中  文
༄༅།། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་ཁྲིད་དོ་དམ་ཁང་གི་བྱ་བའི་ཁ་ཕྱོགས་དང་ལག་བསྟར་གོ་རིམ་ངོ་སྤྲོད།
སྤེལ་དུས།  2013-11-20 15:00:07    རྡེབ་ཚད། 

 ༄༅།།ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་ཁྲིད་དོ་དམ་ཁང་གི་བྱ་བའི་ཁ་ཕྱོགས་དང་ལག་བསྟར་གོ་རིམ་ངོ་སྤྲོད།

སློབ་ཁྲིད་ནི་སློབ་གྲྭའི་བྱ་བའི་སྲོག་ཤིང་ཡིན་ལ། སྤུས་ཚད་སློབ་གསོ་ལག་བསྟར་བྱེད་པ་དང་སློབ་གསོའི་དམིགས་ཡུལ་མངོན་འགྱུར་བྱེད་པའི་རྩ་བའི་ཐབས་ལམ་ཞིག་ཀྱང་ཡིན། སློབ་གྲྭས་ཡང་དག་པའི་སློབ་གསོའི་བསམ་བློའི་མཛུབ་སྟོན་དང་གོང་རིམ་གྱི་འབྲེལ་ཡོད་ཡིག་ཆ་གཞིར་བྱས་ཏེ་སློབ་གྲྭའི་གནས་ཚུལ་དངོས་དང་བསྟུན་ནས་སློབ་གསོའི་དོ་དམ་གྱི་བླང་བྱ་དང་དམིགས་འབེན་གཏན་འབེབས་བྱས་ཏེ།   སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏོང་དགོས། 
དང་པོ།རང་སློབ་གྲྭའི་སློབ་ཁྲིད་དོ་དམ་ཁག་གི་བྱ་བ་བཀོད་སྒྲིག་ཐད་རགས་ཙམ་ངོ་སྤྲོད་བྱེད་པ།   
གཅིགསློབ་ཆུང་རིམ་པའི་དགེ་རྒན་སྤྱི་བསྡོམས་པས་དགུ་བཅུ་གོ་དགུ་ཡོད་ལ། བློ་ ལྡན་གླིང་ལ་བོད་ཡིག་ཆེད་ལས་དགེ་རྒན་12དང་། རྒྱ་ཡིག་ཆེད་ལས་དགེ་རྒན10 རྩིས་རིག་ཆེད་ལས་དགེ་རྒན7ཡོད།ཤེས་རབ་གླིང་ལ་བོད་ཡིག་ཆེད་ལས་དགེ་རྒན20དང་། རྒྱ་ཡིག་ཆེད་ལས་དགེ་རྒན12  རྩིས་རིག་ཆེད་ལས་དགེ་རྒན14 དབྱིན་ཡིག་ཆེད་ལས་དགེ་རྒན 5   རྩལ་སྦྱང་དང་རི་མོ་རོལ་དབྱངས་ལ་དགེ་རྒན་14ཡོད། སློབ་ཆུང་རིམ་པར་སློབ་མ་བསྡོམས་པའི་1481ཡོད། 
བརྩོན་འགྲུས་གླིང་ལ་ཆེད་ལས་དགེ་རྒན99ཡོད་ལ།དེའི་ནང་ཞིབ་འཇུག་ཐོབ་ཐང་ ཅན་གྱི་དགེ་རྒན8དང་དངོས་གཞི་ཐོབ་ཐང་ཅན་གྱི་དགེ་རྒན91ཡོད་།འཛིན་གྲྭ་ཉེར་བདུན་དང་སློབ་མ་བསྡོམས་པའི1262ཡོད།
   བསླབ་ཚན་བཀོད་སྒྲིག་ལ་སློབ་ཆུང་རིམ་པར་ལོ་རིམ་དང་པོ་ནས་གསུམ་པའི་བར་དུ་བོད་ཡིག་རྒྱ་ཡིག   རྩིས་རིག རི་མོ།གླུ་དབྱངས།རྩལ་སྦྱང་། བདེ་ཐང་། བསམ་བློ་ཀུན་སྤྱོད་བཅསབསླབ་ཁག8ཡོད་ལ། ལོ་རིམ་བཞི་བ་ནས་དྲུག་པའི་བར་བོད་ཡིག་དང་རྒྱ་ཡིག   རྩིས་རིག དབྱིན་ཡིགབདེ་ཐང་མཛུབ་སྟོན།བསམ་བློ་ཀུན་སྤྱོད།ཚན་རིགཆ་འཕྲིན། རི་མོ།གླུ་དབྱངས།རྩལ་སྦྱང་བཅས་བསླབ་ཚན11ཡོད།
དམའ་འབྲིང་རིམ་པར་བོད་རྒྱ་དབྱིན་གསུམ་དང་རྩིས་དངོས་རྫས་གསུམ།ལོ་རྒྱུས།ས་རྒྱུས།ཆབ་སྲིད། སྐྱེས་དངོས་སོགས་རྨང་གཞིའི་བསླབ་ཚན10ཡོད་ལ།བདེ་ཐང་།ཆ་ འཕྲིན།གཅེས་པའི་མཚོ་སྔོན་སོགས་རྒྱ་བསྐྱེད་ཀྱི་བསླབ་ཚན3 དངོས་ལུགས།   རྫས་འགྱུར།སྐྱེས་དངོས་དངོས་བཤེར་སོགས་འཚོལ་ཞིབ་རང་བཞིན་གྱི་བསླབ་ཚན3སྣ་ འཛོམས།རི་མོ།གླུ་དབྱངས།རྩལ་སྦྱང་སོགས་བདེ་ཐང་གི་བསླབ་ཚན3 དང་བཅས་སློབ་ཁྲིད་ཁག19ཡོད་པ་དེའི་ནང་རྒྱུགས་ཞུགས་བསླབ་ཁག10དང།དཔྱད་ཞིབ་བསླབ་ཁག9ཡོད་པ་ཡིན།རང་སློབ་གྲྭའི་སློབ་གསོའི་ཁ་ཕྱོགས་དང་དོན་དངོས་གཞིར་བཟུང་ནས་ཡང་དག་པའི་སློབ་ཁྲིད་ཀྱི་བསམ་བློའི་མཛུབ་སྟོན་ལྟར།
ཐོག་མར་རང་སློབ་ཁྲིད་དོ་དམ་ཁང་གིས་བྱ་བའི་འཆར་གཞི་གཏན་འཁེལ་བྱས་ཏེ།དམིགས་ཚད་གསལ་ཞིང་དོན་དངོས་དང་འབྲེལ་བའི་སྒོ་ནས་སློབ་ལོ་གཅིག་གམ་སློབ་སྐབས་རེའི་སློབ་ཁྲིད་བྱ་བའི་འཆར་གཞི། འཛིན་བདག་གི་བྱ་བའི་འཆར་གཞི། ཉིན་རེའི་བྱ་བའི་འཆར་གཞི།གཟའ་འཁོར་རེ་དང་ཟླ་བ་རེའི་བྱ་བའི་འཆར་གཞི་དང་སློབ་ཐུན་རེའུ་མིགངལ་གསོའི་དུས་ཚོད་རེའུ་མིག་སོགས་འཐུས་ཚང་བཟོས་ཏེ་རྒྱུན་ལྡན་སློབ་ཁྲིད་བྱ་བར་བཀོད་སྒྲིག་ཚགས་སུ་ཆུད་པ་བྱས་ལ།དུས་ལྟར་སློབ་སྟོན་ཁང་གི་འགོ་ཁྲིད་འོག་ཏུ་སློབ་ཁྲིད་བྱ་བར་ཕྱོགས་ཡོངས་ནས་ཇུས་འགོད་དང་རྩ་འཛུགས།བཀོད་འདོམས།   ཚོད་འཛིན།   ཞིབ་བཤེར། ཕྱོགས་བསྡོམས་བཅས་བྱས་པ་ཡིན། 
