中  文
2015་ལོའི་སློབ་ཁྲིད་དོ་དམ་ཁང་གི་བྱ་བའི་འཆར་གཞི་དང་ལག་བསྟར་བཀོད་སྒྲིག
སྤེལ་དུས།  2014-09-05 09:28:46    རྡེབ་ཚད། 

 2014ལོ་ནས་2015་ལོའི་སློབ་སྐབས་དང་བོའི་སློབ་ཁྲིད་དོ་དམ་ཁང་གི་བྱ་བའི་འཆར་གཞི།

དང་བོ། དགོངས་གཞི་དང་བྱ་བའི་དམིགས་འབེན།
མཚོ་ལྷོ་ཁུལ་སློབ་གསོ་སྤུས་ཚད་མཐོར་འདེགས་བྱ་འགུལ་གྱི་ཇུས་གཞི་དང་། རྫོང་སློབ་གསོ་སློབ་ཁྲིད་མཐོར་འདེགས་བྱ་བའི་བྱ་ལས་15་ཞེས་པའི་ཡིག་ཆའི་འབོད་སྐུལ་དང་། མཚོ་ལྷོ་ཁུལ་སློབ་གྲྭའི་ཆགས་ཚུལ་སྡེབ་སྒྲིག་གི་འབྲེལ་ཡོད་སྲིད་ཇུས་དང་ཕྱོགས་ཡོངས་ནས་སློབ་གསོའི་སྲིད་ཇུས་ལག་བསྟར་བྱེད་པ་དང་། བསླབ་ཁག་སོ་སོའི་སྤུས་ཚད་སློབ་ཚད་སློབ་གསོ་གཙིགས་འཛིན་སྒོས། དོ་དམ་ལ་རྒྱུ་སྤུས་ཡོད་རྒྱུ་དང་། སློབ་དཔྱོད་དང་སློབ་གསོ་བཅོས་བསྒྱུར་ལ་ཕན་ནུས་ཡོད་ཅིང་གསར་གཏོད་འབྲས་བུ་ཡོད་རྒྱུར་དམིགས་ཤིང་། ནུས་ཤུགས་གང་ཡོད་ཀྱིས་སློབ་ཁྲིད་ལ་གོམ་གང་མདུན་སྤོས་སྒོས་ཚད་ལྡན་ཅན། ཚན་རིག་ཅན། དེང་རབས་རང་བཞིན་ལྡན་པར་བྱེད་རྒྱུ། མུ་མཐུད་ནས་དགེ་རྒན་དཔུང་སྡེ་འཛུགས་བསྐྲུན་དང་། ཐོན་ནུས་མཐོ་བའི་སློབ་ཐུན་ལེགས་སྤེལ་དང་དོ་དམ་བྱས་ཤིང་། དེང་རབས་སློབ་གསོའི་ཚན་རྩལ་ནུས་པ་བེད་སྤྱོད་དང་དེང་རབས་སློབ་གསོའི་ཚན་རིག་ཞིབ་འཇུག་འདུ་ཤེས་ལ་ཤུགས་སྣོན་བྱས་ཏེ། རང་སློབ་གྲྭའི་ཁྱད་ཆོས་དང་སློབ་གསོའི་ལེགས་ཆ་འདོན་སྤེལ་དང་། སློབ་གྲྭའི་རྒྱུད་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཤིང་། སློབ་གྲྭའི་སློབ་གསོ་འབྲས་བུ་ཡོངས་ནས་མཐོར་འདེགས་བྱས་ཏེ། འབྲིང་རྒྱུགས་ལ་ཁུལ་ཡོངས་ཀྱི་ཨང་དང་བོ་བརྩོན་ལེན་བྱས་པ་བརྒྱུད། སློབ་གྲྭའི་སློབ་གསོའི་སྤུས་ཚད་རིམ་པར་ཁུལ་ཡོངས་ཀྱི་མ་དཔེ་ལྟ་བུར་བྱེད་རྒྱུ།
