中  文
ལྡོང་ཡོན་ཏན་རྒྱ་མཚོའི་འཆད་ཁྲིད་ཀྱིས་རང་སློབ་གྲྭའི་ཟབ་སྦྱོང་གསར་བའི་འགོ་བསླངས།
སྤེལ་དུས།  2013-05-19 13:33:57    རྡེབ་ཚད། 

ལྡོང་ཡོན་ཏན་རྒྱ་མཚོའི་འཆད་ཁྲིད་ཀྱིས་རང་སློབ་གྲྭའི་ཟབ་སྦྱོང་གསར་བའི་འགོ་བསླངས། 

http://v.youku.com/v_show/id_XNTYwMzAzNTMy.html    ཁག་གཉིས་པ

http://v.youku.com/v_show/id_XNTYwMzY4NTY4.html    ཁག་གསུམ་པ

སློབ་གསོ་ནི་དུས་བསྟུན་གྱིས་བསྲེགས་བཅད་བརྡར་གསུམ་བྱེད་དགོས་པའི་བགྱི་བ་ཞིག་ཡིན་ཞིང་། ནམ་ཡང་ཕན་ཚུན་སློབ་སྦྱོང་དང་འཚོལ་རྟོག  ཕན་ཚུན་ལེགས་སྡེབ་དང་ཤུགས་བསྐྱེད་ཧུར་ཐག་གིས་སྒྲུབ་དགོས་པའི་ལས་གཞི་རེད།  ཆེད་མཁས་ཀྱིས་སྣེ་སྟོན་དང་རང་སྒེར་གྱིས་བརྡར་གཅོད་བྱེད་རྒྱུ་ནི་རང་སློབ་གྲྭའི་སློབ་གསོའི་ལས་གཞི་ལེགས་སྤེལ་གྱི་རྣམ་གྲངས་གཙོ་བ་ཞིག་ཡིན། དགོངས་དོན་དེ་དང་བསྟུན་ཏེ། ཟླ་5་པའི་ཚེས་18་ཉིན་ནས་བཟུང་སྟེ་རང་སློབ་གྲྭས་མགོ་ལོག་ར་རྒྱ་ཤེས་རིག་གླིང་གི་མཁས་དབང་ལྡོང་ཡོན་ཏན་རྒྱ་མཚོ་གདན་འདྲེན་ཞུས་ཤིང་།  ཚེས་18་ཀྱི་སྔ་དྲོར་སློབ་གྲྭའི་དམའ་འབྲིང་མཐར་ཕྱིན་འཛིན་གྲྭར་རང་ཉིད་ངོས་ཟིན་བྱ་དགོས་ཞེས་པའི་བརྗོད་དོན་འཆད་ཁྲིད་སྤེལ་བ་དང་སློབ་བུ་ཀུན་དང་བགྲོ་གླེང་བྱས་ཏེ་ཐེངས་འདིའི་སློབ་སྦྱོང་བྱ་འགུལ་གྱི་འགོ་བརྩམས་པ་རེད།

东云丹2.jpg

东云丹1.jpg

ཚེས་19་ཡི་སྔ་དྲོར་རང་སློབ་གྲྭའི་སྐད་གཉིས་དགེ་རྒན་ཀུན་དང་ཁུལ་མཐོ་འབྲིང་གཉིས་པའི་བོད་ཡིག་དགེ་རྒན།  རྫོང་འོག་སློབ་གྲྭ་སོ་སོའི་བོད་རིགས་དགེ་རྒན་སོགས་དགེ་རྒན་ཉིས་བརྒྱ་ལྔ་བཅུ་ལྷག་མཉམ་གཅིག་ཏུ་འདུས་ཏེ་གཙང་མཁས་གཞན་ལ་ཕན་པར་འདོད་ཅེས་ཆེད་དོན་གཏམ་གླེང་ལ་ཉན་པ་རེད། ཉིན་དེའི་ཕྱི་དྲོ་རང་སློབ་གྲྭའི་ལོ་རིམ་བཞི་བ་ནས་བརྒྱད་པའི་བར་གྱི་སློབ་བུ་ཉིས་སྟོང་ལྷག་ལ་སློབ་མ་སྣོད་རུང་དུ་བྱ་བའི་གདམས་ངག་སྐོར་གྱི་བསླབ་བྱ་གནང་སྟེ་ཁོང་གི་འཆད་ཁྲིད་ལེ་ཚན་གྱི་མཇུག་བསྡུས་པ་རེད།

东云丹3.jpg

东云丹4.jpg

དེ་བཞིན་དུ་རང་སློབ་གྲྭའི་འཆར་གཞི་ལྟར་དུ་རིམ་པར་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ། སློབ་གསོ་སློབ་གླིང་གི་དགེ་རྒན་ལོན་ཧྲིན་ཞང་། ན་གཞོན་དབྱིན་ཡིག་ཆེད་མཁས་ཚེ་དབང་རྡོ་རྗེ་སོགས་གདན་འདྲེན་བྱས་ཏེ་དགེ་རྒན་གྱི་ཆེད་ལས་ཐད་ལ་ཟབ་སྦྱོང་བྱས་ཤིང་།  སློབ་གྲྭའི་དགེ་རྒན་གྱི་ཕྱོགས་ཡོངས་སྤུས་ཚད་མཐོར་འདེགས་ལ་ཤུགས་སྣོན་བྱ་རྒྱུ་རེད།

http://v.youku.com/v_show/id_XNTYwMzAzNTMy.html   འབྲེལ་ཡོད་གཟུགས་བརྙན་དྲ་གནས།

པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།