中  文
ཁྲི་ཀ་རྫོང་གི་དགེ་སློབ་ཀྱི་ལུས་བྱད་ཆ་ལུགས་ཐད་ཀྱི་སྲུང་བྱ
སྤེལ་དུས།  2013-09-20 17:04:06    རྡེབ་ཚད། 

ཁྲི་ཀ་རྫོང་གི་དགེ་སློབ་ཀྱི་ལུས་བྱད་ཆ་ལུགས་ཐད་ཀྱི་སྲུང་བྱ

དུས་རབས་སློབ་གསོའི་དགོས་མཁོ་དང་མཚོ་ལྷོ་ཁུལ་གྱི་དགེ་སློབ་ཀུན་སྤྱོད་ལེགས་བསྐྲུན་ལམ་ལུགས་བསམ་འཆར་སྡུད་ལེན་མ་ཡིག་དང་། མཚོ་ལྷོའི་དགེ་རྒན་དོ་དམ་ལམ་ལུགས། ཆུང་འབྲིང་སློབ་མའི་སྲུང་བྱ་དང་ཆུང་འབྲིང་སློབ་མའི་རྒྱུན་ལྡན་སྤྱོད་ཚུལ་སྲུང་བྱ་བཅས་པ་གཞིར་བཟུང་སྟེ་ཁྲི་ཀ་རྫོང་གི་དགེ་སློབ་ལུས་བྱད་ཆ་ལུགས་ཐད་ཀྱི་སྲུང་བྱ་གཏན་འཁེལ་བྱས་པ་གཤམ་གསལ།

གཅིག  དགེ་རྒན་གྱི་ལུས་བྱད་ཆ་ལུགས་ཐད་ཀྱི་ཚད་ཐིག་གཤམ་གསལ།   1.གྱོན་གོས་ཀྱིས་ལས་རིགས་ཀྱི་ཁྱད་ཆོས་མངོན་པ། གྲལ་དག་ཅིང་གྲུང་ཤ་དོད་པ། གཙང་ཞིང་མཛེས་ཉམས་ལྡན་ལ་དེར་མཚུངས་ཀྱི་སློབ་རྟགས་འདོགས་པ། 2.སྐྲ་ཚུགས་ཟོར་ཡང་། སྐྲ་མདོག་རང་བྱུང་དང་། མཛེས་སྤྲས་འོས་མཚམས། རྒྱན་ཆ་སྡེབ་ལེགས་པ། 3.བཤད་ལུགས་ཡག་ཅིང་། ཡ་རབས་སྤྱོད་གཙང་། གཞན་དང་འབྲེལ་སྦྱོར་རྣམ་དག་དྲང་བདེན་ཡིན་པ།  4.སྐད་ཆ་ཚུལ་ལྡན། མགྱོགས་ཚད་འོས་འཚམས། སྐད་གདངས་ལ་བརྩེ་བ་དང་ལྡན་པ། སྐད་ཆ་གསལ་བ  ནང་དོན་ཡང་དག་ཡིན་པ། 5.དགེ་སློབ་ཀྱིས་མཛུམ་དང་བཅས་དང་ཁ་བརྡ་བྱེད་པ། འདྲ་མཉམ་འབྲེལ་འདྲིས་བྱེད་པ། ལས་རོགས་ཕན་ཚུན་ལ་རང་འགུལ་ཁམས་འདྲི་བྱེད་པ། བརྩེ་བས་ལན་འདེབས་པ། ནམ་ཡང་འཆམ་མཐུན་གྱི་འབྲེལ་བ་རྒྱུན་འཁྱོངས་བྱེད་པ། 6 ཁྱིམ་བདག་ལ་གུས་བཀུར་བྱེད་པ། ཁྱིམ་བདག་དང་ཁ་བརྡ་བྱེད་ཚེ་ཁེངས་སྐྱུང་དང་རྣམ་དག་ཡིན་པ། ཁྱིམ་བདག་ལ་སྣེ་ལེན་བྱེད་ཚེ་སྤྲོ་སེམས་དང་གུས་ཞབས་ལྡན་པར། ཡོང་ཚེ་བསུ་བ་ཡོད་པ། དྲིས་ཚེ་ལན་འདེབས་གསལ་བ། འགྲོ་ཚེ་སྐྱེལ་མ་ཡོད་པ།  7. སྤྱིའི་ཁོར་ཡུག་ཏུ་རང་འགུལ་སྒོས་རྣམ་པ་ལེགས་པོ་འཛིན་པ། དཔལ་ཡོན་དང་གུས་ཞབས་ལྡན་ལ། སྒྲིག་ཁྲིམས་སྲུང་བ།  