中  文
ལོ་ངོ་བཞི་ཡི་འཕེལ་འགྱུར།
སྤེལ་དུས།  2013-11-20 14:30:49    རྡེབ་ཚད། 

 ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ

         ----ལོ་ངོ་བཞི་ཡི་འཕེལ་འགྱུར།བརྙན་གཟུགས་ཀྱི་ཟུར་བཤད་ཡིག་ཆ
༡  མཁས་པའི་ཞལ་གདམས།
 
༢.འཛུགས་བསྐྲུན་གྱི་རྒྱབ་ལྗོངས།
    དེང་རབས་འཛམ་གླིང་སློབ་གསོའི་འཕེལ་རྒྱས་དང་རྒྱལ་ཡོངས་སློབ་གསོའི་ཁ་ཕྱོགས་ཁྲོད་དུ། མཚོ་སྔོན་ཞིང་ཆེན་དང་ལྷག་པར་མཚོ་ལྷོ་ཁུལ།  དེ་ལས་ཀྱང་ཁྲི་ཀ་རྫོང་གི་བོད་ཁུལ་སློབ་གསོར་མཚོན་ན་མི་འདང་ས་རྣམ་པ་སྣ་ཚོགས་ཤིག་མངོན་ཡོད་དེ། ཞིང་འབྲོག་སློབ་གསོའི་ཆུ་ཚད་གཉོམ་པ། ཕུལ་བྱུང་སློབ་གསོའི་རྒྱུ་ཆ་མི་འདང་བ། སློབ་གསོའི་ཐད་ཀྱི་འགྲོ་གྲོན་བཀོད་སྒྲིག་མི་སྙོམ་པ།  གྲོང་ཁྱེར་དང་ཞིང་སྡེ་སློབ་གསོ་དོ་མི་མཉམ་པ་བཅས་མངོན་ཡོད་པ་རེད། རྒྱུ་རྐྱེན་དེའི་དབང་གིས་འདྲ་མཉམ། ཚད་ལྡན། བཅོས་བསྒྱུར། འཕེལ་རྒྱས་ཀྱི་ཁུལ་སློབ་གསོའི་དགོངས་དོན་གཞིར་བཟུང་སྟེ། ཁྲི་ཀ་རྫོང་གི་ལུང་གསུམ་མདོ་བཞིའི་སློབ་གསོའི་འཕེལ་རྒྱས་ལ་འདྲ་མཉམ་དང་ཡང་དག་ཡིན་པ།  བྱ་བའི་གྲུབ་འབྲས་མཐོར་འདེགས་བྱེད་ཕྱིར། 2007ལོའི་ཟླ10ནས་བཟུང་སྟེ་ཞིང་ཆེན་དང་ཁུལ་རིམ་པའི་འགོ་ཁྲིད་པའི་ལྟ་སྐུལ་དང་མཛུབ་སྟོན་འོག རང་རྫོང་གི་འབྲེལ་ཡོད་མི་སྣ་གཞི་རིམ་ཁུལ་དུ་སོང་སྟེ་ཡུལ་དངོས་རྟོག་ཞིབ་དང་རྒྱུས་ལོན་བྱས་ཤིང་། དུས་ཡུན་ལོ་གཅིག་ལ་རིམ་པར་གཞི་རིམ་གྱི་ཞང་དང་། སྡེ་བ། སློབ་གྲྭ་སོ་སོར་ཐེངས་མང་བོར་སོང་སྟེ། དམངས་དང་བགྲོ་གླེང་། བསམ་འཆར་བསྡུ་ལེན་བྱས་ཤིང་། དེར་བསྟུན་གྱི་འཆར་འགོད་དང་གྲོས་གཞི་ཡང་ཡང་ལེགས་བཅོས་བྱས་ཏེ། ད་གཟོད་སློབ་གྲྭ་ཁུལ་བསྡུའི་གྲོས་གཞི་གཏན་ལ་ཕབ་པ་དང་། བཟོ་བསྐྲུན་གྱི་འགོ་བརྩམས། སློབ་གྲྭ་འདི2009ལོའི་ཟླ8པར་ལེགས་འགྲུབ་བྱུང་ཞིང་། ཟླ8པའི་ཚེས15ནས་བཟུང་དངོས་སུ་བེད་སྤྱོད་ཀྱི་འགོ་བརྩམས། 