གཉིས་པ། བྱ་ལས་གཙོ་པོ།
༡.ཐོག་མར་ནན་ཏན་སྒོས་མཚོ་ལྷོ་ཁུལ་སློབ་གསོ་བྱ་བའི་སྤུས་ཚད་མཐོར་འདེགས་ལོ་ཡི་ཇུས་གཞི་དང་རྫོང་སློབ་གསོ་ཁུལ་གྱིས་བསྒྲགས་པའི་སློབ་གསོ་སློབ་ཁྲིད་སྤུས་ཚད་གོང་སྤེལ་གྱི་ལས་དོན་15་སོགས་པར་སློབ་སྦྱོང་བྱས་ཤིང་རྟོགས་པར་བྱེད་པ།
༢.གོམ་གང་མདུན་སྤོས་སྒོས་སློབ་ཐུན་གྱི་སློབ་གསོ་དོ་དམ་ལ་ཤུགས་སྣོན་བྱས་ཤིང་། ཐོན་ནུས་མཐོ་བའི་སློབ་ཁྲིད་གཏིང་ཇེ་ཟབ་ཏུ་བཏང་སྟེ། དགེ་རྒན་གྱི་སྣེ་སྟོན་རང་བཞིན་དང་སློབ་བུའི་གཙོ་བོ་རང་བཞིན། བསྐྱར་སྦྱོང་ནི་གཙོ་འགན་གྱི་རྣམ་པའི་ནུས་པ་ལེགས་སྤེལ་བྱ་རྒྱུ།
3.གོམ་གང་མདུན་སྤོས་སྒོས་སློབ་གསོའི་དོ་དམ་དང་ལྟ་སྐུལ་ལ་ཤུགས་སྣོན་བྱེད་པ། ནན་ཏན་གྱིས་རྒྱུན་ལྡན་སློབ་གསོ་དང་བྱ་བའི་དོ་དམ་འཛིན་པ་དང་། དགེ་རྒན་གྱི་བྱ་ལས་རྟོག་ཞིབ་ལ་ཤུགས་སྣོན་བྱས་ཤིང་དུས་ལྟར་དགེ་རྒན་དག་གི་བྱ་བར་དཔྱད་འཇོག་བྱས་ཏེ་དགེ་རྒན་གྱི་ཀུན་སློང་ལ་སྐུལ་འདེད་བྱེད་པ།
༤ སློབ་དཔྱོད་དོ་དམ་ཚད་ལྡན་དུ་བསྒྱུར་རྒྱུ། ལོ་རིམ་ཚན་ཁག་སོ་སོས་སློབ་དཔྱོད་ཚོ་ཆུང་བཙུགས་ཤིང་། ཚན་གཙོ་ཞིབ་དཔྱོད་གཙོ་འགན་པ་བྱས་ཤིང་། བསླབ་ཚན་ཁག་གི་རྐང་འཛིན་དགེ་རྒན་སློབ་དཔྱོད་མི་སྣ་བྱས་ཤིང་། འཆར་གཞི་ལྡན་པར་དུས་ལྟར་སློབ་དཔྱོད་བྱ་བ་ནན་ཏན་གྱིས་སྒྲུབ་པ།
༥ སྒྲིག་ལམ་ལྟར་དུ་སློབ་ཁྲིད་ལ་ཞིབ་འཇུག སློབ་ཁྲིད་ལ་ཉན་དཔྱོད་བྱས་ཤིང་། སློབ་སྐབས་གཅིག་ལ་ཉུང་མཐའ་ཡང་དགེ་རྒན་རེ་ནས་སློབ་ཁྲིད་གཅིག་ཀུན་ལ་འགྲེམ་སྟོན་དང་འདེམ་དཔྱད་བྱེད་པའི་བྱ་བར་ཞུགས་རྒྱུ་དང་། སློབ་གྲྭས་འོས་འཚམས་བྱ་དགས་སྐུལ་འདེད་བྱེད་རྒྱུ།
