中  文
ངའི་སེམས་ཁོང་གི་མར་མེ་ཚེ་འབར།
སྤེལ་དུས།  2013-03-15 13:10:15    རྡེབ་ཚད། 

 

ངའི་སེམས་ཁོང་གི་མར་མེ་ཚེ་འབར།
----བརྒྱད་གསུམ། ལྷ་དཀར་ཚེ་རིང་
ངའི་ཤེས་ཡོན་གྱི་ཞིང་སའི་སྟེང་དུ་ས་བོན་གྱི་ནས་འབྲུ་ཐོག་མར་གཏོར་བ་དེས། རྒྱུད་ལ་སྨིན་བཞིན་པའི་ཡོད་ཚད་བརྩོན་པའི་གཤིས་སུ་གྲུབ་ལ་བསྒྱུར་ཟིན་པའི་ཁ་ཕྱོགས་དེ་ནི་ཁྱེད་ཀྱི་རེ་བ་ཡིན་ལ། ངའི་ཕུགས་བསམ་དང་འཚོལ་སྙེགས་ཀྱི་ཆེད་དུའང་ཡིན། ང་ལ་གནང་བའི་མར་མེ་རྐོང་གཅིག་གིས་ང་ལ་བཀྲག་མདངས་འཚེར་ཞིང་ང་སྡོད་སའི་ས་གཞི་འདིར་དྲོད་ཁོལ་རྒྱས།
རྨོངས་པ་དང་མུན་པའི་ཁྲོད་ན་གནས་པའི་ང་ལ། ཁྱེད་ཀྱི་སྨྲ་ལྕེ་ངག་གི་དབྱངས་རྟ་དང་ན་ཟུག་གི་འབོད་སྒྲ་དང་བཅས་བདེན་དོན་གྱི་ཤེས་བྱ་ཡི་བདུད་རྩི་རེ་རེར་རོལ་མྱོང་བྱེད་དུ་བཅུག ཡར་ཐོན་དང་འཕེལ་རྒྱས་མེད་པའི་ང་ཚོའི་ཁྱེད་ལ་བྲེལ་འཚུབ་དང་སེམས་ཁུར་གྱི་མནར་གཅོད་རབ་དང་རིམ་པ་ཞིག་མྱོང་སོང་ལ། ངའི་སེམས་ཀྱི་མར་མེ་ཚེ་འབར། ཁྱེད་ཀྱི་དབྱངས་གསལ་སོ་བཞིའི་ང་རོ་ལ་བརྟེན་ནས་ང་ཚོ་ལ་རེ་བ་མཐོན་པོ་ཞིག་གིས་རང་ཉིད་ཀྱི་ངལ་དུབ་རྒྱབ་ཏུ་བསྐྱུར་ནས། ཤེས་རབ་རལ་གྲིའི་ཉོན་མོངས་དུག་གི་རྩ་བ་འཛོམས་པར་བྱེད་བཞིན་རང་ཉིད་ལ་མདུན་བསྐྱོད་ཀྱི་ལམ་སྣེ་གསར་བ་ཞིག་ཕྱེ་སོང་བས། ཉིན་མཚན་དབྱེ་བ་མེད་པར་ཤེས་རིག་གི་ཟེའུ་འབྲུའི་ཚོགས་ལ་ཤེས་རིག་གི་ཡང་རྩལ་ངོམ་བཞིན། ནག་པང་གི་བཞིན་རས་ལ་བཀོད་པའི་གསེར་མདོག་གི་འབྲས་བཟང་དེ་ནི་ང་ལ་མཚོན་ན་ཇི་འདྲའི་རྙེད་པར་དཀའ་བའི་ནོར་བུ་ཞིག་རེད་ཨང་།
   བརྗེད་མི་སྲིད་པའི་ཁྱེད་ཀྱི་སྐུ་དྲིན་དེ་ལས་བདག་གིས་ཚོར་བའི་བཀའ་དྲིན་ནི་བཤད་མ་དགོས་ཤིང་། ཡོད་ཚད་ང་ཚོར་གནང་བའི་མར་མེ་ཚེ་འབར་ཁྱེད་ལ་སུན་སྣང་དང་ངལ་དུབ་མེད་པ་ཞིག་མིན་ལ། འདི་ནི་ང་ཚོར་བཞག་པའི་ཞབས་རྗེས་དང་མི་ཡུལ་འདིར་བཞག་པའི་དན་རྟགས་ཉིད། བྱ་བཞག་གི་ཆེད་དང་དུས་རབས་འདིར་ང་ཚོར་འབུལ་བའི་ཁྱེད་ཀྱིས་བརྩེ་བ་དྲོན་མོ་ཇོ་མོ་བླ་རིའི་དབུ་རྩེ་ནས་སྙིང་གཏམ་གསེར་ཆུའི་དངོས་གྲུབ་དེ་བསྩལ་བྱུང་། དུངས་བ་རྨ་ཀླུང་སྒེག་མོའི་ཆལ་ཆིལ་གྱི་རླབས་སྒྲའི་མི་བརྗེད་སྙིང་གི་དྲིན་ལན་དེ་རྟོགས་སོ།།