中  文
སློབ་སྐབས་གསར་བར་དགེ་སློབ་ཀུན་ལ་སྤྲིངས་པའི་འཕྲིན་ཡིག 2012-09-03
སྤེལ་དུས།  2012-09-03 11:39:31    རྡེབ་ཚད། 

 སློབ་སྐབས་གསར་བར་དགེ་སློབ་ཀུན་ལ་བསྩལ་བའི་འཕྲིན་ཡིག

དགེ་རྒན་རྣམ་པ། སློབ་གྲོགས་རྣམ་པ
 འབྲས་བརྒྱར་ཞིམ་མངར་ལྡང་། གསེར་མདངས་བར་མེད་འཕྱོ་བའི་སྟོན་ཟླ་འདིར། སློབ་སྐབས་གསར་བ། སློབ་ལོ་གསར་བས་དྲོད་ཁོལ་དང་རེ་བ་ཁྱེར་ནས་ང་ཚོ་དང་རིམ་པར་བཅར་འོངས། དེ་རིང་། དགེ་སློབ་ཀུན་ལ་སྤྲོ་དགས་ཁེངས་ནས་གནས་འདིར་འཛོམས་ཏེ་དར་སྒྲེང་མཛད་སྒོ་སྤེལ། ཐོག་མར་ང་ཚོས་སྤྲོ་སེམས་འཁོལ་བས་དགེ་སློབ་གསར་བར་དགའ་བསུ་ཞུ། ཁྱེད་ཅག་དྲོད་སྐྱིད་འཆམ་མཐུན་གྱི་ཁྱིམ་གཞི་འདིར་ཕེབས་པར་དགའ་བསུ་ཞུ། ཁྱེད་ཅག་ཞུགས་པས་ང་ཚོའི་སློབ་གྲྭར་དེ་བས་ཀྱང་གསོན་ཉམས་དང་རེ་བ་ཁེངས་ངེས་ལ། ཁྱེད་ཅག་ཞུགས་པས། ང་ཚོའི་སློབ་གྲྭར་སྔར་ལས་ཀྱང་འཕེལ་ཤུགས་ཆེ་ལ་ཡར་རྒྱས་ཚད་མེད་ཀྱི་ངེས་པ་ཡོད་སྲིད།
 སྐབས་འདིར། སློབ་གྲྭའི་ཏང་ཚན་ཁག་ནས།  བརྩོན་སེམས་ཧུར་བསྐྱེད། ནན་ཏན་སློབ་སྦྱོང་བྱས་ཏེ་སློབ་རའི་མཚན་སྙན་ལ་འོད་ཟེར་སྦྱིན་པའི་སློབ་བུ་དག་ལ་སེམས་གཏིང་ནས་བཀའ་དྲིན་ཞུ། འབད་འབུངས་རྒྱུན་སྐྱོང་། ལྷག་བསམ་སྦྱིན་གཏོང་གིས་སློབ་གསོའི་བྱ་བར་ཤུགས་སྣོན་བྱས་པའི་དགེ་རྒན་རྣམ་པར་སྙིང་ཁོངས་ནས་གུས་འདུད་ཞུ། དེ་མིན་ཏག་ཏག་དུས་འདིར་རང་སློབ་གྲྭར་ཞུགས་པའི་དགེ་སློབ་གསར་བ་དག་ལ་སྙིང་ཉེ་བའི་མཚམས་འདྲི་དང་བཀྲ་ཤིས་སྨོན་འདུན་ཞུ། 
དགེ་རྒན་རྣམ་པ། སློབ་བུ་རྣམ་པ། སློབ་སྐབས་གསར་བ ལས་འགོ་གསར་བར། ཐོན་འོངས་པ་ནི་འགྲན་སློང་གསར་བ་ཡིན་ལ། དེ་བས་ཀྱང་རེ་བ་ཕུགས་བསམ་གསར་བ་ཡིན། ང་ཚོས་བྲེལ་འཚུབ་དང་འགྲན་རྒོལ་རང་བཞིན་ཅན་གྱི་སློབ་སྦྱོང་དང་བྱ་བར་ཁ་གཏད་ཚེ། ང་ཚོའི་དགེ་རྒན་རེ་དང་སློབ་བ་ཡོད་ཚད་ལམ་སྣེ་གསར་བ་རུ་འགྲེང་སྟེ་ནན་ཏན་སྒོས་རང་ལ་བཤེར་ཞིབ་བྱས་ཤིང་། ལུས་སེམས་ཧྲིལ་བོའི་ངར་ཤུགས་དྲོན་མོ་དེ་སློབ་སྐབས་གསར་བའི་བྱ་བ་དང་སློབ་སྦྱོང་ཐད་དུ་དྲངས་ཏེ། རང་གི་དམིགས་འབེན་གསར་བ་མངོན་འགྱུར་བྱེད་པར་འབད་ཅིང་བརྩོན་དགོས། དེ་རིང་གི་དར་སྒྲེང་མཛད་སྒོ་བརྒྱུད་ནས་སློབ་གྲྭ་གཤམ་ནས་རེ་བ་འགའ་བསྒྲགས་རྒྱུ་ཡོད་དེ།
1.རེ་བ་ཞིག་ནི་དགེ་རྒན་ཡོངས་ཀྱིས་ཤེས་ཡོན་གྱིས་བླ་ན་མཐོ་བ ཡང་དག་གིས་དཔེ་རུ་འགྱིང་བ མཁྱེན་ཡང་གིས་བརྟན་ཞིང་བརླིང་བར་བྱ་བ་ནམ་ཡང་ཡིད་ལ་འཛིན་དགོས། སེམས་གཏིང་གི་རེ་བ་ཞིག་ནི་དགེ་རྒན་ཡོངས་ཀྱིས་དཔལ་ཡོན་གྱི་ཕྱི་ཚུལ་གྱིས་སློབ་བུར་ཤན་ཤུགས་བཟོས་ཤིང་། བྱམས་བརྩེའི་ཉམས་ཀྱིས་སློབ་བུར་འབྲེལ་སྦྱོར་བྱས་ཤིང་། བླ་མེད་ཀྱི་མི་གཤིས་ཀྱིས་སློབ་བུར་ཤན་ཤུགས་བཟོ་དགོས། དཀྱེལ་སྒམ་གྱི་སེམས་པས་སློབ་བུར་བདག་སྐྱོང་བྱས་ཤིང་། ཕུན་སུམ་ཚོགས་པའི་ཤེས་བྱས་སྣེ་སྟོན་གང་ལེགས་བྱ་དགོས། མཚུངས་སུ། དགེ་རྒན་རྣམ་པས་སློབ་གཞི་བཅོས་བསྒྱུར་གསར་བའི་ཁྲོད་དུ་མུ་མཐུད་ནས་རྟུལ་ཕོད་དང་གསོན་ཤུགས་སྤེལ་ཞིང་། དུས་དང་མཉམ་བསྐྱོད། འབད་བརྩོན་སློབ་སྦྱོང་། རྣལ་སེམས་ཞིབ་འཇུག་གིས་མི་འགྱངས་བར་སློབ་གསོར་བྱང་རྩལ་ཆེ་བའི་ཆེད་མཁས་སུ་གྱུར་བ་དང་། སློབ་བུ་དགའ་ཞིང་། ཁྱིམ་བདག་དུང་བ།  ལས་གྲོགས་དད་པའི་ཕུལ་བྱུང་དགེ་རྒན་དུ་གྱུར་ཞིང་།  ང་ཚོའི་རླབས་ཆེན་ལས་རིགས་ཀྱི་རང་བཞིན་དང་ངོ་བོ་གཅིག་འདྲེས་དགོས།
2.སློབ་བུ་དག་ལ་མཚོན་ན།   ལས་འགོ་ལེགས་པོ་ནི་རྒྱལ་ཁའི་ཕྱེད་ཀ་ཡིན་པས། རྒྱལ་ཁར་བསྐྱོད་པར་གལ་ཆེ་བའི་གོམ་པ་ཞིག་ཡིན། བརྩེ་བའི་སློབ་གྲོགས་རྣམ་པ། སློབ་ར་འདིར་ཞུགས་ཚེ། ཁྱེད་ནི་མཐུན་སྒྲིལ་དང་མཛའ་བརྩེ་རུ་ཞུགས་ཤིང་། འགྲན་རྩོད་དང་ཧུར་བརྩོན་ལའང་ཞུགས་པ་རེད། ཡིད་ཆེས་ཡོད་པ་ཞིག་ནི་ང་ཚོའི་མི་ལྡོག་བརྟན་པའི་བརྩོན་པ་དང་ཧུར་ཐག་གིས་མཐར་མཇུག་གི་དགའ་སྤྲོ་དང་ཐོན་འབྲས་དེ་ལེན་ཐུབ་ངེས། དེ་ཡང་ཞལ་གདམས་ཤིག་ཡོད་པ་ནི། རང་ལ་ཡིད་ཆེས་ཡོད་པའི་མི་ཞིག་གིས། གྱི་ན་བའི་བྱ་བའང་རླབས་ཆེན་དུ་བཟོ་ངེས་ལ། ཕལ་བ་ཞིག་ཀྱང་མཆོག་གྱུར་ཞིག་ཏུ་བསྒྱུར་ངེས། དེ་བས་ཁྱོད་ཀྱིས་ཡིད་ཆེས་དེ་གྲུ་ཁེམ་བྱས་ཤིང་། རྒྱུན་འཁྱོངས་དེ་གཡོར་མོ་བྱས་ཏེ། ཤེས་རིག་གི་གྲུ་གཟིངས་ལ་ཁ་ལོ་བསྒྱུར་ཞིང་། དགེ་རྒན་གྱི་མཛུབ་སྟོན་འོག་རྒྱལ་ཁའི་ཕ་འགྲམ་ལ་བགྲོད་ཅིག བརྒྱུད་རིམ་དེ་རུ། སློབ་རིམ་རྣམས་ཀྱིས་ནན་ཏན་སྒོས་ཆུང་འབྲིང་སློབ་མའི་ཉིན་རྒྱུན་བསམ་སྦྱོར་ཚད་གཞི་བརྩི་སྲུང་བྱས་ཤིང་། སློབ་གྲྭའི་སྒྲིག་ལམ་ལེགས་བརྩི་སྒོས།  དུས་འཕྱི་དང་སྔ་བྱོལ་མེད་པར། སློབ་སྦྱོང་དེ་དངོས་ནས་ལས་ཀ་དང་བོར་བརྩི་བའི་སློབ་བུ་ཞིག་བྱ་རྒྱུ་དང་། སློབ་གྲྭའི་ལ་རྒྱ་དང་གཟི་བརྗིད་དུ་བརྩི་རུང་བའི་སློབ་བུ་ཕུལ་བྱུང་ཞིག་བྱ་དགོས།
ད་་དུང་བརྗོད་རྒྱུ་ཞིག་ནི། ང་ཚོས་དེ་བས་ཀྱང་ཧུར་ཐག་བྱ་དགོས་ཞེས་པའི་ཚིག་འདི། ངས་བློ་རིག་རྒོད་པོ་མ་ཡལ་ཞིང་ཕུགས་བསམ་དྲོན་མོ་མ་ཉམས་ཡང། བརྩོན་སེམས་དང་འདུན་མ་ཞན་པ་དག་ལ་གདམས་པ་ཡིན།  མི་ནི་ནམ་ཡང་གཞན་གྱི་རྒྱལ་ཁར་ཡིད་སྨོན་བྱེད་ཅིང་དུངས། དོན་དངོས་སུ། མི་སྣ་མིང་གྲགས་ཀྱི་རྒྱལ་ཁ་ཡང་སྟབས་བདེ་ཞིག་སྟེ།གཞན་ལས་ལྷག་པའི་བརྩོན་པ་ཅུང་ཙམ་བསྐྱེད་པ་དེས་རེད། རེ་བ་ཞིག་ནི་སློབ་བུ་དག་གིས་ནན་ཏན་གྱིས་རང་གི་ཕུགས་བསམ་དང་དགའ་ཕྱོགས་སྔོག་འདོན་བྱས་ཤིང་། བརྩོན་སེམས་ལྷོད་མེད་ཀྱིས་འཕེལ་རྒྱས་སུ་བསྙེགས་ཤིང་། རང་ཉིད་ཀྱི་ཉིན་རེ་ནི་ཉིན་རེ་བཞིན་ལེགས་ཤིང་། ལེགས་འགྲུབ་དེ་ཆེས་བཟང་བའི་རང་ཉིད་དུ་བསྐྲུན་དགོས། དེའི་ཕྱིར། དེ་ད་ལྟ་ནས་བཟུང་། ཁྱེད་ཚོས་ངེས་པར་དུ་ཆུང་འབྲིང་སློབ་མའི་སྲུང་བྱ། དང་ཆུང་འབྲིང་སློབ་མའི་ཉིན་རྒྱུན་བསམ་སྦྱོར་ཚད་གཞི་དམིགས་གཞི་བྱས་ཤིང་། རང་ལ་རེ་བ་ནན་ཏན་བྱས་ཤིང་། གྲོགས་ལ་མཐུན་ཞིང་། དྲང་བདེན་སྐྱོང་། དཔལ་ཡོན་སྲུང་། དགེ་རྒན་ལ་བརྩིས་ཤིང་བཀུར་ལ། འཛིན་གྲྭར་དོ་ཁུར་བྱས་ཤིང་བརྩེ་བ་དང་། ལྷག་བསམ་དགོས། ང་ཚོ་ཀུན་ལ་དབང་བའི་སློབ་གྲྭ་འདིར་། ང་ཚོ་སློབ་གྲོགས་མི་རེ་ནས་བྱ་ལས་ཕྲན་ཚེགས་ནས་འགོ་བརྩམས་ཏེ། འདི་ཉིད་རིག་གནས་ཀྱི་གནས་མལ་ཞིག་དང་སློབ་སྦྱོང་གི་ལྡིང་ཀ་ཞིག་ཏུ་བཟོ་དགོས། དཔལ་ཡོན་གོམས་བྱང་འདུ་ཤེས་བསྐྱེད་བསྲིང་གིས་གང་སར་ཕུལ་ཏུ་བྱུང་བའི་སྙིང་སྟོབས་མངོན་པར་བྱ་དགོས། ད་དུང་། སློབ་རའི་སློབ་བུ་རེ་རེ་ཡང་སྤྱང་གྲུང་ལྡན་པ། དཔལ་ཡོན་སྒྲིག་བརྩི། སེམས་ཁམས་བདེ་ཐང་། ལུས་ཕུང་བརྟན་བརླིང་ཡིན་པའི་ཕྱོགས་ཀུན་བཟང་བའི་སློབ་བུ་ཞིག་ཏུ་འགྱུར་བར་སྨོན། 
དགེ་རྒན་དང་སློབ་གྲོགས་རྣམ་པ།   སློབ་འགོ་རྩོམ་པའི་ཅོང་བརྡ་བསྒྲགས་བྱུང་། དེ་ནི་མདུན་བསྐྱོད་ཀྱི་རྭ་དུང་བུས་པ་དང་འདྲ་བར། གང་སར་རེ་བའི་འབྲས་བུ་གཏོར། སྔོན་ཞིག་མཁས་དབང་གི་གསུང་རྒྱུར། གནམ་རྒན་མས་ང་ཚོར་གཤོག་པ་ཞིག་མ་བསྩལ་ཡང་། ང་ཚོར་འཕུར་རྐྱེན་པའི་སེམས་པ་ཞིག་དང་། རྨི་ལམ་འཆར་ཡན་ནུས་པའི་ཀླད་པ་ཞིག་སྦྱིན་ཡོད་ཟེར། ང་ཚོའི་མི་ཚེ་ཡི་ལོ་རེ་དང་། ཟླ་རེ། གཟའ་རེ། ཉིན་རེ། སྐར་རེ་དང་སྐར་ཆ་རེ་ནི་ནམ་ཡང་བསྐྱར་བ་མེད་པའི་གཅིག་པུ་ཞིག་ཡིན། དངོས་ནས་རེ་བ་ཞིག་ནི།  ཚང་མས་རང་ཉིད་ཀྱི་མཚར་སྡུག་རེ་རེ་ཡིས་དུས་ཡུན་གཅིག་རྐྱང་དེ་ལེགས་པར་སྤྲས་ཤིང་། ང་ཚོ་ཐུན་མོང་གིས་མཛེས་ཤིང་འཆམ་མཐུན་གྱི་རང་སློབ་རའི་མ་འོངས་པ་དེ་འབྲི་རྩོམ་བྱ་དགོས།
 མཇུག་མཐར། དགེ་རྒན་རྣམ་པའི་བྱ་བ་ལམ་འགྲོ་ཡོང་ཞིང་། ཅི་བསམ་ལྷུན་འགྲྭབ་བྱུང་ཞིང་། སློབ་བུ་དག་གི་བསླབས་པར་འབྲས་བུ་ཐོག་ཅིང་། ཉིན་རེར་ཡར་ཐོན་ཡོང་བར་སྨོན། 
                       བཀའ་དྲིན་ཆེ།
                                                              2012-09-03