中  文
ཤེས་རབ་གླིང་གི་སློབ་མའི་སྲོལ་བཟང་བྱིས་པའི་དྲི་མེད་འཛུམ་དཀར་ཞེས་བྱ་བ་བཞུགས་སོ། །
སྤེལ་དུས།  2013-03-20 15:56:22    རྡེབ་ཚད། 

 

༄༅། ། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །རྨོངས་བའི་ལས་ཀུན་སྤངས་ནས་ཤེས་རབ་ཀྱི་དཔལ་ལ་བརྩོན་ཅིག །ངེད་ཤེས་རབ་གླིང་གི་དགེ་སློབ་སུ་ཞིག་ཡིན་ནའང་སློབ་ར་འདིའི་་ཐོག་མཐའ་བར་གསུམ་དུ་རང་གཞན་གཉིས་ཀྱི་འཕེལ་རྒྱས་དེ་བྱ་བ་ཡོད་ཚད་ཀྱི་སྲོག་ཤིང་དུ་བཟུང་ནས། ཆང་མི་འཐུང་པ་དང་། དུ་བ་མི་འཐེན་པ། མེ་དགྲ་མི་སློང་། མཚོན་ཆ་མི་འཛིན་པ། དེ་ཡང་སློབ་མའི་ཀུན་སྤྱོད་ཀྱི་ཐད་ནས་སྒྲུབ་མི་ རུང་བ་ལྔ་སྟེ། ཨ་རག འུར་མི་རྒྱག་པ། སློབ་མའི་བསམ་བློའི་ཐད་ལ་ལྡན་དགོས་པ་ལྔ་སྟེ། བརྩོན་པ་ཧུར་ལེན། གྲོན་ཆུང་ཆོག་ཤེས། དྲང་བདེན་བག་ཡོད། གཞུང་དྲང་བྱམས་ལྡན། ཡ་རབས་གུས་ཞབས། འཚོ་བའི་ཐད་ཀྱི་ཁག་ཐེག་དྲུག་སྟེ་སློབ་རར་ཞོར་ཟས་མེད་བའི་ཁག་ཐེག   དུས་ལྟར་ཟ་འཐུང་གི་ཁག་ཐེག ཟ་མ་ཆད་ཟོས་་སུ་མི་གཏོང་བའི་ཁག་ཐེག་གད་སྙིགས་གང་སར་མི་འཕེན་པའི་ཁག་ཐེག   ཆུ་དང་གློག་ལ་གྲོན་ཆུང་བྱེད་པའི་ཁག་ཐེག སློབ་གྲྭའི་རྒྱུ་ནོར་ལ་གཅེས་སྤྲས་བྱེད་བའི་ཁག་ཐེག སློབ་མའི་རང་གཤིས་ལ་ལེགས་སྐྱོང་ཐད་ཀྱི་གོམས་གཤིས་ལྔ་སྟེ། སློབ་མས་སློབ་གྲྭའི་ཁོར་ཡུག་ཏུ་ཞྭ་མི་གོན་པའི་རྒྱན་ཆགོམས་གཤིས།   གཞན་གྱི་ངལ་རྩོལ་ལ་བརྩི་འཇོག་བྱེད་པའི་གོམས་གཤིས། དགེ་རྒན་ལ་བརྩི་བཀུར་དང་ཆུང་བར་བྱམས་སྐྱོང་བྱེད་པའི་གོམས་གཤིས།   རང་ཉིད་ཀྱི་ཕུགས་བསམ་བརྩོན་ལེན་བྱེད་པའི་གོམས་གཤིས། རང་ལུས་བདེ་ཐང་རང་གིས་འགན་འཁུར་བའི་གོམས་གཤིས་སོགས་རང་གླིང་གི་སློབ་མ་མཐའ་དག་གིས་དམིགས་འབེན་འགྲུབ་ ཆེད་རྒྱུན་སྲོལ་འདི་གཏན་ལ་ཕབ་སྟེ་ལག་ལེན་ཏུ་བཏབ་པ་ཡིན།  