༦ སྟོབས་ཤུགས་ཆེར་བསྐྱེད་ཀྱིས་སློབ་དཔྱོད་བྱ་འགུལ་སྣ་ཚོགས་སྤེལ་ཞིང་། སློབ་ཁྲིད་ལ་ཉན་དཔྱོད་བྱེད་པར་ཤུགས་སྣོན་བྱེད་རྒྱུ་སྟེ། དགེ་རྒན་རྙིང་བས་སློབ་སྐབས་གཅིག་ལ་སློབ་ཐུན་20་ལ་ཉན་དགོས་པ་དང་དགེ་རྒན་ན་གཞོན་དང་གསར་བས་སློབ་ཐུན་30་ལ་ཉན་ཏེ། སློབ་དཔྱོད་ཀྱི་མཁའ་དབུགས་ལེགས་པོ་བསྐྲུན་ཏེ་སློབ་གསོའི་ལས་ཕྱོད་དང་ཐོན་ནུས་མཐོར་འདེགས་བྱེད་དགོས།
༧་ རྒྱུགས་ལེན་པའི་བྱ་བའི་དོ་དམ་ལ་ཤུགས་སྣོན་བྱེད་པ། རྒྱུགས་ལེན་པ་དང་ལེ་ཚན་ནམ་ཟླ་རེའི་སྦྱངས་འབྲས་ཚོད་ཞིབ་ཀྱི་སྒྲིག་ལམ་འཐུས་ཚང་དུ་བཏང་སྟེ། རྒྱུགས་གཞི་དང་ཚོད་ཞིབ་ཀྱི་ལས་ཕྱོད་མཐོར་མདེགས་བྱེད་པ།
༨ སྔར་ལས་ལྷག་པར་སློབ་གསོའི་ཁྲོད་ཀྱི་ཕྱིར་གཞིགས་དང་གསར་གཏོད། མཐོར་འདེགས་གཙིགས་འཛིན་བྱས་ཏེ། དགེ་རྒན་ཀུན་གྱིས་སློབ་ཐུན་རེ་ལ་ཕྱིར་གཞིགས་དབྱེ་ཞིབ་དང་སློབ་དཀྱིལ་མཚམས་ཀྱི་བར་སྐབས་ཕྱིར་གཞིགས་དང་སློབ་མཇུག་གི་སྤྱི་སྡོམ་བྱ་བ་དམ་འཛིན་བྱེད་པ།
༩ སློབ་བུའི་གནས་བབ་དང་བསླབ་བྱའི་ནང་དོན་ལ་བསྟུན་ཏེ་གོ་རིམ་དང་དབྱེ་བ་ལྡན་པར་སློབ་ཁྲིད་དང་ཟུར་སྟོན་བྱས་ཏེ། རིགས་བགར་སྒོས་རིམ་པར་གོང་སྤེལ་གཏོང་རྒྱུ་དང་། མུ་མཐུད་ནས་ལེགས་པ་བསྐྱངས་ཤིང་། ཞན་པར་ཁ་གསབ་དང་ལེགས་བསྒྱུར་བྱེད་པའི་ཐབས་ལ་ཞིབ་འཇུག་བྱེད་པ།
༡༠ སྐད་བརྡ་བསླབ་ཁག་གི་སློབ་གསོའི་ཁྲོད་དུ་ཉན་པ། འབྲི་བ། ཀློག་པ། བཤད་པའི་བརྒྱུད་རིམ་དང་ཐོན་ནུས་གཙིགས་འཛིན་བྱེད་པ།
༡༡ སློབ་ཐུན་ཞོར་གྱི་སློབ་གསོ་དང་གོམ་བྱང་སློབ་གསོ། ཚོད་ལྟའི་སློབ་གསོ། བསླབ་ཁག་འགྲན་དཔྱོད་བྱ་འགུལ་གཏིང་ཟབ་པར་སྤེལ་ཏེ། སློབ་བུའི་བག་ལ་ཞ་བའི་ནུས་པ་དང་དགའ་ཕྱོགས། ཆེད་མཁས་སོགས་ཕྱོགས་ཡོངས་སྤུས་ཚད་འདོན་སྤེལ་བྱེད་པ།
༡༢ ཕན་ཚུན་འཕྲེད་བརྒྱུད་འབྲེལ་སྦྱོར་དང་ཕྱི་ཕྱོགས་འབྲེལ་འདྲིས་ལ་ཤུགས་སྣོན་བྱེད་པ། རྫོང་གཞན་དང་སྤུན་ཟླ་སློབ་གྲྭའི་བར་ཐབས་ལམ་སྣ་ཚོགས་དང་རིམ་པ་མང་བོའི་སྒོ་ནས་ལྟ་ཞིབ་དང་འབྲེལ་སྦྱོར་བྱས་ཏེ། ཕན་ཚུན་བསྡུར་དཔྱོད་ཀྱིས་སྙིགས་འདོར་བཅུད་ལེན་བྱེད་རྒྱུ་དང་། སློབ་དཔྱོད་གཙོ་འགན་པ་དང་རྐང་འཛིན་དགེ་རྒན་རྩ་འཛུགས་སྒོས་སློབ་གྲྭ་གཞན་དང་འབྲེལ་བ་བྱས་ཏེ་དེ་ལས་ལྷག་པའི་མཛུབ་སྟོན་བརྩོན་ལེན་བྱེད་པ།
༡༣ རྣམ་པ་སྣ་ཚོགས་སྒོས་སློབ་གསོའི་དབྱེ་ཞིབ་དང་ཞིབ་དཔྱོད་མྱོང་བ་བརྗེ་རེས་བྱས་ཏེ། གནད་དོན་བཙལ་ཞིང་དུས་ཐོག་ཏུ་ཐག་གཅོད་བྱེད་པར་འབད་རྒྱུ།
༡༤  སློབ་གྲྭ་གཞིར་བཟུང་གི་ཟབ་སྦྱོང་དང་རྒྱུད་མཐུད་སློབ་སྦྱོང་ལ་ཤུགས་སྣོན་བྱས་ཏེ། ན་གཞོན་དགེ་རྒན་གསོ་སྐྱོང་ལ་ཤུགས་སྣོན་བྱས་ཤིང་། བསླབ་ཁག་སྣེ་ཁྲིད་དགེ་རྒན་དང་རྐང་འཛིན་དགེ་རྒན་གྱི་འདེམ་དཔྱད། དོ་དམ་དང་བེད་སྤྱོད་ཀྱི་སྒྲིག་གཞི་འཐུས་ཚང་དུ་བཏང་སྟེ། ཞིང་ཆེན་དང་ཁུལ། རྫོང་དང་སློབ་གྲྭ་རིམ་པའི་རྐང་འཛིན་དགེ་རྒན་གྱི་ནུས་པ་ཡོངས་སྤེལ་བྱས་ཤིང་། རྒན་པས་གསར་བར་སྐུལ་ཞིང་རིམ་པར་ཕུལ་དགེ་རྒན་འབུར་དུ་ཐོན་པར་བྱས་ཤིང་། སྤུས་ཚད་བཟང་ཞིང་ཆེད་ནུས་ལེགས་པའི་དགེ་རྒན་དཔུང་སྡེ་འཛུགས་པར་བྱ་དགོས།
༡༥ རི་མོ་དང་རོལ་དབྱངས། རྩལ་སྦྱོང་སློབ་གསོའི་བྱ་བ་འཆར་གཞི་དང་གོ་རིམ་ལྡན་ལ། ལས་ཕྱོད་ཆེ་བར་ཤུགས་སྣོན་བྱས་ཤིང་། སློབ་ཕྱིའི་མོས་མཐུན་ཚན་ཆུང་གི་བྱ་འགུལ་ལེགས་པོར་སྤེལ་རྒྱུ།
༡༦  མུ་མཐུད་ནས་སློབ་གྲྭའི་ཆ་འཕྲིན་སློབ་གསོ་རམ་འདེགས་རང་བཞིན་དང་ཆ་འཕྲིན་སློབ་གསོའི་བྱ་བ་གོང་སྤེལ་བྱས་ཤིང་། སློབ་རའི་བརྡ་འཕྲིན་ཁོར་ཡུག་ནས་སློབ་བུའི་ཆ་འཕྲིན་འདུ་ཤེས་དང་འབྱུང་སྤུས་གོང་སྤེལ་རོགས་འདེགས་བྱེད་དགོས།
༡༧ མདོར་ན་ཧུར་བརྩོན། མཉམ་འབྲེལ། འཚོལ་རྟོག གསར་གཏོད་ཀྱི་སྙིང་སྟོབས་ཀྱིས་རང་སློབ་གྲྭའི་ཐུན་མོང་མིན་པའི་ཁྱད་ཆོས་མངོན་སྤེལ་བྱས་ཏེ་སློབ་གསོའི་བྱ་བ་གོང་འཕེལ་གཏོང་དགོས། 
 