 གསུམ་པ། སློབ་གྲྭས་དགེ་རྒན་གསོ་སྦྱོང་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ཆེད་ལས་ཀྱི་དགོས་མཁོ་ལྟར་དགེ་རྒན་རྩ་འཛུགས་བྱས་ཏེ་པེ་ཅིན་དང་ཀོང་ཀྲུག    ཧྲང་ཧའེ།ཁྲོན་ཆིན།ཅིང་སའོ། ཐེན་ཅིན། ཧྲན་ཏུང་། ཧྲན་ཞི།ལན་ཀྲིགཟི་ལིང་། ཆབ་ཆ། གཅན་ཚ། ཀོས་ནན་སོགས་སུ་ཟབ་སྦྱོང་དང་གསོ་སྦྱོང་གི་བྱ་འགུལ་གང་མང་བོ་སྤེལ་བ་དང་།སློབ་དཔོན་ཆེན་མོ་རྒན་ལྕགས་ཐར་རྒྱལ།རྒན་དོན་གྲུབ་ཚེ་རིང་།
 རྒན་རྒྱ་ཡེ་བཀྲ་བྷོ།རྒན་གླིང་ཚ་པད་དབང་།ཨ་ཁུ་ལྡོང་ཡོན་ཏན་རྒྱ་མཚོ།དེ་མིན་ཚད་མའི་དགེ་རྒན་སྟོན་པ་དང་རི་མོ་དགེ་རྒན་སོགས་གདན་འདྲེན་ཞུས་ཏེ་དགེ་རྒན་གྱི་སློབ་ ཁྲིད་ནུས་པ་དང་ཆེད་ལས་ཤེས་ཡོན་གྱི་ཆུ་ཚད་མཐོར་འདེགས་སུ་བཏང་པ་དང་།    ཁྱད་པར་དུ་སློབ་སྐབས་རེར་མ་མཐར་ཡང་སློབ་གསོའི་གཞུང་ལུགས་ཀྱི་ཆེད་དོན་   དཔྱད་གླེང་བྱ་འགུལ་ཐེངས་རེ་སྤེལ་ཤིང་། ནང་དོན་ལ་འཛིན་གྲྭའི་དོ་དམ་གྱི་ཐབས་ལམ་སྒྱུ་སྩལ་དང་འཇོན་ཐང་སློབ་མ་སྐྱེད་སྲིང་གི་ཐབས་ལམ་སོགས་བགྲོ་གླེང་དང་ ཞིབ་བསྡུར་གྱི་ལམ་ནས་དམིཊ་འབེན་གསར་བ་ཞིག་གི་ཐེམ་སྐས་ལ་སླེབས་ཡོད་པ།ད་དུང་བསླབ་གཞི་སོ་སོར་ཆེད་ལས་མཁས་པ་མང་པོ་གདན་དྲངས་ཏེ་ཟབ་སྦྱོང་གང་ མང་སྤེལ་བ་ཡིས་ཐད་ཀར་སློབ་ཁྲིད་དགེ་རྒན་གྱི་སྤུས་ཚད་མཐོར་འདེགས་ལ་གསོན་ཤུགས་མང་བོ་སྦྱིན།
གསུམ།སློབ་ཁྲིད་ཕྱོགས་ནས་སྤེལ་བའི་བྱ་འགུལ་དང་བླངས་བའི་གྲུབ་འབྲས་ཀྱི་སྐོར།