ཉིན་རེའི་རྒྱུན་སྲོལ། 
   ༡/སློབ་བུ་ཡོངས་ཞོགས་པ་སྔ་མོ་མལ་ལས་ལངས་ཤིང་སློབ་ལྭ་གོན་པ་དང་ཁ་ལག་བཀྲུ་བ། ཉལ་ཁང་ལ་གད་བདར་བྱེད་པ། དུས་ལྟར་ཞོགས་རྩལ་ལ་ཞུགས་པ།ཟུར་ཁྲིད་དགེ་རྒནའཛིན་བདག་གི་ལྟ་རྟོག་དང་   ཕྱོགས་སྟོན་ལྟར་རྩ་གནད་བློ་རུ་བཟུང་ཞིང་བཀྲ་ཤིས་པའི་ཉིན་མོ་ཞིག་གི་འགོ་རྩོམ་པ།
༢/སློབ་མ་རྣམས་སློབ་ཁང་དུ་སློབ་ཐུན་རེའི་སྔོན་གྱི་སྐར་མ་གསུམ་ནང་ལ་འདུག་སྟེགས་སུ་ལུས་དྲང་པོར་བསྡད་དེ་ཤེས་བྱའི་རྩ་གནད་བློར་སྐྱོར་བྱས་བ། སློབ་ཁྲིད་ཅོང་བརྡ་གྲགས་པ་དང་ལྷན་དཔེ་ཁྲིད་པ་ལ་གུས་པའི་སྒོ་ནས་སློབ་གྲོགས་ཡོངས་ཀྱིས་མགྲིན་གཅིག་ཏུ་དགེ་རྒན་སྐུ་ཁམས་བཟང་དང་དགེ་རྒནཕེབས་ཁར་ཡང་དགེ་རྒན་ཐུགས་རྗེ་ཆེ་ཞེས་བརྗོད་རྒྱུ། 
༣/ སློབ་མ་རྣམས་ཀྱིས་སློབ་ཁྲིད་དངོས་ཀྱི་དུས་ཚོད་ནང་བློ་རྩེ་གཅིག་སྒྲིམ་གྱིས་སློབ་ཁྲིད་ལ་ཉན་པ་དང་མི་ཤེས་པ་དང་དོགས་པ་ཅན་གྱི་ནང་དོན་ཡོད་ན་དེ་མ་ཐག་དགེ་རྒན་ལ་འདྲི་རྒྱུ།  
༤/སློབ་མ་རྣམས་ཀྱིས་སློབ་ཁྲིད་གྲོལ་བའི་བར་གསེང་དུ་སློབ་ཁང་གི་བར་ཁྱམས་ནས་བསྡད་དེ་འུར་རྒྱག་པ་དང་།   རྒྱུག་རེས།   ཕར་འདེད་ཚུར་འདེད་བྱེད་པ། ཤོག་ཧྲུལ་གཏོར་བ་སོགས་མི་བྱེད་པར་འགྲོ་དུས་གོམས་པ་ ཡང་ལན་དང་བཤད་དུས་སྐད་གདངས་འཇམ་པོར་བྱ། 
༥/ སློབ་རའི་ཁོར་ཡུག་ཀུན་ཏུ་གད་སྙིགས་ཡོད་པ་དགེ་སློབ་སུས་མཐོང་ནའང་དེ་མ་ཐག་འཐུས་ཏེ་རང་གིས་ རང་ལ་ཁོར་ཡུག་གཙང་མ་སྐྲུན་ཅིག 
༦/ སློབ་ཐུན་གསུམ་པ་གྲོལ་བ་ན་དགེ་རྒན་དང་སློབ་མ་གཅིག་ཀྱང་མ་ཆད་པར་གྲལ་ལེགས་པོ་སྒྲིག་བཞིན་རྩལ་སྦྱང་ར་བའི་ནང་ཐོན་ཏེ་རྩལ་སྦྱང་དགེ་རྒན་དང་།   རྩལ་སྦྱང་དགེ་རྒན་དང་གཟའ་རེས་བའི་བཀོད་སྒྲིག་ལྟར་རང་རང་ས་ནས་གྲལ་ལེགས་པོས་རྩལ་སྦྱང་ཤེད་ཀྱིས་བརྩེ་བར་བྱ།  