         སློབ་ཁྲིད་དོ་དམ་ཁང་གི་བྱ་བའི་འཆར་གཞི་དང་ལག་བསྟར་བཀོད་སྒྲིག  2015-03-01
 
ཟླ་བ
གོ་རིམ
བྱ་བའི་བཀོད་སྒྲིག
ཉི་མའི་གོ་རིམ
དུས་ཡུན
འགན་ཁུར་བ
ཟླ་བ་གསུམ་པ
1
འཛིན་གྲྭ་སོ་སོས་མིང་ཐོ་འགོད་པ སློབ་ཞུགས་སློབ་གསོ་སྤེལ་ཞིང་། གནང་སྐབས་ལས་བྱ་དང་སློབ་བུའི་གཟུགས་བྱད་གྱོན་ཆས་ལ་ལྟ་རྟོག་བྱེད་པ
ཉིན1-ཉིན5
5
ལོ་རིམ་དང་འཛིན་བདག
2
སློབ་ཁྲིད་བྱ་བའི་བགོ་འགྲེམས་དང་སློབ་ཐུན་བཀོད་སྒྲིག
ཉིན6ཉིན7
2
སློབ་དོན་ཁང
3
འཛིན་བདག་གི་བགྲོ་གླེང་ཚོགས་འདུ་སྤེལ་རྒྱུ
ཉིན་8
1
སློབ་དོན་ཁང་ཚན་གཙོ
4
བསླབ་ཁག་སོ་སོའི་འཆར་གཞི་དང་སློབ་དཔྱོད་འཆར་གཞི་གཏན་འཁེལ
ཉིན9—10
2
སློབ་དོན་ཁང ཁྲིད་སྟོན་པ
5
བསླབ་ཁག་དམིགས་ཚད་བགྲོ་གླེང དཀའ་ཁག་ཆེ་བའི་སློབ་མའི་ལེགས་སྒྱུར་ཐབས་ཇུས་ཞིབ་འཇུག
ཉིན11
1
སློབ་དོན་ཁང་
6
ཁྲིད་གཞི་ཚད་ལྡན སློབ་ཁྲིད་སྣེ་སྟོན་ལེགས་སྒྱུར སློབ་སྦྱོང་དམིགས་ཚད་སློབ་སྦྱོང
ཉིན12
1
སློབ་དོན་ཁང་ཚན་གཙོ
7
འགན་ལེན་གན་རྒྱར་མིང་རྟགས་འགོད་པ་དང་རྩལ་སྦྱོང་སློབ་ཐུན་སྤེལ་བའི་གནས་ཚུལ་ལ་རྟོག་དཔྱོད་བྱེད་པ
ཉིན13
1
སློབ་དོན་ཁང ཁྲིད་སྟོན་པ
8
དགེ་རྒན་གྱི་ལས་རིགས་སློབ་སྦྱོང་དང་དགེ་རྒན་གསར་བའི་སློབ་ཁྲིད་ལ་ཉན་པ
ཉིན14-18
5
བསླབ་ཁག་འགན་ཁུར་བ་དང་དགེ་རྒན
9
སྤྱི་སྐད་ཁྱབ་གདལ་དང་སློབ་རའི་སྙན་ངག་གྱེར་འདོན་དཔྱད་སྡུར་བྱ་འགུལ
ཉིན19—21
4
སློབ་དོན་ཁང་
10
ཟླ་མཇུག་རྒྱུགས་ལེན་བྱ་བ་ལེགས་སྤེལ་དང་ཟླ་འདིའི་སློབ་གསོའི་བསམ་གཞིགསའབྲི་
ཉིན22—23
2
སློབ་དོན་ཁང་
11
དགེ་རྒན་གྱི་ལས་ཞུགས་གནས་ཚུལ་སྤྱི་སྡོམ
ཉིན24
1
སློབ་དོན་ཁང་
 
