中  文
དར་མདུན་གཏམ་བཤད།
སྤེལ་དུས།  2011-07-12 16:27:49    རྡེབ་ཚད། 

 

དར་སྔུན་གཏམ་བཤད། 国旗下.jpg
དེ་རིང་གི་གཏམ་བཤད་ཀྱི་ཁ་བྱང་ལ་རྒྱུ་དངོས་རྙེད་ཀྱང་མི་སྐུང་བ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་གྱི་སྤྱོད་བཟང་ཡག་པོ་ཞིག་རེད་ཅེས་པ་དེ་ཡིན།
 
༢༠༡༡ལོའི་ཟླ༦པའི་ཚེས་༡༧ཉིན་གྱི་ཞོགས་པར།ལོ་རིམ་གཉིས་པའི་དགེ་རྒན་ཀླུ་མོ་འཚོ་ཡིས་སློབ་རའི་ལུས་རྩལ་ར་བའི་ནུབ་ཕྱོགས་ནས་སྒོར་ཁུག་ཅིག་རྙེད་པར།   སྒོར་ཁུག་ནང་དུ་སྒོར་མོ་༣༧༠དང་དེ་ལས་གཞན་པའི་སྒོར་མོ་མང་པོ་ཞིག་གི་རྩ་བ་ལས་འགོངས་པའི་རྩིས་ཐོ་དང་ཐོང་ཐང་ལག་ཁྱེར་སོགས་མང་པོ་ཞིག་ཡོད།དཔལ་འབྱོར་གྱི་གདོང་ལ་གཏད་པའི་ང་ཚོ་སྒོར་མོ་ཁ་གྲངས་ལོན་པ་ཞིག་གི་ཁ་གཏད་དུ་འགྲེངས་ཚེ།ང་ཚོ་མི་བུ་སུ་དང་གང་ཞིག་ད་ལྟའི་སྤྱི་ཚོགས་ཁྲོད་རྒྱུ་རིག་ན་རྒྱུ་མ་ཅིའི་ཕྱིར་མི་འགུལ།     ཡིན་ན་ཡང༌།དགེ་རྒན་ཀླུ་མོ་འཚོ་དེ་ལས་ལྡོག་སྟེ་བོར་སྟོར་བྱུང་བའི་བདག་པོའི་ཆེད་ལ་སེམས་ཁུར་ཚད་མེད་གནང༌།ང་ཚོས་རྟོག་བཟོ་ཞིག་བྱས་ཏེ་ཕྱིར་འདང་ཞིག་བརྒྱས་ན་བར་གླགས་འདིར་བོར་སྟོར་བྱུང་བའི་བདག་པོ་འདི་ཉིད་ཀྱི་སེམས་ཁམས་ཇི་འདྲའི་བློང་བློང་བོ་ཞིག་ཏུ་གྱུར་ཡོད་པ་གདོན་མི་ཟ། ཡག་ཡག་ལ་དགེ་རྒན་ཀླུ་མོ་འཚོས་སྒོར་ཁུག་ནང་དུ་བདག་པོའི་འབྲེལ་གཏུག་ཁ་པར་གྱི་ཨང་གྲངས་གསལ་བོར་བཀོད་པ་རིག་མ་ཐགབྲེལ་མྱུར་གང་མྱུར་སྒོས་བདག་པོ་བོ་ཅོན་ཧོན་ཟེར་བའི་ཁྲི་ཀ་ཧོ་ཡུན་གྲོང་རྡལ་གྱི་མི་དར་མ་ཞིག་དང་ལས་དབང་གི་མཛའ་བརྩེའི་གསེར་ཟམ་མི་སྦྲེལ་ཐུ་མེད་བྱུང༌། 