༧/ སློབ་མ་རྣམས་སློབ་གྲྭའི་ཕྱི་རོལ་ཏུ་འགྲོ་དགོས་བྱུང་ཚེ་ངེས་པར་ཏུ་འཛིན་བདག་ལ་གནང་བ་ཞུས་རྗེས་རྒྱ་ལམ་གྱི་འགྲམ་ནས་སོང་སྟེ་རང་གི་བདེ་འཇགས་ལ་ཁག་ཐེག་དང་།  ཕྱིར་ལོག་དུས་ཞོར་ཟས་ལག་འཁྱེར་ཁ་པརགཏན་ནས་སློབ་གྲྭར་ཁྱེར་ཡོང་མི་ཆོག 
 ༨/ལས་རེས་པ་དང་ཇ་མའི་བཀོད་སྒྲིག་ལྟར་ཟ་མ་ལ་ཆུད་ཟོས་མེད་པ་དང་། ཞོར་ཟས་གཏན་ནས་མི་ཟ་བ། ཟ་འཕྲོ་འཐུང་འཕྲོ་ངེས་གཏན་གྱི་སྣོད་ལ་བླུགས་ཏེ་ཆུད་ཟོས་མེད་པར་བྱ།  
 ༩/ དྲོས་ཇའི་དུས་ཚོད་དབྱར་བེད་སྤྱད་དེ་་་གཉིད་པ་དང་དགུན་དཔྱིད་སྟོན་ཀར་གང་དགར་གང་སར་མི་འགྲོ་བར་སློབ་རའི་ར་སྐོར་ནས་རྩེད་མོ་རྩེ་བ་དང་།   སློབ་ཁང་སོགས་སུ་ལས་བྱ་འབྲི་བ།   བསླབ་ཕྱིའི་དཔེ་ཆ་ཀློག་འདོན་བྱེད་པ། 
༡༠/ ཕྱི་དྲོ་སློབ་ཐུན་དང་པོའི་རྗེས་ནས་མིག་ཟུང་རྩལ་སྦྱང་རྩེ་སྟེ་མིག་ལ་སྲུང་སྐྱོབ་བྱ་རྒྱུ། ལས་ཀ་འདི་ཐུན་དང་པོ་ཁྲིད་མཁན་གྱི་དགེ་རྒན་ནས་ལོབས་སུ་འཇུག་པ་དང་རིམ་བཞིན་རྩལ་སྦྱངས་ལས་བྱེད་ལ་སྤྲོད་རོགས། 
༡༡/ ཕྱི་དྲོ་ཐུན་གསུམ་པ་གྲོལ་རྗེས་སློབ་ ཕྱིའི་བྱ་འགུལ་ཀྱི་དུས་ཚོད་ཡིན་པས་རྩལ་སྦྱང་ར་བ་ནས་དུས་ཚོད་ཕྱེད་ཀའི་རིང་ལ་ལུས་རྩལ་སྣ་ཚོགས་རྩེ་བ་ལས་སློབ་ཁང་དུ་བསྡད་དེ་འུག་གཏན་ནས་རྒྱག་མི་རུང་། 
༡༢/ ཉི་མ་རེ་རེ་བཞིན་ལས་བྱ་ཡོད་ཚད་རེ་བ་ལྟར་ཡོངས་འགྲུབ་བྱ་དགོས་ཏེ།   ཡིག་གཟུགས་ལེགས་ཤིང་ཤོག་ངོས་གཙང་བ། གྲལ་དག་པ ཡིག་ནོར་མེད་ཅིང་་བཤུ་འབྲི་མི་བྱེད་རྒྱུ། 
༡༣/དགོང་མོའི་རང་སྦྱོང་གི་དུས་ཚོད་བེད་སྤྱད་དེ་ཟུར་ཁྲིད་དགེ་རྒན་ལྟ་སྐུལ་འོག་སློབ་མའི་བྱ་འགུལ་དང་ལས་བྱ་ལེགས་སྒྲུབ། ཡང་ན་ཤེས་བྱ་འགྲན་སྡུར་སྤེལ་བ། བྱ་བ་འདི་སློབ་ཁྲིད་ཅིག་གི་ཚད་ནས་བཞག་སྟེ་བསྒྲུབ་པར་བྱ། དགོང་སྦྱོང་གྲོལ་རྗེས་ཟུར་ཁྲིད་དགེ་རྒན་གྱིས་སློབ་མ་   གཅིག་ཀྱང་མ་ལུས་བར་ཉལ་ཁང་ནང་དུ་སྐྱེལ་ཏེ་མལ་ཁང་དོ་དམ་པར་ཁ་གྲངས་ཚང་རྩིས་བྱས་ཏེ་ཐོ་ཡིག་འགོད་རྗེས་ད་གཟོད་རང་ཡུལ་དུ་ལོག་པ།