 
 
 
 
 
ཟླ་བ་བཞི་བ
1
ཟླ་10བའི་བྱ་བ་དང་སློབ་བུའི་དོ་དམ་འཆར་གཞི་འཐེན་པ
ཉིན5
ཉིན1
བསླབ་ཁག འཛིན་བདག
2
བསླབ་ཁག་སོ་སོའི་ཁྲིད་གཞི ལས་ཁ ཁྲིད་ཉན དཔྱད་ཞིབ་ལ་ལྟ་ཞིབ་བྱེད་པ
ཉིན6
ཉིན3
སློབ་དོན་ཁང་
3
ལས་ཕྱོད་ཆེ་བའི་སློབ་ཁྲིད་ཀྱི་བྱ་འགུལ་སྤེལ་རྒྱུ
ཉིན7
ཉིན1
སློབ་དོན་ཁང་
4
རྐང་འཛིན་དགེ་རྒན་གྱི་ཁྲིད་ཉན་ དཔྱད་པ བརྗོད་པར་གདེང་འཇོག་བྱེད་པ
ཉིན8-16
ཉིན8
སློབ་དོན་ཁང་ཚན་གཙོ
5
རྩོམ་རིག་སློབ་ཁྲིད་ཀྱི་ཁྲིད་སྟོན་ཇུས་གཞི་ལག་བསྟར ཆ་འཕྲིན་དང་སློབ་ཁྲིད་ལེགས་སྡེབ་བྱེད་པའི་བྱ་འགུལ
ཉིན19-22
ཉིན4
སློབ་དོན་ཁང་
6
དབྱངས་རྩལ་མཛེས་རིས་དང་ཆ་འཕྲིན་གྱི་མོས་མཐུན་ཚོགས་པའི་བྱ་འགུལ་
ཉིན23
ཉིན1
སློབ་དོན་ཁང་
7
འཛིན་བདག་བགྲོ་གླེང་ཚོགས་འདུ འཛིན་གྲྭ་སོ་སོའི་ཆེད་དོན་ཚོགས་འདུ
ཉིན24
ཉིན1
ལོ་རིམ་ཚན་གཙོ འཛིན་བདག
8
དཀྱིལ་རྒྱུགས་བྱ་བའི་བཀོད་སྒྲིག་དང་ལག་བསྟར།
ཉིན25-27
ཉིན3
སློབ་དོན་ཁང་
 
 
 
 
 