   སློབ་སྒྲུབ་གོ་རིམ་ཁྲོད་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་སློབ་གསོ་ནི་སློབ་གྲྭའི་སྲོག་དགེ་རྒན་སོགས་ཨང་དང་པོ་དང་གཉིས་པ།གསུམ་པ་བཅས་ཀྱི་བྱ་དགའ་ཐོབ།ཞིང་ཆེན་རིམ་པའི་ཕུལ་བྱུང་དགེ་རྒན་གྱི་བྱ་དགའ་སོགས་དང་།ཁུལ་རིམ་པའི་ཕུལ་བྱུང་དགེ་རྒན་གྱི་བྱ་དགའ་དང་ཕུལ་བྱུང་འཛིན་བདག་གི་བྱ་དགའ།ཕུལ་བྱུང་བྱ་བའི་དོ་དམ་པའི་བྱ་དགའ་སོགས་དང་། རྫོང་རིམ་པའི་ཕུལ་བྱུང་དགེ་རྒན་དང་ཕུལ་བྱུང་ འཛིན་བདག ཕུལ་བྱུང་བྱ་བའི་དོ་དམ་པ་སོགས་རབ་དང་རིམ་པའི་བྱ་དགའ་བླངས་པ་ནི་མི་རིགས་སློབ་གསོར་དུང་ཞེན་ཆེ་ཞིང་ལྷག་བསམ་གྱི་རྩ་བ་བརྟན་པའི་དགེ་རྒན་དག་གིས་གཉིད་བཅག་ཟས་བརྗེད་ཀྱི་ཐུགས་ངལ་ལས་འཁྲུངས་བའི་རྒྱལ་ཁའི་དཔའ་དར་མ་ཡིན་ནམ།སློབ་མའི་ཆ་ནས།   རྩོམ་རིག་གི་ཕྱོགས་ནས་ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》《གངས་རྒྱན་ན་ཆུང་ཚགས་པར》《ཁྲིམས་ལུགས་ཚགས་པར》《སྦྲང་ཆརསོགས་བོད་ཁུལ་ཕྱི་ནང་ཀུན་ཀྱི་དུས་དེབ་དང་ཚགས་པར་སྟེང་དུ་སློབ་མའི་རྩོམ་ཡིག་མང་པོ་ལ་བྱ་དགའ་ཐོབ།   ཤིང་དང་སློབ་མ་དཀྱིལ་སྙིང་དུ་ཆིངས་བཞིན་དགེ་རྒན་མཐའ་དག་གིས་ནངས་སྔ་   ལངས་དང་དགོང་འཕྱི་ཉལ་གྱིས་ལོ་ངོ་འདི་དག་གི་རིང་ལ་སློབ་ཁྲིད་ཁྲོདགྲུབ་འབྲས་ཡང་མང་པོ་ཞིག་བླངས་དང་ལེན་བཞིན་པའི་སྒང་ཡིན་ལ། དགེ་རྒན་གྱི་ཆ་ནས། 
རྒྱལ་ཡོངས་རིམ་པའི་དབྱིན་ཡིག་ཟུར་ཁྲིད་དང་རྒྱ་ཡིག་ཟུར་ཁྲིད་དགེ་རྒན། དངོས་ལུགས་ཟུར་ཁྲིད་དགེ་རྒན།   རྫས་འགྱུར་ཟུར་ཁྲིད་དགེ་རྒན།གྲངས་རིག་ཟུར་ཁྲིད་
སློབ་གསེང་བྱ་འགུལ་ཁྲོད་དུ་རི་མོ་དང་རོལ་དབྱངས་རྩལ་སྦྱང་དགེ་རྒན་དག་གིས་སློབ་མའི་དགའ་ཕྱོགས་ལྟར་ང་ཚོ་ཚང་མ་བདེ་ཐང་ངང་འཚར་ལོངས་འབྱུང་དགོས་ལྟ་བ་ལྟར་བསམ་བློ་ཡག་པོའི་སྣེ་ཁྲིད་དང་མཛུབ་སྟོན་བརྒྱུད་ནས། ཞིང་ཆེན་རིམ་ པའི་ན་ཆུང་བྱིས་པའི་རི་མོ་དང་ཡིག་གཟུགས་འགྲན་སྤེལ་ཁྲོད་དུ་རང་སློབ་གྲྭའི་དགེ་རྒན་དང་སློབ་མ་200ལྷག་གིས་བསྟུད་མུར་ལོ་གསུམ་ལ་ཕུལ་བྱུང་གི་རྩ་འཛུགས་དང་ཐུན་མོང་རྩ་འཛུགས།མི་སྒེར་ལ་གསེར་དང་དངུལ་གྱི་བྱ་དགའི་མཚན་སྙན་ཐོབ།    རྫོང་རིམ་པའི་ན་ཆུང་སློབ་མའི་ལུས་རྩལ་འགྲན་བསྡུར་ཁྲོད་དུ་རང་སློབ་གྲྭས་ལུས་ རྩལ་པ་ཆུང་ཆུང་མང་པོ་ལྒང་ལི་དང་མཆོངས་རྒྱུགས ཐག་འཐེན་འགྲན་སྡུར་སོགས་བྱ་འགུལ་ཁྲོད་དུ་ཨང་དང་པོའི་བྱ་དགའ་འཐོབ་པ་རེད།
   ད་དུང་མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་དང་མཉམ་འབྲེལ་སྒོས་མེ་ཏོག་གངས་ལྷའི་ལེ་ཚན་བཀོད་སྒྲིག་བརྒྱུད་ནས་རང་སློབ་གྲྭའི་ན་ཆུང་བྱིས་པ་ཚོའི་འཇོན་ཐང་དང་སྤོབས་པ། སློབ་རའི་ཐུན་མོང་མ་ཡིན་པའི་འཚོ་བ་སོགས་བོད་ཁུལ་ཀུན་ལ་མེ་ཏོག་ཆུང་རུང་མཆོད་རྫས་ དང་ཁ་བཏགས་ཐུང་རུང་ལྷ་རྫས་ཀྱི་ཚུལ་དུ་ཕུལ་བ་ཡིན།གཞན་མཚོ་སྔོན་རླུང་འཕྲིན་ཁང་དང་མཉམ་འབྲེལ་གྱིས2013ལོའི་བོད་ཁུལ་བྱིས་པའི་སྤྲོ་ཚོགས་ཁ་བའི་རྨི་ལམ་   ལེགས་སྒྲུབ་བྱས་ཏེ་བོད་ཁུལ་ནས་རོང་འབྲོག་མང་ཚོགས་དང་ཤེས་ཡོན་ཅན་གྱི་སྡེ་ གང་ནས་ཀྱང་བསྔགས་བརྗོད་གྱི་མེ་ ཏོག་ཡང་ཡང་གཏོར་བཞིན་ཡོད།
ལྷག་པར་དུ་༢༠༡༡ལོའི་ལོ་སྨད་ནས་བཟུངརང་སློབ་གྲྭའི་སློབ་ཁྲིད་དོ་དམ་ཁང་གིས་ཇུས་འགོད་དང་བྱེད་ཐབས་བཅོས་བསྒྱུར་བྱས་ཏེ།  “སྦྱོར་དངོས་རྗེས་གསུམ་གྱི་སྤུས་ཚད་སློབ་ཁྲིད་བྱེད་ཐབསདང་སློབ་ཁྲིད་བསམ་བློ་བཅོས་སྒྱུར་བྱས་པ་བརྒྱུད་དེ་སྔར་ན་མ་བྱུང་བའི་སློབ་ཁྲིད་གྲུབ་འབྲས་གཟེངས་སུ་ཐོན་པ་ལོན། 
2012ལོའི་ཁུལ་དང་རྫོང་རིམ་པའི་སློབ་གསོའི་སྤུས་ཚད་ཚད་འཇལ་ཁྲོད་དཀྱིལ་རྒྱུགས་དང་མཇུག་རྒྱུགས་ལ་ལོ་རིམ་དང་པོ་ནས་བརྒྱད་པའི་བར་རྒྱུགས་འབྲས་ཨང་དང་བོ་བླངས་པས།ཁུལ་རིམ་པའི་མི་རིགས་སློབ་གྲྭའི་ཁྲོད་བྱ་དགའ་ཨང་དང་བོ་བླངས།