8. སྲོལ་རྒྱུན་ལ་བརྩི་བཀུར། དུས་ཚེད་འདུ་ཤེས་དང་ཡིད་ཆེས་བརྟན་པ། ཁེངས་སྐྱུང་དང་ཡ་རབས། རྒན་བཀུར་ཆུང་གཅེས། བུད་མེད་ལ་སྔོན་དུ་འཇོག་པ། ཚུལ་བྱད་ལེགས་པ། ཉམས་སྣང་མཛེས་པ། དུས་ཡོལ་མེད་པ སྔ་བྱོལ་མེད་པ། ལས་བསྐྱུར་མེད་པ། ལས་འགན་ནན་སྒྲུབ། བདེ་འཇགས་གཅིག་གཉེར་བྱེད་པ།  9  ལས་ཞུགས་སྐབས་སུ་ཁ་པར་ཉོག་གཏམ་མི་དཀྲུག་པ  དྲ་ངོས་ཁ་བརྡ་དང་རོལ་རྩེད་ལ་མི་གཡེང་བ།  10. དྲ་ངོས་ཞུགས་ཚེ་རང་འགུལ་སྒོས་དྲ་རྒྱའི་དཔལ་ཡོན་དམ་སྲུང་བྱས་ཤིང་། རང་སྟེང་ནས་བདེ་ཐང་མིན་པ། ཁྲིམས་འགལ། བཙོག་པོའི་དྲ་ངོས་དང་ནང་དོན་གཏན་འགོག་བྱས་ཤིང་། སྤྱི་སྲོལ་གཏན་སྲུང་། དྲང་བདེན་གཞིར་འཛིན། གཞན་ལ་གུས་བཀུར་དང་གཞན་གྱི་གསང་བར་བརྩི་འཇོག་བྱེད་པ། འཆལ་གཏམ། དབྱེན་ཚིག  སྡིག་དམོད། གཏམ་ཡན་མི་སྒྲོག་པ། གཞན་གྱི་འཚོ་བ་དང་བྱ་བར་གནོད་མི་སྐྱེལ་བ། 11.དགེ་སློབ་འབྲེལ་བ་འདྲ་མཉམ་དང་། སློབ་མར་བརྩེ་བས་ཕྱུག་པ། དྲང་བདེན། སློབ་བུའི་མི་གཤིས་ལ་བརྩི་བཀུར་དང་སློབ་བུར་སེམས་ཁུར་དང་བྱམས་སྐྱོང་བྱེད་པ་དང་། སློབ་བུ་ཀུན་ལ་ལྟ་སྟངས་གཅིག་འཛིན་བྱས་ཤིང་རྒྱུན་དུ་སློབ་བུར་ཁ་བརྡ་བྱས་ཤིང་སེམས་གཏམ་ལ་ཉན་པ། སློབ་བུར་མཐོང་ཆུང་དང་ཟུར་ཟ དམའ་འབེབས་དང་ཆད་གཅོད་མི་བྱེད་པ། 12.དུས་ལྟར་སློབ་ཁྲིད་ལ་འགྲོ་བ། སློབ་བུའི་བསུ་བརྡར་དུས་ལྟར་ཡ་ལན་སྦྱོར་བ། སློབ་ཁྲིད་སྐབས་སུ་དགེ་རྒན་གྱི་མིག་མདངས་ལ་ཞེ་བརྩེ་ལྡན་ཞིང་མདངས་ལྡན་པ། ལངས་ནས་སློབ་ཁྲིད་བྱེད་པ། སློབ་བུ་དང་འབྲེལ་འདྲིས་བྱེད་ཚེ་གུས་ཚིག་སྦྱོར་ཞིང་། སློབ་ཁྲིད་དུས་ལྟར་སྤེལ་ཞིང་མཐའ་སྐྱོང་བ་དང་འབྲེལ་སྦྱོར་ལག་ཆ་སློབ་ཁང་དུ་མི་འཁྱེར་བ།   13.སློབ་ར་ནས་བསྐྱོད་ཚེ་གྲོང་ཤ་དོད་ཅིང་། དཔུང་བར་འཁྱུད་ཅིང་ཁེན་ནས་མི་འགྲོ་བ་དང་། སྨྱོ་རྒྱུགས་མི་བྱེད་ཅིང་། ལས་རོགས་ཀུན་ལ་གུས་པས་གཟུར་བྱོལ་བྱེད་པ། 14.