 
ཟླ་བ་ལྔ་བ
1
རྐང་འཛིན་དགེ་རྒན་འདེམ་བསྐོ ཟླ་10བའི་བྱ་བའི་ཞིབ་བཤེར།
ཉིན7--9
ཉིན2
སློབ་དོན་ཁང་
2
འཛིན་བདག་དོ་དོམ་བྱ་བའི་ཚོགས་འདུ དཔལ་ཡོན་ལྟ་རྟོག་སྟེགས་བུ་ལག་བསྟར
ཉིན10--11
ཉིན2
སློབ་དོན་ཁང་
3
སློབ་གྲྭ་ཡོངས་ཀྱི་དགེ་སློབ་རི་མོའི་བརྩམས་ཆོས་འགྲེམ་སྟོན
ཉིན12
ཉིན1
སངས་རྒྱས་འབུམ
4
བཟང་སྐྱོང་ཞན་གསབ་ལག་བསྟར་ལ་ཞིབ་བཤེར། སློབ་ཚན་སྣ་གཅིག་མི་འདྲ་བར་ཁྲིད་པའི་བྱ་འགུལ
ཉིན13—17
ཉིན5
སློབ་དོན་ཁང་
5
 ཅི་ལྟར་ལས་ཕྱོད་ཆེ་བའི་སློབ་ཁྲིད་སྤེལ་བའི་སྐོར་གྱི་ཆེད་དོན་ཞིབ་འཇུག་བྱེད་པ
ཉིན18
ཉིན1
སློབ་དོན་ཁང་
6
ཕྱོད་ཆེའི་སློབ་ཐུན་གདེང་འཇོག བོད་སྐད་སྙན་ངག་གྱེར་འདོན
ཉིན19--22
ཉིན4
སློབ་དོན་ཁང་
7
ལོ་རིམ་ཁག་གི་ཚགས་པར་རྩོམ་སྒྲིག རང་དགར་ཕྱོད་ཆེའི་སློབ་ཁྲིད་ལ་ཉན་པ
ཉིན23-25
ཉིན3
ཆ་འཕྲིན་ཚན་ཁག
8
འཛིན་བདག་བྱ་བའི་ཉམས་མྱོང་བརྗེ་རེས་ཚོགས་འདུ་དང་ལས་བྱ་འགྲེམ་སྟོན
ཉིན26
ཉིན1
སློབ་དོན་ཁང་ཚན་གཙོ
9
ཟླ་11པའི་རྒྱུགས་བླངས་པའི་གནས་ཚུལ་སྤྱི་སྡོམ་བྱེད་པ
ཉིན27—28
ཉིན2
སློབ་དོན་ཁང་
10
ཟླ་11པའི་རྒྱུགས་གཞི་སྤྱི་སྡོམ་དང་སྤྱི་སྡོམ ཟླ་12པའི་འཆར་གཞི་གཏན་འབེབས
ཉིན29
ཉིན1
སློབ་དོན་ཁང་
 
 
 
 
 