  2012ལོའི་འབྲིང་རྒྱུགས་ཀྱི་བསླབ་ཁག་བརྒྱད་ཀྱི་སྤྱིའི་སྐར་འབྲས་དེ་ཁུལ་ཡོངས་ནས་ཨང་དང་བོ་བླངས་པ་མ་ཟད།ཞིང་ཆེན་ཡོངས་གྱི་མི་རིགས་སློབ་གྲྭའི་ནང་ཨང་དང་པོའི་བྱ་དགའ་འཐོབ།     ད་དུང་རྒྱ་ཡིག་དང་དབྱིན་ཡིག ཆབ་སྲིད།ལོ་རྒྱུས་སོགས་ཀྱི་བསླབ་ཁག་ཁུལ་རིམ་པ་ནས་ཨང་དང་པོའི་བྱ་དགའ་ཐོབ།ཁུལ་ཡོངས་ནས་ཆེས་བཟང་བོའི་སློབ་མ་བརྒྱའི་ཁྲོད་ན་རང་སློབ་གྲྭའི་སློབ་མ་ཉེར་བརྒྱད་ཡོད་ལ།    ཁུལ་ཡོངས་ནས་སྐར་ལྔ་བརྒྱ་ཡན་གྱི་སློབ་མ་རེ་ལྔ་ཡོད་པའི་ནང་རང་སློབ་གྲྭའི་སློབ་མ་ཉེར་གཅིག་ཡོད་པ་རེད།
2013ལོར།ལོ་རིམ་དགུ་བའི་འབྲིང་རྒྱུགས་ཁྲོད་དུ་བསྡོམས་སྐར་དྲུག་བརྒྱ་ཡན་གྱི་སློབ་མ་གསུམ་དང་བསྡོམས་སྐར་ལྔ་བརྒྱ་ཡན་གྱི་སློབ་མ་བཅུ་བདུན་ཡོད་པ་དང་།རྒྱ་ཡིག་དང་ལོ་རྒྱུས་ཚན་ཁག་གིས་ཁུལ་ཡོངས་ནས་ཨང་དང་པོབླངས་ལ། གཞན་དག་གིས་ཁུལ་ཡོངས་ཀྱི་ཨང་གཉིས་པ་བླངས།བསླབ་ཁག་བརྒྱད་ཀྱི་སྤྱིའི་སྐར་འབྲས་དེ་ཡང་བསྐྱར་ཁུལ་ཡོངས་ནས་ཨང་དང་བོ་བླངས་པ་མ་ཟད།   ཞིང་ཆེན་ཡོངས་ཀྱི་མི་རིགས་སློབ་གྲྭའི་ནང་ཡང་ཨང་དང་པོའི་བྱ་དགའ་འཐོབ།
དེ་ལས་སློབ་གསེང་གི་དུས་ཚོད་འཕྲོ་བརླག་ཏུ་མ་བཏང་བར་སློབ་མ་ཚོས་རང་འགན་དང་ལེན་གྱིས་བཙུགས་པའི་སློབ་རའི་རྩོམ་རིག་ཚོགས་པ་དང་ཕ་སྐད་ཚོགས་པ།ཁོར་ཡུག་སྲུང་སྐྱོབ་ཚོགས་པ། སློབ་རའི་གསར་འགོད་པ་ཆུང་ཆུང་། འདི་དག་གིས་རང་མོས་ལྟར་མི་རིགས་རིག་གནས་ཉམས་པ་སླར་གསོ་དང་མ་མཉམ་པ་གོང་ སྤེལ་བྱེད་པའི་མི་འགྱུར་དམ་བཅའ་སྙིང་ལ་བཀོད་བཞིན་འབད་བརྩོན་བྱེད་བཞིན་འདུག
བཞི་བ།མིག་སྔར་གནས་པའི་གནད་དོན།