༡༤/ དགོང་མོའི་རང་སྦྱོང་གྲོལ་ཐེངས་རེར་ལས་རེས་བ་རྣམས་ཀྱིས་དུས་ཚོད་ལྟར་ཁ་རོག་ལ་ཉལ་དུ་འཇུག་པར་མ་ཟད།   སློབ་མ་ཚང་རྩིས་ལེན་པ།   གནད་དོན་ཅན་གྱི་སློབ་མར་སློབ་གསོ་དང་ལྟ་རྟོག་བྱེད་པ། སློབ་མའི་བདེ་ཐང་ལ་མཉམ་འཇོག་པ། མལ་ཁང་གི་སྒྲིག་ལམ་དང་གཙང་སྤྲར་དོ་སྣང་བྱེད་དགོས།  
 ༡༥/ ཉིན་རེར་དགེ་རྒན་དང་སློབ་མ་ཚང་མས་བྱ་བ་ཅི་ཞིག་ལས་རུང་ཁ་ཕྱོགས་གསལ་བ་དང་། ཚད་ཡོད་པ། དུས་ཚོད་ངེས་ཅན་གྱི་སྒོ་ནས་རང་གིས་རང་ལ་འགྲན་པ་དང་། རང་ཉིད་རང་མ་གོན་པ་དང་། ཁ་ལག་གཙང་པ། སྐྲའི་རིང་ཐུང་ལས་རྒྱལ་བ། རང་གིས་རང་ལ་སློབ་གསོ་གཏོང་རྒྱུ།  
༡༦/ དགེ་རྒན་གྱིས་ཉིན་རེ་བཞིན་གོན་རྒྱུ་ གཙང་མ་གོན་པ་དང་།   ཁ་ལག་གཙང་མ་བྱེད་པ།   སྐྲའི་རིང་ཐུང་ཚད་དང་མཐུན་པ། སེམས་ཁམས་ དྭངས་པ། དུས་ལྟར་སློབ་གྲྭར་ཐོན་པ་དང་སློབ་ཁྲིད་ཡག་ཤོས་བྱེད་པ། སློབ་ཁྲིད་ལས་ཞུགས་ཀྱི་དུས་ཚོད་ནང་ཁ་པར་མི་གཏོང་བ།    སྒྲུབ་ལས་ཁང་དང་སློབ་ཁང་ནང་དུ་འདུག་ཐུབ་པ་ནི་རང་གི་བྱ་བ་དང་དེ་ ལས་ལྡོག་ན་ངོ་ཚ་ཡིན་པའི་འདུ་ཤེས་ལྡན་པ། ནམ་ཡང་སློབ་མའི་འཕེལ་རྒྱས་ལ་བསམ་གཞིགས་གཏོང་མ་གཏོགས་སྐོར་ཚོགས་ཀྱི་ལོངས་གཏམ་དང་བྲལ་བར་བྱ། 
༡༧/ སློབ་གྲྭའི་གཙང་སྦྲ་མཁན་དང་། དགེ་རྒན་ལས་བཟོ་པའི་ཁྲོད་ཀྱི་གཙང་སྦྲའི་ལས་རེས་པ།   སློབ་མའི་ཁྲོད་ཀྱིས་གཙང་སྤྲའི་ལས་རེས་པ་རྣམས་ཀྱིས་རང་རང་གི་སློབ་ཁང་དང་ཟ་ཁང་། ཉལ་ཁང་། ལས་སྒྲུབ་ཁང་།   གཙང་སྤྱོད་ཁང་། ཁོར་ཡུག་གི་གཙང་སྦྲ་ཉིན་ རེ་ལ་ཐེངས་གསུམ་རེར་དག་གཙང་བྱས་ཏེ་ཆེས་ལེགས་ཤོས་ཀྱི་ཚད་རྒྱུན་འཁྱོངས་སྒོས་དགེ་སློབ་་ཡོངས་ཀྱིས་ སྣང་བ་སྐྱིད་ཅིང་ཉམས་དགའ་བའི་ཁོར་ཡུག་ཡག་པོ་ཞིག་ཉིན་རེར་ལེགས་བསྐྲུན་བྱ་རྒྱུ།
