中  文
ལས་ཕྱོད་མཐོ་བའི་སློབ་ཁྲིད་ཀྱི་ཤེས་བྱའི་སྐོར།
སྤེལ་དུས།  2014-09-12 08:52:57    རྡེབ་ཚད། 

 

ལས་ཕྱོད་མཐོ་བའི་སློབ་ཁྲིད་ཀྱི་ཤེས་བྱའི་སྐོར།
ལས་ཕྱོད་ཆེ་བའི་སློབ་ཐུན་གྱི་མཐོ་བ་གསུམ་ནི། ལས་ཕྱོད་མཐོ་བ། ཕན་ནུས་མཐོ་བ། ཐོན་འབྲས་མཐོ་བ།
འགུལ་བ་གསུམ་ནི ། ལུས་འགུལ་བ། སེམས་འགུལ་བ། རྣམ་རིག་འགུལ་བ།
ཚད་གསུམ། བསམ་གཞིགས་ཀྱི་ཚད། བརྡ་འཕྲིན་གྱི་ཚད། སྦྱོང་བརྡར་གྱི་ཚད།
ཁྱད་ཆོས་གསུམ། བསླངས་གཟུགས་རང་བཞིན། ལས་ཟོར་འགྱོགས་པ། ཤོང་ཚད་མཐོ་བ།
སློབ་གསུམ། སློབ་འདོད་པ། སློབ་ཤེས་པ། ངང་གིས་སློབ་པ།
འཕྲི་བསྐྱུང་བྱེད་པ། འགན་འཁུར་འཕྲི་བ རྒྱུ་སྤུས་མཐོ་བ། དུས་ཚོད་བེད་སྤྱོད་ཉུང་བ། ཕན་ནུས་མཐོ་བ། 
དམིགས་ཡུལ། 
1 དགེ་རྒན་གྱི་སློབ་ཁྲིད་ལྟ་བ་བཅོས་བསྒྱུར་བྱེད་པ། སློབ་བུ་རང་ཉིད་ཀྱི་སློབ་སྦྱོང་གི་བློ་འདུན་ལེགས་སྒྱུར་བྱེད་པ
2 དགེ་རྒན་ཉིད་སྣེ་འཛིངས་འབོར་ཆེན་གྱི་འཆད་བརྗོད་རིང་མོ་ནས་གྲོལ་ཞིང་། སློབ་་བུས་སློབ་སྦྱོང་གི་སྤྲོ་མཚར་མྱོང་རྒྱུ།
འདུ་ཤེས།
 དེང་གི་སློབ་ཁྲིད་བཅོས་སྒྱུར་གྱིས་སྒྲོག་རྒྱུར་སློབ་མའི་སློབ་སྦྱོང་གི་རང་གཙོའི་རྣམ་པ་མངོན་འདོན་བྱེད་པ། ཕྱོད་ཆེའི་སློབ་ཁྲིད་དེ་ལེགས་བཟོ་བྱེད་ན་ངེས་པར་དུ་སློབ་ཐུན་ནི་སློབ་བའི་སློབ་སྦྱོང་གནས་མལ་ཡིན་པ་དེ་རྒྱུན་འཁྱོངས་བྱེད་པ་དང་། དགེ་རྒན་གྱི་འགན་ཁུར་ནི་སློབ་སྦྱོང་གི་སྟེགས་བུ་ལེགས་སྐྲུན་དང་སློབ་བུ་རང་གི་ནུས་རྩལ་མངོན་འདོན་བྱེད་པའི་གོ་སྐབས་དང་ཁོར་ཡུག   སེམས་ཁམས་སྐྲུན་རྒྱུ་དེ་རེད། 
ཐབས་ལམ། 
1         འཆད་ཁྲིད་མེད་པ། སློབ་བུས་རང་སྟེང་ནས་སློབ་སྦྱོང་བྱེད་པ། གནད་དོན་མཉམ་དུ་བགྲོ་གླེང་དང་རྟོག་དཔྱོད་བྱེད་པ
2         ལག་ལེན་དང་དངོས་སྤྱོད་ལ་ཤུགས་སྣོན། དུས་ཚོད་མང་ཤོས་སློབ་བུ་ལ་སྤྲོད་པ།
3         དགེ་རྒན་གྱིས་སློབ་བུར་སློབ་སྦྱོང་གི་སྟེགས་བུ་སྐྲུན་ཞིང་། སློབ་སྦྱོང་རྩ་འཛུགས་ལེགས་པོ་བྱེད་པ།
གནས་བབ
 1 སློབ་བུས་ཇི་ལྟར་སློབ་དགོས་པ་མི་ཤེས་པ། 2 སློབ་བུ་ལ་ལས་སློབ་ཁྲིད་སྐབས་སུ་བློ་རྩེ་གཅིག་གཏོད་མིན་པ། སློབ་བཞིན་དུ་གཉིད་འགྲོ་བ 3 སློབ་བུ་ལ་ལ་ཞིག་སློབ་ཐུན་ནང་དུ་འུར་འུར་ཟིང་ཟིང་ཡིན་པ། 4 སློབ་བུ་ལ་ལས་དཔེ་དེབ་སྟེང་དུ་རྟགས་རྒྱབ་པ་མང་ཞིང་སྦྱོང་བརྡར་བྱས་པ་ལེགས། ཡིན་ཡང་འབྲས་བུར་མཐོར་འདེགས་མེད་པ། 5 སློབ་ཐུན་སྐབས་ཀྱི་སྦྱོང་བརྡར་མང་དྲག་པས་སྤྱིའི་སློབ་ཁྲིད་མྱུར་ཚད་ཇེ་དམའ་རུ་སོང་བ། 6 དགེ་རྒན་ལ་ལར་ཚོད་འཛིན་དཀའ་བའི་བཤད་འདོད་སྐྱེས་པ།
གནད་དོན།
1 དགེ་རྒན་གྱིས་ཇི་ལྟར་སློབ་སྦྱོང་གི་སྟེགས་བུ་བསྐྲུན་པ། 2 ཇི་ལྟར་སློབ་བུར་བགྲོ་གླེང་དང་འབྲེལ་སྦྱོར་བྱེད་དུ་འཇུག་པ
པར་ལྡན་འོས་སྦྱོར།