中  文
ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་དཔེ་མཛོད་ཁང་གི་སྲུང་བྱ་དང་ཞབས་ཞུའི་སྤྱི་ཆིངས།
སྤེལ་དུས།  2014-04-10 17:25:43    རྡེབ་ཚད། 

 

ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་དཔེ་མཛོད་ཁང་གི་སྲུང་བྱ།
གཅིགདཔེ་མཛོད་ཁང་དུ་དུས་རྒྱུན་དྭངས་གཙང་དང་ལྷིང་འཇགས་ཡིན་དགོས་ལ། དུས་རྒྱུན་རྡུལ་འགོག་
དང་བརླན་སེལ། གད་སྙིགས་དང་ཁ་ལུད་སོགས་གང་སར་མི་འཕེན་པར་དོ་སྣང་བྱ་དགོས།
གཉིས།དཔེ་མཛོད་ཁང་དུ་གྲལ་ཤར་གཅིག་ལྟར་དུ་བསྒྲིགས་ཏེ་ཕར་འགྲོ་ཚུར་ཡོང་དང་། ཕྱི་ནང་གང་རུང་
ནས་འཚང་ཁ་གཏན་ནས་རྒྱག་མི་ཆོག
གསུམ། དཔེ་མཛོད་ཁང་དུ་སློབ་གྲྭའི་སློབ་ཐུན་བཀོད་སྒྲིག་ལྟར་མཛུབ་སྟོན་དགེ་རྒན་ནས་སྣེ་ཁྲིད་དེ་ཡོང་རྒྱུ་ལས། སློབ་མ་རང་འདོད་ལྟར་རྒྱུགས་ནས་ཡོང་མི་ཆོག ངེས་པར་དུ་མཛུབ་སྟོན་དགེ་རྒན་དང་མཉམ་དུ་ཡོང་དགོས།
བཞི། དཔེ་མཛོད་ཁང་དུ་ཕན་ཚུན་ལ་ཁ་བརྡ་མི་བྱེད་པ་དང་། ལས་བྱ་དང་རི་མོ་སོགས་འབྲི་མི་ཆོག་ལ། རང་གི་འདུག་སྟེང་དུ་བསྡད་དེ་དཔེ་ཆར་བློ་རྩེ་བསྒྲིམས་ཏེ་ལྟ་ཀློག་བྱེད་པ་ལས་ཡར་ལྟ་མར་ལྟ་བྱེད་མི་ཆོག
ལྔ་བ། དཔེ་ཆ་ལྟ་སྐབས་འུར་མི་རྒྱག་པ་དང་སློབ་གྲོགས་ལ་ཕོག་ཐུག་གཏན་ནས་གཏོང་མི་རུང་བས།ངེས་པར་
དུ་ལྷིང་འཇགས་གཙོ་བོར་འཛིན་དགོས།
དྲུགདཔེ་སྒམ་དུ་དཔེ་ཆ་དང་དུས་དེབ་གཅིག་རེ་མ་གཏོགས་བདམས་མི་ཆོག་ལ། དཔེ་ཆ་དང་དུས་དེབ་
གང་བྱུང་དུ་ཕར་འཇོག་ཚུར་ལེན་བྱ་མི་རུང་།དཔེ་ཆར་བལྟས་ཚར་རྗེས། དཔེ་མཛོད་ཁང་གི་དོ་དམ་པ་
དང་འཛིན་གྲྭ་སོ་སོའི་མཛུབ་སྟོན་དགེ་རྒན་གྱི་གསུངས་ལྟར་བརྩི་སྲུང་བྱ་དགོས་པ་ལས། གང་བྱུང་དུ་
གཡུགས་བསྐྱུར་དང་བརྐུ་འཁྱེར་སོགས་ཀྱི་ངན་སྤྱོད་གཏན་ནས་བྱ་མི་རུང་ངོ།།
བདུན། དཔེ་མཛོད་ཁང་གི་དཔེ་ཆར་བདག་གཅེས་བྱེད་པ་ལས། ནག་ནོག་དང་གུག་ལྟེབ། བཤགས་ཐེད་
སོགས་ལ་འཛེམ་དགོས་ཤིང་། གལ་ཏེ་དོན་རྐྱེན་བྱུང་ཚེ། མཇུག་འབྲས་སློབ་མ་རང་ལ་ཆད་གཅོད་ནན་མོ་
བྱ་རྒྱུ་ཡིན།
བརྒྱད། དཔེ་མཛོད་ཁང་དུ་ཕྱི་ནས་དཔེ་ཆ་དང་འབྲི་དེབ། ཞོར་ཟས་དང་གོ་རེ། སིལ་ཏོག ཉི་འབྲུ་སོགས་
གཏན་ནས་ཁྱེར་མི་ཆོག
 
ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་དཔེ་མཛོད་ཁང་གི་ཞབས་ཞུའི་སྤྱི་ཆིངས།
༡ ཀློག་པ་པོའི་རྩ་དོན་ཆེ་ཤོས་ལ་རྒྱུན་འཁྱོངས་དང་། བྱ་བ་ཡོད་ཚད་བཏོན་ནས་ཀློག་པ་པོ་ལྟེ་གནས་
སུ་འཛིན་པ། ་སེམས་རྩེ་གཅིག་གིས་ཀློག་པ་པོར་ཞབས་ཞུ་གང་ལེགས་སྒྲུབ་པར་བསམ་བློ་ཚུལ་མཐུན་ཡིན་
དགོས་ཤིང་།    རང་རྟོགས་ཀྱི་སྒོ་ནས་ཞབས་ཞུའི་རྣམ་འགྱུར་གྱི་གནད་དོན་ ཐག་ཆོད་བྱེད་པ་དང་།    བསམ་ན་ཀློག་པ་པོར་བསམ་པ་དང་བྲེལ་ན་ཀློག་པ་པོར་བྲེལ་བའི་འདུ་ཤེས་བཟུང་ནས་ཀློག་པ་པོར་སྟབས་བདེ་སྦྱིན་པ་དང་རང་ལ་དཀའ་ལས་འཇོག་དགོས།
༢ མུ་མཐུད་དུ་དེང་རབས་ཀྱིས་གནང་བའི་ཡིག་ཆའི་ཆ་འཕྲིན་ཞབས་ཞུའི་ཁོར་ཡུག་ཇེ་ལེགས་སུ་བཏང་སྟེ།    དེང་རབས་ཡིག་ཆའི་ཆ་འཕྲིན་གྱི་ཐོན་ཁུངས་འཛུགས་སྐྲུན་དང་དེང་རབས་ཅན་གྱི་ལག་རྩལ་སྒྲིག་ཆས་འཛུགས་སྐྲུན་ལ་ནུས་ཤུགས་བཏོན་ནས་དེང་རབས་ཅན་གྱི་ཞབས་ཞུའི་ལག་རྩལ་མ་ལག་ཏུ་འགྱུར་བར་འབད་དགོས།
༣ བྱ་བ་གཙོ་བོ་སློབ་གསོ་དང་ཚན་རིག་ཞིབ་འཇུག་ལ་ཁ་ཕྱོགས་པ་དང་། སློབ་གསོ་དང་ཚན་རིག་ཞིབ་འཇུག་གི་ཞབས་ཞུའི་བསམ་པ་ནི་གནད་ཆེ་ས་ཡིན་པས། སློབ་གྲྭའི་སློབ་གསོར་སྲི་ཞུ་སྒྲུབ་རྒྱུ་གཙིགས་སུ་འཛིན་དགོས། 
 མཛོད་ཉར་ལེགས་ཆ་བེད་སྤྱད་བྱས་ཏེ་ཁྱད་ཆོས་ལྡན་པའི་ཞབས་ཞུ་མངོན་པར་གསལ་ཞིང་། ཀློག་པ་པོའི་ཞབས་ཞུའི་བྱ་བར་ཕྱི་རུ་གཡར་བའི་བཀག་རྒྱ་དང་རྒྱུན་འཁོར་སྡེ་ཁག་གི་འདུ་ཤེས་རྙིང་བའི་རྣམ་པ་སེལ་དགོས་པ་དང་གཅིག སྔར་གྱི་ཞབས་ཞུ་ལས་རང་ཉིད་ཀྱིས་ཕྱི་རུ་གཡར་བའི་སྲོལ་རྙིང་གི་རྣམ་པ་སེལ་དགོས་པ་དང་གཉིས།   གཞན་དབང་གི་ལྟ་ཚུལ་དེ་རང་དབང་དུ་ འགྱུར་བ་གསུམ་བཅས་ནི་ངེས་པར་དུ་སེལ་དགོས་པ་གསུམ་ཡིན།
༥ ཀློག་པ་པོའི་དགོས་མཁོ་དངོས་ལ་དམིགས་ནས་དཔེ་ཉར་དང་དཀར་ཆག སྒྲིག་ཆས་དང་ཁོར་ཡུག་གི་ཆ་རྐྱེན་བཅས་བེད་སྤྱོད་དང་།    རྒྱུན་ལྡན་དུ་ཀློག་པ་པོར་དྲིལ་བསྒྲགས་དང་དཔེ་ཆ་མཚམས་སྦྱོར་བྱས་ཏེ་རྣམ་གྲངས་སོ་སོའི་བྱ་འགུལ་ལ་ཞབས་ཞུ་བྱ་དགོས།
 ཀློག་པ་པོར་སྣེ་ལེན་བྱེད་པ་དང་དཔལ་ཡོན་གུས་ཞབས་ལྡན་པ།   སྤྲོ་སེམས་གང་ལེགས་ཡོང་བ།
 ཀློག་པ་པོར་ཡིག་ཆའི་རྒྱུ་འཚོལ་རོགས་དང་མྱུར་ཏུ་ཚད་དང་མཐུན་པར་ཧུར་ལེན་བྱེད་ པ། རང་ནུས་གང་ཤེས་ཀྱིས་ཀློག་པ་པོས་བཏོན་པའི་གནད་དོན་སྣ་ཚོགས་ལ་ལན་འདེབས་དགོས།
༨ ཁེངས་སྐྱུང་གི་ངང་ནས་ཀློག་པ་པོའི་བསམ་འཆར་དང་གྲོས་གཞི་ལ་ཉན་ཏེ། མུ་མཐུད་དུ་དོ་དམ་བྱ་བ་ཇེ་ལེགས་སུ་གཏོང་བ་དང་ཞབས་ཞུའི་སྤུས་ཚད་ཇེ་རྒྱས་སུ་གཏོང་དགོས
 རང་དཔེ་མཛོད་ཁང་གི་སྒྲིག་སྲོལ་སོ་སོ་ལག་ལེན་མཐར་ཕྱིན་བྱེད་པར་གནད་སྨིན་བྱ་དགོས།
པར་ལྡན་འོས་སྦྱོར།