中  文
ཕ་མའི་བྱམས་བརྩེ།
སྤེལ་དུས།  2013-03-15 13:14:57    རྡེབ་ཚད། 

 

ཕ་མའི་བྱམས་བརྩེ།
བརྒྱད་གསུམ། ཡི་དམ་རྒྱལ།
ངའི་ངུ་ངག་གི་དབྱངས་རྟ་ཐོག་མ་མི་ཚེ་བགྲོད་པའི་ལམ་ཕྲན་འདིར་གཏོར་དུས། ངག་ལས་སྐད་ཆ་སྨྲ་མི་ཤེས་ཀྱང་མི་ཞིག་མཐོང་ཚེ་ངོས་འཛིན་ཤེས་པ་ནི་བདག་གི་ཕ་མ་ཡིན། ཕ་མ་གཉིས་ཀྱིས་ང་ལ་མི་ཚེ་འདིར་རང་གི་ནུས་ཤུགས་ཡོད་ཚད་ཀྱིས་དཀའ་སྡུག་གི་ངང་ནས་བྱམས་སྐྱོང་འོག་ང་ལ་གཉོམ་ལག་རྒྱས། མི་ཚེ་འདིར་ཆེས་བརྗེད་པར་དཀའ་ལ་རྡོ་བརྐོས་བཞིན་གསལ་བ་ནི་བདག་གི་ཕ་མ་ཡིན།
དུས་ཀྱི་འགྲོས་དང་བསྟུན་ནས་སྐྱེ་ལྡན་ལ་ཡན་ལག་རྒྱས་བཞིན་པའི་འཚོ་ལམ་ཁྲོད། ཕ་མས་ངའི་འགྲོ་འདུག་སྤྱོད་གསུམ་དང་ཟས་གོས་ལྟོ་རྒྱབ་ཀྱི་འོག་ཏུ་ང་ལ་གསོ་སྐྱོང་གནང་། ཆུང་དུས་ནས་ང་རང་ལྔ་རིག་པདྨའི་སློབ་གླིང་དུ་བསྐྱལ་ཏེ། ངའི་མི་ཚེ་ལ་རིན་ཐང་ཞིག་དང་རེ་བ་བསམ་ནས། དུས་རྒྱུན་གནས་གང་ཞིག་ཏུ་སོང་ནའང་ང་ལ་སེམས་ཁུར་སློབ་གསོ་གཏོང་ལ། ང་རང་སློབ་གྲྭ་འགྲིམས་པའི་ཉིན་དེ་ནས་བཟུང་། ཁོང་གཉིས་ཀྱིས་ཕ་ཡུལ་གྱི་ལུང་ཁོག་སྐམ་པོས་གཞིས་ཁྱིམ་དེར་སྒོ་ཕྱུགས་ཀྱི་སྨུག་རྗེས་འབྲངས་བཞིན་པའི་ངའི་སློབ་ཡོན་དང་། ཟས་གོས་ལོངས་སུ་སྤྱོད་པ་བསམ་ནས་ལུས་སེམས་རྔུལ་ཁྲག་གིས་བརྫིས་ཀྱང་རང་གི་བུ་ཕྲུག་བསམ་ནས་དཀའ་སྡུག་རྒྱ་མཚོ་དང་རི་རབ་བརྒལ་དགོས་ཀྱང་འགྱོད་པ་སྤུ་ཙམ་ཡང་མེད་པ་འདྲ་བཞིན་དུ་ང་ལ་ཐུགས་ཁུར་གནང་། ཁོང་གཉིས་ཀྱིས་ང་རང་གནས་གཞན་ཞིག་ཏུ་སོང་ནས་ཕྱིར་ལོག་དུས། ཟས་ཞིམ་པོ་ཞིག་དང་ལྭ་ཡག་པོ་ཞིག་ཡོད་ན་སེར་སྣ་བྱེད་པ་འདྲ་བཞིན་ང་ལ་བཞག་ཡོད། ངས་ཁོང་གཉིས་མཐོང་ཚེ་སེམས་སུ་བཟོད་ལྷག་མེད་པའི་ཚོར་བ་ཞིག་སྐྱེས། ཁོང་གཉིས་ལས་ངའི་འཇིག་རྟེན་འདིར་ལྷག་བསམ་རྣམ་དག་གི་བྱམས་བརྩེ་ཞེས་རྟོགས་ལ། ངས་རང་གིས་རང་གི་སེམས་སུ་ཕ་མའི་ཚད་མེད་ཀྱི་དཀའ་སྡུག་དེར་ངས་དྲིན་ལན་འཇལ་བར་སྙིང་ཁོང་རུས་པའི་སྟེང་ལ་དམ་བཅས།
 ཕ་མ་ནི་བདག་གི་མུན་པའི་ཁྲོད་ཀྱི་ལམ་སྟོན་སྒྲོན་མེ་དང་སེམས་པའི་ངོས་ཀྱི་ལོ་རྒྱུས་བརྟན་པོ་ཡིན།