བདག་པོ་བོ་ཅོན་ཧོན་གྱིས་གཏམ་སྙན་མོ་ཁུ་བྱུག་འདྲ་བ་དེ་གོ་མ་ཐགསེམས་པ་སྨྲེང་ནས་མིག་ཆུ་མེད་ལ།ག་བཤད་འདི་བཤད་ཀྱི་དྲིན་གཟོ་བའི་སྐད་ཆ་མང་པོ་ཞིག་བྱུར་བུར་བརྡོལ་རྒྱུ་ཡོད་ན་ཡང༌།     ཁོའི་མགྲིན་པ་བརྣངས་ནས་སྐབས་ཐོག་དེར་དགེ་རྒན་ཀླུ་མོ་འཚོ་ལ་ཅི་བཤད་དགོས་པའང་མ་ཤེས་པར་གྱུར།དུས་ཡུན་ཐུང་ངུ་ཞིག་གི་རྗེས་སུ་སྒོར་ཁུག་གི་བདག་པོ་རང་སློབ་གྲྭར་ཐོན་ནས་དགེ་རྒན་ཀླུ་མོ་འཚོ་དང་བཀའ་དྲིན་གྱི་སེམས་་་་་གཏམ་ལྷུག་པོར་བརྗོད་ཅིང་བརྩེ་ཞེན་གྱི་ལག་འཇུས་དམ་པོར་བཅངས་ ནས་ཁྱེད་ནི་མི་རིགས་སློབ་གྲྭ་འདིའི་ལ་རྒྱ་དང་གཟི་བརྗིད་རེད།ཁྱེད་ཚོའི་སློབ་གྲྭར་ཁྱོད་དང་ཁྱོད་ལྟ་བུའི་མི་བཟང་དོན་བཟང་སྒྲུབ་མཁན་དང་    བྱམས་སྙིང་རྗེ་ལྡན་པའི་དཔེ་ལེགས་དགེ་རྒན་མང་པོ་ཞིག་ཡོད་པ་གོར་མ་ཆག་ཅེས་བསྟོད་པའི་མེ་ཏོག་ཡང་ཡང་གཏོར་ཞིང་བདག་པོའི་ཡིད་སེམས་རབ་ཏུ་བཀུག་ནས་དྲིན་གཟོ་ཡི་སེམས་གཏམ་མོད་པོ་ཞིག་མཚམས་ཆད་མ་ཐུབ་པ་རེད།
རྒྱུ་དངོས་རྙེད་ཀྱང་མི་སྐུང་བའི་སྤྱོད་བཟང་འདིས་ང་ཚོ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་ཁྱད་དུ་འཕགས་པའི་ཀུན་སྤྱོད་དང་རྣམ་དག་དྭངས་གཙང་གི་བསམ་བློ་མངོན་པར་མཚོན་པ་རེད།   མ་ཟད་རང་སློབ་གྲྭའི་དགེ་སློབ་ཡོངས་ཀྱི་ཆེས་མཐོ་བའི་མི་གཞི་དང་འབུར་ཐོན་གྱི་སྤྱོད་ལམ་བཟང་བོ་དེ་ཤུགས་ཀྱིས་གསལ་པས།   ང་ཚོ་དགེ་སློབ་ཚང་མས་སློབ་སྦྱོང་བྱེད་ས་དང་མིག་དཔེ་ལྟ་ས་རུ་གྱུར་ཡོད། རྗེས་མུར་ཡང་འདི་ལྟ་བུའི་སྤྱོད་བཟང་མུ་མཐུད་དུ་རྒྱུན་སྐྱོང་བའི་ཡིད་ཆེས་ང་ཚོ་ཚང་མའི་སེམས་ན་ལམ་ལམ་འཚེར་བཞིན་ཡོད།
དེ་བས་ང་ཚོས་ཞོགས་པའི་ཉི་གཞོན་རི་རྩེ་ནས་ཤར་བ་ལྷན་དུ་དགེ་རྒན་ཀླུ་མོ་འཚོ་ལ་དགའ་སྤྲོའི་བསུ་མ་བྱེད་བཞིན་ཁོ་མོ་ལ་ལྷག་བསམ་རྣམ་དག་གིས་བསྟོད་བསྔགས་ཀྱི་རབ་དཀར་ལྷ་རྫས་འབུལ།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།