དཔལ་འབྱོར་འཕེལ་འགྱུར་གྱི་ཀློང་བརྡོལ་བའི་དེང་གི་དུས་འདིར་ཁྱིམ་ཚང་སོ་སོའི་ཆ་རྐྱེན་ལ་ཡང་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་དང་འཕེལ་རྒྱས་སུ་འགྲོ་དང་འགྲོ་བཞིན་ཡོད་པར་བསྟུན་ནས་ཁྱིམ་བདག་རྣམས་ཀྱིས་རང་གི་བུ་བུ་མོར་སློབ་སྦྱོང་གི་མཐུན་རྐྱེན་ལེགས་པོ་རེ་སྐྲུན་རྒྱུ་ནི་ཁྱེད་ཀྱི་འོས་འགན་ཡིན་པ་སྨོས་མི་   དགོས་མོད།   འོན་ཀྱང་རང་ཅག་ཁྱིམ་བདག་རྣམས་ཀྱིས་བུ་བུ་མོའི་ལུས་སེམས་བདེ་ཐང་འདི་ལ་སེམས་ཚགས་ཕྲན་ཙམ་ཡང་མི་བྱེད་པར་གད་སྙིགས་སུ་གྱུར་པའི་ཞོར་ ཟས་སྐོར་ཞིག་ལ་སྒོར་མོ་ཅི་ཙམ་སྟེར་དགོས་ནའང་སེར་སྣ་སྤུ་ཙམ་མེད་པར་ཉོས་ནས་སློབ་གྲྭའི་སྒྲིག་ལམ་ལ་དགག་པ་རྒྱག་ཞོར་བྱིས་པར་ནད་ཀྱི་སྡུག་གྲོགས་བཙལ་རོགས་བྱེད་པའི་བྱ་སྤྱོད་འདིའི་རིགས་ལ་ཡིད་མི་སྐྱོའམ། བུ་ཕྲུག་ལ་སློབ་ཕྱིའི་དཔེ་ཆ་འགའ་ཉོ་རྒྱུའི་མཁོ་བ་ཡོད་དུས་ཁྱོས་སྡིགས་མེད་ལོང་བ་གང་འདོན་ཞོར་དགེ་རྒན་དང་སློབ་གྲྭ་ལ་ལེ་བདའ་བྱེད་པའི་སེམས་ཁམས་འདིས་ང་ཚོའི་སྤུས་ཚད་སྔ་མོ་ནས་མི་རིགས་ གཞན་གྱི་རྗེས་སུ་ལུས་ཡོད་པར་ཞིབ་འདང་རྒྱབ་ཨེ་མྱོང་།བུ་ཕྲུག་དུས་ལྟར་སློབ་གྲྭར་མི་བསྐྱལ་བ་དང་སློབ་བྱོལ་བྱེད་པ་སོགས་ཀྱི་གནས་ཚུལནི་ཁྱོད་ཀྱིས་ཁོ་ཚོའི་ཁེ་དབང་ལ་བཙན་གྱིས་གཏོར་བཤིག་གཏོངབཞིན་ཡོད་པ་ཤེས་སམ། དེ་ལས་ཀྱང་དགེ་རྒན་དང་འཛིན་བདག་གིས་གཉིད་བཅག་ཟས་བརྗེད་ཀྱིས་དཀའ་ཁག་མང་བོ་ཁྱད་དུབ་སེལ་ནས་རང་གི་བུ་ཕྲུག་དེར་བྱམས་བརྩེ་དང་ཤེས་རིག་གི་ཟས་མངར་གང་ལེགས་ གནང་བར་བཀའ་དྲིན་དྲིན་དུ་མི་བསམ་པར་ལྡོག་ཕྱོགས་ནས་ཡོད་ཚད་སྐྱོན་དུ་བསམས་ཏེ་ཇ་ལན་ལ་ཆུ་དང་གཡང་ལྷ་རྡོ་ཁ་བྱེད་པའི་ཁྱིམ་བདག་དེ་ཁྱོད་ཨེ་ཡིན།ཁྱོས་རང་གི་ལུས་སྟེང་གི་མི་འདིང་བའི་ས་དེར་ཅི་ལྟར་ཁ་གསབ་བྱེད་རྒྱུ་ཡིན།   