 
ཟླ་བ་དྲུག་པ
1
ཟླ 11པའི་བྱ་བའི་སྤྱི་སྡོམ་དང་ ཟླ་12་པའི་བྱ་བའི་འཆར་གཞི་འགོད་པ
ཉིན8
ཉིན1
སློབ་དོན་ཁང་
2
རྫོང་གི་བཀོད་སྒྲིག་བཞིན་གང་དགར་སློབ་ཁྲིད་ལ་ཉན་དཔྱོད་བྱེད་པ
ཉིན9
ཉིན1
སློབ་དོན་ཁང་
3
རྐང་འཛིན་དགེ་རྒན་ཡིག་ཚགས་བསྡུ་སྒྲིག གན་རྒྱར་ཡིག་མཆན་འགོད་པ
ཉིན10
ཉིན1
སློབ་དོན་ཁང་
4
རྐང་འཛིན་དགེ་རྒན་གྱི་ཕྱོད་ཆེའི་སློབ་ཁྲིད་དཔྱད་འཇོག་དང་ལག་བསྟར
ཉིན11—15
ཉིན5
སློབ་དོན་ཁང་
5
བཟང་སྐྱོང་ཞན་གསབ་ལག་བསྟར། དཔལ་ཡོན་ལྟ་རྟོག་སྟེགས་བུའི་བཀོད་སྒྲིག
ཉིན16
ཉིན1
སློབ་དོན་ཁང་ཚན་གཙོ
6
བསླབ་ཁག་སོ་སོའི་ལས་བྱ་འགྲེམ་སྟོན དགེ་རྒན་གྱི་ཀུན་སྤྱོད་རང་བཞིན་དཔྱད་ཞིབ
ཉིན17
ཉིན1
བསླབ་ཁག་ཚན་ཆུང་
7
རྗེས་སྙེག་ཁྲིད་ཉན་ ཀློག་དཔྱོད་བྱ་བ་སྤེལ་རྒྱུ བསླབ་ཁག་དམིགས་ཚད་དབྱེ་ཞིབ
ཉིན18--21
ཉིན4
སློབ་དོན་ཁང་
8
ཅི་ལྟར་ལས་བྱ་ལེགས་བསྒོ་ཞེས་བ་གཙོ་ཡིན་པའི་བྱ་བར་དཔྱད་ཞིབ
ཉིན22
ཉིན1
སློབ་དོན་ཁང་
9
རྒྱང་སྒྲོག་ལུས་རྩལ་དཔྱད་ཞིབ་དང་སྡུར་དཔྱོད
ཉིན23
ཉིན1
དབྱངས་རྩལ་མཛེས་ཚན་པ
10
སློབ་དཔྱོད་ཁང་ནས་སྣ་མང་ཤེས་བྱའི་ལན་འདེབས་བྱ་འགུལ
ཉིན24
ཉིན1
བསླབ་ཁག་ཚན་ཆུང་
11
ཁྲིད་གཞི་ལེགས་སྒྲིག    སློབ་རའི་ཚགས་པར་རྩོམ་སྒྲིག
ཉིན25--27
ཉིན3
ཆ་འཕྲིན་དགེ་རྒན
12
མཇུག་རྒྱུགས་བྱ་བ་བཀོད་སྒྲིག  སློབ་མཇུག་སྤྱི་སྡོམ   ལོ་གསར་བསུ་སྟོན།
ཉིན28--29
ཉིན2
སློབ་དོན་ཁང་
ཟླ་བ་བདུན་པ
1
བསླབ་ཁག་སོ་སོས་བསྐྱར་སྦྱོང་བྱས་ཤིང་ སློབ་མཇུག་བྱ་བའི་ཕྱིར་གཞིགས་ཟིན་ཐོ་དང་སྤྱི་སྡོམ་བྱེད་པ
ཉིན8—11
ཉིན4
སློབ་དོན་ཁང་
2
སློབ་མཇུག་བྱ་བའི་སྤྱི་སྡོམ སྐབས་རྗེས་མའི་བྱ་བའི་འཆར་འགོད་བྱ་བ
ཉིན12
ཉིན1
དབྱངས་རྩལ་མཛེས་ཚན་པ
3
རྒྱུགས་ཤོག་གྲ་སྒྲིག་བྱས་ཤིང   རྒྱུགས་ལེན་པ་དང་སྤྱི་སྡོམ་བྱེད་པ
ཉིན13
ཉིན1
སློབ་དོན་ཁང་
4
གནང་སྐབས་དགེ་རྒན་ཟབ་སྦྱོང་བྱ་བ་བཀོད་སྒྲིག་བྱེད་པ།
ཉིན14
ཉིན1
སློབ་དོན་ཁང་
སློབ་ཁྲིད་དོ་དམ་ཁང་།
                                             2015ལོའི་ཟླ3ཚེས1

 

པར་ལྡན་འོས་སྦྱོར།