中  文
དར་སྒྲེང་བསྒྲགས་ཚིག20111128
སྤེལ་དུས།  2011-11-28 19:40:01    རྡེབ་ཚད། 

དར་སྒྲེང་བསྒྲགས་ཚིག
ཚེ་སྲོག་གི་བདེ་འཇགས་ནི་ནམ་ཡང་མིའི་རིགས་ཀྱིས་ནམ་ཡང་དོ་སྣང་བྱེད་དགོས་པའི་བྱ་བ་གལ་ཆེན་ཞིག་རེད། འདིར་སློབ་གྲྭས་རང་རེའི་དགེ་སློབ་ཡོངས་ལ་ནམ་རྒྱུན་དོ་སྣང་བྱེད་དགོས་པའི་གསལ་བརྡ་ཞིག་གཏོང་།
༡ རྫོང་ཐོག་ནས་སློབ་གྲྭ་ཡོང་དུས་སྦག་སྦག་འཁོར་ལོ་དང་རྐང་གསུམ་སྦག་སྦག་འཁོར་ལོར་འདུག་མཁན་མང་།ཡིན་ཡང་སྦག་སྦག་འཁོར་ལོར་ཁ་ལོ་བསྒྱུར་མཁན་འདི་དག་གིས་ཉེན་སྐྱོབ་འགྲོ་སོང་དང་ཁ་ལོ་བསྒྱུར་ཆོག་པའི་དཔང་ཡིག་སོགས་སྒྲུབ་མེད་ལ། སྦག་སྦག་འཁོར་ལོ་ཡི་བེད་སྤྱོད་དུས་ཡུན་ལས་བརྒལ་ཡོད་པས། ཚེ་སྲོག་གི་བདེ་འཇགས་ཁེག་ཐག་བྱེད་དཀའ།
༢ དུས་རྒྱུན་ཟླ་གནངས་གཏོང་སྐབས། སློབ་གྲོགས་ཚོས་དགེ་རྒན་གྱི་བཀོད་སྒྲིག་ལྟར་གྲལ་བསྟར་བསྒྲིགས་ནས་རླངས་འཁོར་ནང་འགྲོ་བ་དང་མར་བབས་ཏེ་རྒྱ་ལམ་འཕྲེད་གཅོད་གཏོང་བ། གལ་ཏེ་ཁྱོད་ལ་རླངས་འཁོར་གྱིས་གནོད་པ་བཏང་ན། ཐོག་མར་རླངས་འཁོར་གྱི་ཨང་རྟགས་གསལ་བོར་ངོས་འཛིན་རྒྱུ།
༣ གཟའ་ཉི་མའི་ཉིན་ཁྱིམ་བདག་རྣམས་སློབ་ཕྲུག་ཚོར་སྐོར་རྒྱག་གི་ཡོང་གི་ཡོད་པ་རེད། དུས་རྒྱུན་ལྐོག་ཏུ་ཞོར་ཟས་ངན་ངོན་རིགས་སློབ་གྲྭར་ཁྱེར་ཡོང་པ་རེད། མིག་སྔར་ཞོར་ཟས་ཡིས་མིའི་ཚེ་སྲོག་ལ་གནོད་སྐྱོན་ཐེབས་པའི་དོན་རྐྱེན་མང་པོ་བྱུང་། འདིར་གསལ་བསྒྲགས་གཏོང་རྒྱུ་ཞིག་ནི་སློབ་གྲྭས་སློབ་རའི་ནང་ཞོར་ཟས་རིགས་ཡོད་པ་ཤེས་རྗེས་ཆད་གཅོད་ནན་མོ་བྱེད་རྒྱུ་ཡིན། འཛིན་བདག་གི་བྱ་བའི་དཔྱད་འཇོག་ཁྲོད་སྐར་མ་འཐེན་རྒྱུ་ཡིན།
4དུས་རྒྱུན་སློབ་གྲོགས་ཚོ་ཐོག་ཁང་གི་ཐེམ་སྐས་ཐོག་འགྲོ་བ་དང་ར་སྐོར་ནང་རྩེད་མོ་རྩེ་དུས། རང་གཞན་ཀུན་གྱི་ལུས་པོའི་བདེ་འཇགས་ལ་གཟབ་གཟབ་བྱེད་རྒྱུ།
5 ནངས་སྔ་མོར་ནམས་སངས་མ་ཐག་ཞོགས་རྩལ་རྒྱུགས་སྐབས་འཛིན་གྲྭ་སོ་སོ་སྔ་གཞུག་གི་གོ་རིམ་ལྟར། སློབ་མ་རང་རང་ཆེ་ཆུང་གི་རིམ་པ་བཞིན་གྲལ་དག་མོའི་ངང་རྒྱུགས་རྒྱུ་དེ་ལའང་དགེ་སློབ་ཀུན་གྱིས་དོ་སྣང་བྱེད་རྒྱུ་གལ།
2011-11-28་ཉིན།