གཞུང་སྒྲུབ་ཁང་ནས་འུར་མི་སྒྲོག་ཅིང་། ཚོགས་འདུ་རུ་ཁ་པར་སྒོ་རྒྱག་པའམ་སྒྲ་མེད་པར་བཟོ་བ་དང་། ཁ་པར་ལ་མི་ཉན་པ་དང་འཕྲིན་ཐུང་མི་འདོན་ཞིང་མི་སྐུར་རེད། རང་དགར་གང་འདོད་འགྲོ་རྒྱུགས་མི་བྱེད་ཅིང་། དུ་བ་མི་འཐེན་པ་དང་ཚོགས་རར་གནོད་པའི་བྱ་བ་མི་སྒྲུབ་པ། 15.ཤོ་རྒྱག་རྒྱལ་སྐུགས་མི་བྱེད་པ་དང་། སློབ་གྲྭ་རུ་ཆང་མི་འཐུང་ཞིང་ལས་ཀར་ཞུགས་ཚེ་ཆང་འཐུང་མི་རུང་། 

གཉིས།  སློབ་བུའི་ལུས་བྱད་ཐད་ཀྱི་ཚད་མཐུན་རེ་དམིགས། 

1.སྐྲ་ཡི་འཇོག་ཚུལ།    ༡ སློབ་མ་མོ་ཡི་སྐྲ་ལོ་ཐུང་ཐུང་འཇོག་དགོས་པ་དང་བྱིས་པའི་སྐྲ་ཐུང་ལྟར་བཞར་དགོས། དེ་ལྟར་དྭངས་གཙང་། སྤྲོ་ཉམས།  ལྷད་མེད་དང་བྱིས་བློའི་རྣམ་པ་མངོན་དགོས།  ༢  སློབ་བུ་ཕོ་ཡིས་ངེས་པར་དུ་སློབ་བུའི་སྐྲ་ཐུང་འཇོག་འོས་ལ་སྤྱི་ཐེར་ཡང་བྱེད་མི་རུང་། དེ་ལྟར་དག་གཙང་དང་གྲལ་དག  གསོན་ཉམས་ཀྱི་རང་བཞིན་མངོན་པར་བྱེད་འོས།  2.གྱོན་གོས་རྒྱན་སྤྲོས་ཀྱི་ཐད། སློབ་གྲྭའི་ནང་དུ་ངེས་པར་དུ་གཅིག་གྱུར་གྱིས་སློབ་ལྭ་གྱོན་དགོས་པ་དང་། ལྭ་བ་མཚར་བོ་སྣ་མིན་སྣ་ཚོགས་གྱོན་མི་རུང་བ་དང་།  བུ་མོ་ཚོས་ཁ་རྩི་དང་སྐག་ཚོས། སེན་སྐྲག་བྱུགས་པ  རྫི་མ་འབྲི་བ་སོགས་མི་རུང་བ་དང་། གསེར་དངུལ་རྒྱན་ཆ་མི་འདོགས་པ། སློབ་ར་རུ་རྟིང་མཐོ་ལྷམ་མི་གྱོན་པར་རས་ལྷམ་དང་ལུས་རྩལ་ལྷམ་གྱོན་དགོས།  3.ཚད་ལྡན་གྱིས་གུས་སྲོལ་བྱང་བུ་འདོགས་པ། སློབ་བུ་ཡོངས་ཀྱིས་མི་རེ་རེ་ནས་ཚད་དང་མཐུན་པར་སློབ་གྲྭའི་མིང་བྱང་འདོགས་པ། སློབ་རྟགས་ཐོག་ཏུ་རང་གི་འདྲ་པར་དང་མཚམས་སྦྱོར་གསལ་བོ་ཡིན་དགོས་ལ་སྟེང་དུ་གང་རུང་སྦྱར་མི་རུང་། སློབ་བུས་ལག་འཁྱེར་ཁ་པར་དང་མེ་ཆ། MP3, MP5སོགས་འབྲེལ་སྦྱོར་བྱེད་ཆས་སོགས་འཛིན་མི་རུང་།  4.མནའ་ཚིག་བརྩི་ཞིང་སྤྱོད་ཚུལ་ལེགས་པ།  ༡ རྒྱུན་སྲོལ་བརྩི་སྲུང་བྱེད་པ། དུས་ཚོད་བརྩི་ཡིད་་རྟོན་རུང་བ། གཞན་དང་བགྲོ་གླེང་བྱེད་ཚེ་གོ་རིམ་དགོས་ལ། བརྩེ་ཉམས་ལྡན་པ། ཀུན་ལ་སྒམ་བརླིང་། ཁོག་ཟབ  གུས་བཀུར་ལྡན་པའི་ཉམས་འགྱུར་ལྡན་དགོས། ༢ ལམ་དུ་འགྲོ་དུས། ངེས་པར་དུ་གཡས་ཕྱོགས་སུ་འགྲོ་དགོས་པ་དང་དཀྱིལ་ནས་འགྲོ་མི་རུང་། ལམ་བར་ནས་འགོ་ཁྲིད་དང་དགེ་རྒན། ངོ་ཤེས་ལ་ཐུག་ཚེ་བརྩེས་བས་མགོ་སྒུར་ནས་བརྡ་སྟོན་དགོས་ཤིང་གུས་བཀུར་ལྡན་པའི་བརྡ་རྒྱག་དགོས། འགོ་ཁྲིད། དགེ་རྒན་སོགས་མལ་ཁང་དུ་སླེབས་ཚེ་གུས་ལུགས་ལྡན་པར་བརྡ་རྒྱབ་ཅིང་ཙོག་ས་སྟེར་དགོས། སྐས་ཐོག་དང་བར་ཁྱམས་ནས་ཡར་འགྲོ་མར་འགྲོ་བྱེད་ཚེ་འགོ་ཁྲིད་དང་དགེ་རྒན།  རྒན་པར་ཐུག་ཚེ་རང་འགུལ་སྒོས་ལམ་སྟེར་དགོས། དུས་རྒྱུན་ཆུ་ཁོལ་ལེན་པ  བཀྲུ་བཤལ་དང་གོན་པ་ཉི་མར་ལྡེ་དུས་གཞན་པ་སྔོན་དང་རང་ཉིད་གཞུག་མའི་འདུ་ཤེས་བསྐྱེད་དེ་གུས་པས་ཕྱིར་བསྣུར་བྱེད་དགོས་པ་ལས་སྔོན་མ་འཕྲོག་རྩོད་བྱེད་མི་རུང་།   5.གཙང་སྦྲ་ཡི་གོམས་སྲོལ་ལེགས་པོ་ཆགས་དགོས།  གཙང་སྦྲའི་གོམས་སྲོལ་ལེགས་པོ་ཡོངས་ཆེད། བཀྲུ་བཤལ་གཞོལ་བ  གྱོན་པ་བརྗེ་བ  ཁ་ངོ་བཀྲུ་བ སྐྲ་བཞར་བ  ལག་པ་བཀྲུ་བ སེན་མོ་འབྲེག་པར་བརྩོན་པ་དགོས། ཐུན་མོང་ཁོར་ཡུག་ཏུ་གཞན་གྱི་མདུན་དུ་སྣ་མི་འབུད་པ སྣ་ནང་སློག་པ མིག་སྐྱག་འབྱིད་པ གླལ་སྒྱིངས་བྱེད་པ  སོ་བར་འདྲད་པ སེན་མོ་གཅོད་པ  རྣ་ནང་སློག་པ  འཕྲུག་པ་སོགས་བྱེད་མི་རུང་། ད་དུང་གང་སར་ཁ་ལུད་དང་གད་སྙིགས་སོགས་མི་འཕེན་པ་དང་། ད་དུང་ཀུན་གྱི་དཀྱིལ་ནས་སྐད་ངན་སྣ་ཚོགས་སྒྲོག་མི་རུང་།   གསུམ  སློབ་ཐུན་སྐབས་ཀྱི་གུས་སྲོལ། སློབ་བུ་སློབ་ཐུན་ཚོགས་བརྡ་སྔོན་དུ་སློབ་ཁང་དུ་ཐོན་དགོས་པ་དང་། མཚུངས་སུ་སློབ་སྦྱོང་ཡོ་ཆས་ཡོངས་སུ་གྲ་སྒྲིག་བྱས་ཏེ། དགེ་རྒན་ལ་སྒུ་དགོས། གལ་ཏེ་སློབ་བུ་གནས་ཚུལ་གྱི་རྐྱེན་སློབ་ཐུན་རྗེས་སུ་ལུས་ཚེ་སྒོ་ཁ་ནས་ཡར་ཞུའི་བརྡ་སྒྲོག་དགོས་པ་དང་།  དགེ་རྒན་གྱིས་ཆོག་མཆན་ཐོབ་ཚེ་ནང་དུ་ཡོང་དགོས། སློབ་ཐུན་སྐབས་ཀྱི་བརྡ་ལན་སྐད་གདངས་མཐོ་ཞིང་གསལ་བོ། སྤོབས་པ་ལྡན་པ། དག་མོ་ཡིན་དགོས། དགེ་རྒན་གྱི་ནམ་ཡང་སློབ་བུར་ཚིག་རྩུབ་དང་ཟུར་ཟ  འཕྱ་སྨོད་སོགས་ཀྱིས་གནོད་བསྐྱལ་མི་རུང་། 

པར་ལྡན་འོས་སྦྱོར།