中  文
ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ
སྤེལ་དུས།  2011-05-01 22:16:42    རྡེབ་ཚད། 

 

ཞིང་ཆེན་ནས་ཆེས་ཆེ་བའི་མི་རིགས་བཅའ་སྡོད་སློབ་གྲ

-------ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ

 

ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ་ནི་ལོ་དགུའི་འོས་འགན་སློབ་གསོ་ལག་བལྟར་བྱེད་སའི་བཅའ་སྡོད་སློབ་གྲྭ་ཞིག་ཡིན་ཞིང་།སློབ་མའི་ཐོན་ཁུངས་ནི་རྫོང་ཡོངས་ཀྱི་བོད་རིགས་སློབ་བུ་ཡིན།འདི་ནི་ཁུལ་ཡོངས་ནས་ཆེས་ཆེ་བའི་བཅའ་སྡོད་སློབ་གྲྭ་ཞིག་ཡིན།   སློབ་གྲྭར་སྤྱིར་ལས་བཟོ་༣༢༢དང།  ཆེད་གཉེར་དགེ་རྒན་༢༢༤དང་།  སློབ་གྲྭའི་དོ་དམ་པ་༨་ཡོད།   གཞན་སློབ་ཁྲིད་རོགས་འདེགས་པ་ནི་༡༥་ཡོད་ཅིང་།  སྐབས་ཐོག་གི་ལས་བཟོ་བ་ནི་༧༥ཡོད།  སློབ་གྲྭར་སྤྱིར་འཛིན་གྲྭ་༦༣་ཡོད་པར་སློབ་བུ་ནི་༣༠༨༠ཙམ་ཡོད་ཅིང་། དེ་ལས་སློབ་ཆུང་ལ་འཛིན་གྲྭ༤༡དང་།  སློབ་འབྲིང་ལ་སློབ་བུ༢༥ཡོདཡོངས་ནས་ཞག་སྡོད་སློབ་བུ་ཡིན།   སློབ་གྲྭའི་གཞི་ཁྱོན་ལ་ས་མུའུ་༡༠༦ཡོད།  འཛུགས་བསྐྲུན་གྱི་གཞི་ཁྱོན་ལ་རྨིད་གྲུ་བཞི་མ་ཁྲི་༢༤ཡོད།   སློབ་རའི་ནང་དུ་སྣ་འཛོམས་གཞུང་སྒྲུབ་ཐོག་ཁང་ སློབ་ཁྲིད་ཐོག་ཁང་    ཟས་སྒྲུབ་ཐོག་ཁང  སློབ་མའི་སྡོད་ཤག་ཐོག་ཁང    དགེ་ལས་བཟོ་བའི་ཐོག་ཁང  ལྒང་རྩེད་ཁང་བཟང་ད་དུང་ཚད་ལྡན་གྱི་མཐའ་སྐོར་རྨིད་༥༢༠ཅན་གྱི་འགྱིག་སྤྱིན་རྩལ་སྦྱོང་ར་བ་དང་།    སྣ་འཛོམས་ལུས་རྩལ་ཁང་ཆེན།     དཔེ་མཛོད་ཁང་།    དྲ་རྒྱའི་སློབ་ཁང་།   སློབ་རའི་སྨན་ཁང་སོགས་ཡོད།  དེ་མིན་ད་དུང་གློག་ཀླད་༢༠༠ཅན་གྱི་གློག་ཀྱི་ཀླད་ཁང་དང་།    སྨྱན་མང་གཟུགས་སློབ་ཁང་།       སློབ་ཁང་ཡོད་ཚད་ཡོངས་སྦྲེལ་བྱས་ཡོད་པའི་སྒྲིག་ཆས་འཐུས་ཚང་དང་།  སྐྱེས་དངོས་རྫས་གསུམ་གྱི་ཚོད་ལྟ་ཁང་སོགས་དེ་དང་བསྟུན་པའི་རྒྱང་འཕྲིན་དྲ་རྒྱའི་མ་ལག་སོགས་ཡོད།  

 སློབ་གྲྭའི་མ་འོངས་དམིགས་འབེན་ནི།དགེན་གྱི་དཔུང་སྡེ་ཆེད་ལས་ཅན་དུ་བསྒྱུར་རྒྱུ་དང་། སློབ་རའི་རིག་གནས་དེང་རབས་ཅན་དུ་བསྒྱུར་རྒྱུ། སློབ་རའི་ཁོར་ཡུག་དཔལ་ཡོན་ཅན་དུ་བསྒྱུར་རྒྱུ་དང་།    གསོ་སྦྱོང་གི་ཐོན་ནུས་མངོན་གསལ་ཅན་དང་།    སློབ་གྲྭ་དོ་དམ་སྒྲིག་སྲོལ་ཚད་ལྡན་དུ་བསྒྱུར་རྒྱུ། ཐུན་མོང་མིན་པའི་རིག་གནས་འབུར་ཐོན་དང་རྣམ་པ་དྲུག་ལྡན་གྱི་སློབ་རར་འཛུགས་བསྐྲུན་བྱས་ཏེ་ས་གནས་མི་རིགས་ཀྱི་རྗེས་རབས་པ་འཇོན་ཐང་དང་མི་གཞི་ཕུལ་བྱུང་ཅན་གསོ་སྐྱོང་བྱེད་རྒྱུ་དེ་ཡིན།

 

学校04.jpg

学校06.jpg

学校006.jpg

学校03.jpg

学校.jpg

学校05.jpg

学校02.jpg

པར་ལྡན་འོས་སྦྱོར།