སྒོར་མོ་མང་བོ་བྱིན་ན་བྱིས་པར་ཕན་མི་ཐོགས་པ་དང་ཕན་པ་ལས་གནོད་པ་ཆེ་བ་ང་ཚོས་ཤེས་བཞིན་དུ་འདི་ལྟར་བྱེད་དོན་ཅི་ཡིན།ཁ་པར་སོགས་ནི་བྱིས་པ་ངན་ཕྱོགས་ཀྱི་གཡང་ལ་འཕེན་པའི་དགྲ་བོ་དེ་ཡིན་པ་ཁྱོས་ཨེ་ཤེས།ཤེས་ན་ང་ཚོས་བུ་ཕྲུག་དག་གི་ཆེད་དུ་སང་ཉིན་བྱ་བ་ཅི་ཞིག་བསྒྲུབ་དགོས།
ལྔ་བ།ཁྱིམ་ཚང་སློབ་གསོའི་གལ་ཆེན་རང་བཞིན།
གུས་པར་འོས་པའི་ཁྱིམ་བདག་རྣམ་པ།ཁྱིམ་ཚང་སློབ་གསོ་ནི་སྤྱི་ཚོགས་སློབ་གསོ་
དང་སློབ་གྲྭའི་་སློབ་གསོ་གང་གིས་ཀྱང་ཚབ་བྱེད་མི་ཐུབ་པའི་སློབ་གསོ་ཐུན་མོང་མ་ཡིན་པ་ཞིག་ཡིན་པས།ཁྱིམ་ཚང་སློབ་གསོས་བྱིས་པའི་འཚོ་གནས་དང་མདུན་ལམ་ལ་ཕན་ནུས་ཐུན་མོང་མ་པ་རེ་འདོན་བཞིན་ཡོད་པ་ང་ཚོས་བསམ་གཞིགས་བཏང་ཨེ་ མྱོང་།ཕ་མ་བཟང་བའི་བུ་ཕྲུག་ཅེས་པ་བཞིན་ཕ་མའི་བྱ་སྤྱོད་དང་མཐོང་རྒྱ།ཐོས་རྒྱ།སློབ་གསོར་བཟུང་བའི་རྣམ་འགྱུར་སོགས་ལས་ཐད་ཀར་བྱིས་པའི་འཕེལ་འགྱུར་ལ་ཤན་ཤུགས་ངེས་ཅན་ཐེབས་བཞིན་ཡོད་ཕྱིར་ང་ཚོས་དཔུང་བ་མཉམ་བཤིབ་དང་ལག་རྡེང་མཉམ་སྦྲེལ་གྱིས་ས་གནས་འདིའི་མི་རིགས་སློབ་གསོའི་འཕེལ་རྒྱས་ཀྱི་ཆེད་ལ་རང་ནུས་ཅི་ལྕོགས་ཀྱིས་སྲི་ཞུ་རེ་བསྒྲུབ་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་བ་ཞིག་ཡིན་ནོ༎
མཇུག་མཐར་དད་ལྡན་གྱི་ཞིང་ཁམས་འདིར་མཛའ་བརྩེ་ཡི་ཨ་ལུང་གཅིག་ཏུ་སྦྲེལ་བའི་རིགས་མཐུན་གྱི་སྤུན་ཟླ་ཚོའི་སྐུ་ལུས་གསེར་གྱི་ལྷུར་པོར་ནག་ནོག་གི་དྲི་མ་མ་གོས་པར་བསམ་དོན་རི་མོ་ལྷུན་འགྲུབ་གྱིས་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ་བ་དང་ འབྲེལ་ནས་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་དགེ་བཟོ་བ་ཚང་མས་ལག་ཟུང་གི་སྙིམ་པ་སྙིང་གར་སྦྱར་བཞིན་ཕུལ་བ་དགེ་ལེགས་སུ་གྱུར་ཅིག