེན་པ་བདེན་རྐྱང་རེད།
     དེ་བས་ང་ཚོ་སློབ་གསོའི་ལས་རྐང་གི་རིམ་པ་དང་པོ་ཡོད་པའི་དགེ་རྒན་རྣམས་ཀྱིས་ངེས་པར་དུ་སློབ་གསོའི་ཐད་ནས་སྔོ་ལྗང་ལྗང་གི་རྨི་ལམ་ཞིག་ཡོད་དགོས་པ་ལས། ད་རུང་མུ་མཐུད་དུ་སྐྱ་ཆད་སྔོ་རྡུག་གི་རྨི་ལམ་ཞིག་ལ་ཤི་འཐམ་རོ་འཐམ་བྱས་ཏེ་བསྡད་ཚེ། སྔོན་ཐོན་གྱི་ལམ་ཁ་རྡོག་པས་མནོན་ཐུབ་པ་ལྟ་ཞོག   སྲེ་སྲོག་མང་པོ་འཆི་ལམ་དུ་བརྫངས་པའི་ཉེས་ཅན་ཡིན་པ་ཅིས་ཀྱང་ཤེས་དགོས།
       ཨ་་་། བློ་ཤེད་རྒྱས་པའི་འཇིག་རྟེན་གྱི་མི་རྣམས་ཡ།ཉམ་ཆུང་གི་ཚེ་སྲོག་དག་ལ་རྨོངས་སེལ་གྱི་འོད་སྣང་རེ་སྦྱིན་ཅིག ཁོ་ཚོ་ནི་ང་ཚོའི་བློས་ཐུབ་ཀྱི་གྲོགས་པོ་ཡིན།
ཁོ་ཚོ་ནི་རིགས་རྒྱུད་ཕྱི་མའི་རྟེན་འཆའ་ཉག་ཅིག་ཡིན། ཚེ་ཚེ་རབས་རབས་ལ་བཙན་ས་འཛིན་པའི་ལྕགས་རིའི་མཁར་རྫོང་ཡིན། བདེ་སྐྱིད་ཀྱི་ཞིང་ཁམས་ཡིན། བླ་གནས་ཀྱི་འཚོ་བ་སྐྲུན་པའི་གཉུག་གཤིས་ཡིན།   འཚོ་བའི་རང་མདངས་ཡིན། བདེན་པ་ཡིན་ནོ༎༎ 
----སློབ་རའི་སྐབས་གསུམ་པའི་གཏམ་བཤད་འགྲན་བསྡུར་གྱི་མ་ཡིག།