༄༅། །གཟའ་འཁོར་རེའི་རྒྱུན་སྲོལ།  
 ༡/གཟའ་ཟླ་བའི་ཞོགས་པར་སློབ་མ་ཡོངས་ནས་སློབ་ཆས་གྲལ་དག་གྱོན་ཏེ་རྒྱལ་དར་བསྒྲེངས་པ་མ་ཟད།ཏང་ཀྲི་པུ་དང་ཐོན་ཀྲི་པུས་རྒྱལ་དར་སྒྲེང་མཁན་ལ་ཕུལ་བའི་ཚིག་སྒྲོག་འདོན་བྱ་རྒྱུ། གཟའ་ཟླ་བའི་རྩལ་སྦྱང་གི་དུས་ཚོད་བེད་སྤྱད་ནས་ཤེས་རབ་གླིང་གི་འཁོར་གཅིག་རིང་གི་བྱ་བ་ཕྱོགས་སྡོམ་དང་གཟའ་རྗེས་མའི་སློབ་གྲྭའི་དམིགས་འབེན། རེ་འདུན་སོགས་བརྗོད་རྒྱུ།   ༢/་གཟའ་འཁོར་གཅིག་རིང་གི་ནང་དུ་སྐད་ཡིག་དགེ་རྒན་གྱི་མཛུབ་སྟོན་ལྟར་རང་གི་སློབ་ཁང་ནང་དུ་དཔེ་ཆ་སྣ་ཚོགས་གཡར་ཏེ་སྒྲུང་གཏམ་དང་། སྙན་ངག འཁྲབ་གཞུང་། ལྷུག་རྩོམ་སོགས་ཀྱི་ལྟ་རྒྱ་མཐོང་རྒྱ་བསྐྱེད་པར་བྱ།   གཟའ་རེའི་ནང་སློབ་གྲོགས་རང་རང་གི་དགའ་མོས་དང་བསྟུན་ཏེ་དགའ་མོས་ཚོགས་ཁག་སྟེ།    རྩོམ་རིག   མཆོང་རྒྱུགས་འཕེན་གསུམ། ལྒང་ལི་རུ་ཁག རྐང་རྩེད་སྤོ་ལོ་རུ་ཁག རྩེད་མོའི་གུར་ཁང་། མཛེས་རྩལ་རུ་ཁག ཐོན་མིའི་མཛུབ་རིས་འཁྱུག་ས། གློག་རྩིས་ར་བ་སོགས་སུ་ཞུགས་ནས་དགེ་རྒན་གྱི་མཛུབ་སྟོན་ལྟར་རང་ཉིད་ཀྱི་ཁྱད་ཆོས་དང་འཇོན་ཐང་ཇེ་རྒྱས་སུ་གཏོང་བར་འབད་པར་བྱ། 
༣/ གཟའ་སྤེན་པའི་ཕྱི་དྲོ་སློབ་ཐུན་གསུམ་པའི་སྐབས་ འཛིན་གྲྭའི་ཨུ་ཡོན་དངའཛིན་བདག་གཙོ་བྱས་ཏེ་སློབ་ཁང་དང་ཉལ་ཁང་། ཁོར་ཡུག མི་སྒེར་གྱི་གཙང་སྤྲ་སོགས་ཕྱོགས་ཡོངས་ཀྱི་གཙང་སྤྲ་འི་གནས་ཚུལ་ལ་ཞིབ་བཤེར་ཆེན་མོ་ རེ་གནང་བར་བྱ། ༤/ གཟའ་ཉི་མའི་དགོང་མོ་འཛིན་བདག་ངེས་པར་དུ་འཛིན་ཚོགས་ལ་ཞུགས་ཏེ་གཟའ་འཁོར་གཅིག་རིང་གི་བྱ་བ་    ཡོངས་ནས་ཕྱོགས་བསྡོམས། ནང་དོན་ལ་ཞོར་ཟས་གཏན་འགོག་་དང་། མེ་འགོག   ཞག་སྡོད་བྱ་ལུགས་བདེ་འཇགས། འཕྲོད་བསྟེན། སློབ་སྦྱོང་། བསམ་པའི་འཁྱེར་སོ། སློབ་བྱོལ་མ་བྱེད་པ། ལས་བྱ་མི་འབྲི་བའམ།   དུས་ལྟར་མི་སྤྲོད་པ། སློབ་ཁྲིད་ལ་ནན་ཏན་གྱིས་མི་ཉན་པ། འཚང་མིང་འདོགས་པ། རྡུང་རེ་རྒྱག་པ། ཁ་རྩོད་བྱེད་པ། ཐུན་མོང་གི་རྒྱུ་ནོར་ལ་གཅེས་སྤྲས་མི་བྱེད་པ་སོགས་དུས་དང་བསྟུན་ནས་བྱེ་བྲག་གིས་འཆད་རྒྱུ་དང་འཛིན་གྲྭར་གནས་པའི་གནད་དོན་དག་ཐག་གཅོད་བྱེད་དགོས། 
 ༥/ གཟའ་རེར་ཡིག་རིགས་གང་རུང་གིས་གཟའ་ཐོ་རེ་བྲིས་ཏེ་རང་ཉིད་ཀྱི་རྩོམ་རྩལ་དང་།བསམ་གཞིག ལྟ་ཞིབ་ཀྱི་ནུས་པ་མཐོར་འདེགས་བྱ།
༦གཟའ་འཁོར་རེའི་གཟའ་གཅིག   གསུམ   ལྔ་ལ་སློབ་གྲོགས་ཚང་མས་སློབ་ལྭ་གྱོན་ནས་རྩལ་སྦྱང་རྩེད་པ། གཟའ་འཁོར་གཉིས་པ   བཞི   དྲུག་ལ་བོད་ལྭ་གྱོན་ནས་སྐོར་བྲོ་རྩེད་པ། 
 ༧/ གཟའ་   འཁོར་རེར་སློབ་རིམ་འགན་འཁུར་བའཛིན་བདག་འི་བྱ་བའི་སྤྱི་བསྡོམས་དང་ གཟའ་རྗེས་མའི་བྱ་བའི་དམིགས་་འབེན་གསལ་བསྒྲགས་ཐེངས་གཅིག་ངེས་པར་དུ་སྒྲུབ་དགོས།
 ༨གཟའ་རེར་སློབ་ཁང་གི་རྒྱབ་ངོས་སྒོ་སམ་ལ་བཀོད་སྒྲིག་ལེགས་པོ་གནང་རྒྱུ། དེ་ལ་ངེས་པར་དུ་ཡིག་རིགས་གང་རུང་གི་ལེགས་བཤད་རེ་འབྲི་དགོས་ལ། འབྲི་མཁན་ནི་བསླབ་ཁག་སོ་སོའི་འཐུས་མི་ཡིན་ལ། འཐུས་མི་རེ་རེས་འཛིན་གྲྭ་ངོ་སྤྲོད་ཀྱི་འགན་ཡང་འཁུར་བར་བྱ།
 ༩/ གཟའ་རེའི་འཛིན་བདག་གིས་འཛིན་གྲྭའི་གནས་ཚུལ་ཁྱབ་བསྒྲགས ཞེས་པའི་བར་འཁྱམ་གྱི་སྒོ་སམ་སྟེང་དུ་ནང་དོན་ལ་སྔ་ཉིན་གྱི་འཛིན་གྲྭའི་སྒྲིག་ལམ་དང་། གཙང་སྤྲ དོ་དམ་ཁྲོད་ཀྱི་གནད་དོན།   རང་སྦྱང་སྐབས་ཀྱི་གནས་ཚུལ། ལས་བྱ་བྲིས་ཚར་མིན་གྱི་གནས་ཚུལ། སྒོས་སུ་བདེ་འཇགས། རྩལ་སྦྱང་། སློབ་སྦྱོང་། འཛིན་བདག ཁ་པར་ཨང་གྲངས འཛིན་གྲྭའི་དམིགས་འབེན། རེ་འདུན་ལ་སོགས་སྦྱར་རྒྱུ
པར་ལྡན་འོས་སྦྱོར།