སློབ་གསོ་ཡིས་མི་ཞིག་གི་མ་འོངས་འཚོ་བའི་རྒྱུ་སྤུས་ཐག་གཅོད་བྱེད་ལ།  དེ་བཞིན་མི་རིགས་དང་རྒྱལ་ཁབ་ཀྱི་མ་འོངས་དར་རྒྱས་ཀྱང་སློབ་གསོར་རག་ལས།  དེང་འདིར་སློབ་གསོ་ནི་ག་ས་གང་དུ་ཡོད་ཅིང་།  ཤེས་བྱ་ནི་ག་ས་གང་ནས་ཀྱང་ཐོབ་ངེས།  ཡིན་ཡང་སློབ་གསོ་ནི་ཏག་ཏག་ཤེས་བྱའི་བསྡུ་གསོག་ཅིག་མིན་པར། དེ་ནི་མི་གཤིས་གསོ་སྦྱོང་དང་བློ་རིག་སྔོག་འདོན། ནུས་པ་བསྐྱེད་བསྲིང་གི་བྱ་བ་ཞིག་ཡིན།   དེ་ཡང་འདི་འདྲའི་དམིགས་ཡུལ་འགྲུབ་དགོས་ན་ངེས་པར་སློབ་གྲྭའི་ཚད་ལྡན་སློབ་གསོ་ནི་ཤིན་ཏུ་གལ་ཆེ་བ་ཞིག    ལྷག་པར་གསེར་ལས་རིན་ཐང་ཆེ་བའི་ལོ་ཆུང་གི་དུས་སུ་སློབ་གྲྭ་ལེགས་པོ་ཞིག་ནས་སློབ་མ་ཞིག་གི་འབྱུང་འགྱུར་གྱི་མི་ཚེ་ལ་ས་བོན་ལེགས་པོ་ཞིག་འདེབས་དགོས་པ་ནི་དེང་རབས་སློབ་གྲྭའི་ལས་འགན་ཡིན་ཞིང་། ཁྱིམ་བདག་གི་འོས་འགན་ནི་དེ་བས་ཀྱང་ཡིན།  དེ་ཡང་སློབ་གསོའི་ཁྲོད་དུ་ཁྱིམ་ཚང་སློབ་གསོ།  སློབ་གྲྭའི་སློབ་གསོ།  སྤྱི་ཚོགས་སློབ་གསོ་ནི་འཆམ་མཐུན་མཉམ་འབྲེལ་གྱིས་སྤེལ་ཚེ།ད་གཟོད་ཀུན་གྱི་བློ་ཡིད་དང་མཐུན་ཞིང་འཚམ་པའི་སློབ་གསོའི་ནུས་པ་དེ་གཟེངས་སུ་ཐོན་པར་ཡོང་ངེས།   
༣. སློབ་གྲྭ་གསར་རྙིང་གི་བསྡུར་བ།
ཡར་སྔོན་ཁྲི་ཀ་རྫོང་གི་བོད་ཁུལ་ཞིང་གྲོང་སློབ་གྲྭར་མཚོན་ན། སློབ་གྲྭའི་ཁང་ཁྱིམ་གྱི་བཀོད་པ་མི་ལེགས་ཤིང་། རྒྱུ་སྤུས་ཞན་པ། སློབ་མའི་འཚོ་སྡོད་ཀྱི་ཁོར་ཡུག་ཞན་པ། དོ་དམ་ཐད་དུ་དཀའ་ངལ་མང་བ་དང་། སློབ་ཁྲིད་སྒྲིག་ཆས་ཐད་ནས་ཀྱང་རྙིང་རལ་དང་རྗེས་ལུས་ཡིན་པས། གྲལ་དག་མིན་ཞིང་། ཐོན་ནུས་གཉོམ་པའི་ཞན་ཆ་མང་པོ་ཞིག་འབྱུང་གྱིན་ཡོད་ལ། སློབ་སྦྱོང་གི་རྒྱུ་ཆ་དང་དགེ་རྒན་གྱི་སྤུས་ཚད་དོ་མི་མཉམ་པ། བསླབ་གཞི་དང་སློབ་ཁྲིད་བཀོད་སྒྲིག  སློབ་ཡུན་དུས་ཚོད་བཀོད་སྒྲིག་སོགས་ཚད་ལྡན་མིན་པ་དང་། ཐ་ན་སྡེ་བ་ལ་ལར་སློབ་གྲྭ་ཞིག་ལ་དགེ་རྒན་གཅིག་ཅན། ཉིན་གཅིག་དེ་སློབ་ཁྲིད་ཐུན་གཅིག་ཏུ་གྱུར་བའི་རྣམ་པ་ཡང་ཡོད་པས།  གང་ནས་བལྟས་ཀྱང་སློབ་གསོ་འདྲ་མཉམ་མིན་ཞིང་འཕེལ་ཤུགས་གཉོམ་པ་སོགས་ཀྱི་རྣམ་པ་སྣ་ཚོགས་སུ་མངོན་འདུག
ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭར་མཚོན་ན་དེང་གི་སློབ་གསོའི་གནས་བབ་འདི་འདྲའི་ཁྲོད་དང་། མཚོ་ལྷོ་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་ལོ་ལྔའི་སློབ་གསོའི་དོན་སྙིང་འཕེལ་རྒྱས་ཀྱི་འཆར་གཞི་དང་བསྟུན་ཞིང་། ས་གནས་རིག་གནས་ཀྱི་མཁའ་དབུགས་དང་བརྟེན་ཅིང་འབྲེལ་ནས།  2009ལོའི་ཟླ8ཚེས15ལ་སློབ་འགོ་བཙུགས་ཤིང་སློབ་གསོའི་བྱ་བའི་ལས་སུ་ཞུགས།  འདི་ནི་རང་རྫོང་གི་བོད་སྡེ་སློབ་གྲྭ་44་གཅིག་བསྡུ་བྱས་ཏེ་བཙུགས་པ་ཞིག་ཡིན། ད་བར་གྱི་ལོ་ངོ་བཞི་ཡི་འཛུགས་བསྐྲུན་ཁྲོད་མ་དངུལ་སྒོར་ཁྲི་4325་ལྷག་བཏང་ཞིང་། ད་ནི་འཛུགས་བསྐྲུན་དང་ཁོར་ཡུག  སྒྲིག་ཆས། དགེ་རྒན་སྤུས་ཚད་སོགས་ཕྱོགས་ཀུན་ནས་ཞིང་ཆེན་རིམ་པའི་ཚད་ལྡན་རིམ་པར་ཐོན་ཞིང་།  བོད་ཁུལ་ཡོངས་དང་མཚོ་བོད་མཐོ་སྒང་སྟེང་གི་སྔོན་ཐོན་གྱི་གྲས་སུ་གྱུར་དང་འགྱུར་བཞིན་པའི་སློབ་གྲྭ་ཞིག་ཡིན།
བཞི།  ལོ་ངོ་བཞི་ཡི་འཕེལ་རྒྱས། 
སློབ་རའི་ཁོར་ཡུག་རིག་གནས་ནི་སློབ་མ་གསོ་སྐྱོང་བྱེད་མཁན་ལས་ཁ་མི་གྲགས་པའི་དགེ་རྒན་ཞིག་རེད། སློབ་མའི་སེམས་ཁམས་དང་འགྲོ་འདུག་སྤྱོད་གསུམ་གྱི་ཕྱོགས་ཀུན་ལ་ངང་ངམ་ཤུགས་ཀྱིས་སློབ་གསོ་ཐོབ་པའི་ནུས་པ་འབྱུང་གི་ཡོད། དེ་བས་སློབ་གྲྭས་སློབ་ལོ་བཞི་བོར་ཁོར་ཡུག་འཛུགས་བསྐྲུན་གྱི་ལས་གཞི་རབས་དང་རིམ་པར་སྤེལ། དེ་ལས་མེ་ཏོག་ལྡུམ་ར་ཇུས་འགོད།  ཁོར་ཡུག་ལྗང་བསྒྱུར། འགྲེམ་བྱང་། སློབ་མའི་འཚོ་གནས་ལྔ་སྟེ།སློབ་ཁང་།མལ་ཁང་།ཟ་ཁང་།རྩལ་སྦྱང་ར་བ་དང་རང་དབང་གི་འགུལ་སྐྱོད་ཁོར་ཡུག་བཅས་ཀྱི་མཛེས་བཀོད་དང་ལྡེབས་ངོས་རིག་གནས་འཛུགས་བསྐྲུན་ཐད་དུ་ཤུགས་སྣོན་གང་ལེགས་བྱས། ལོ་བཞི་བོར་སློབ་རའི་ཁོར་ཡུག་ཀུན་ཏུ་སྡོང་བོ་དང་མེ་ཏོག་སོགས་སྐྱེ་དངོས་རིགས་31ལྷག་དང་སྡོང་རྐང2400ལྷག་འདེབས་འཛུགས་བྱས་པར་མ་ཟད།  དེ་དང་བསྟུན་ནས་ཨར་འདམ་གྱི་ཐང་དང་རབ་གསལ། རྡོ་གཅལ་སོགས་ཀྱང་བཟོ་བསྐྲུན་བྱས། 2012་ནས་2013་ལོའི་བར་དུ་སློབ་གྲྭའི་ཁོར་ཡུག་མདུན་ཕྱོགས་སུ་རྒྱ་བསྐྱེད་དེ།ལྡུམ་ར་བཞི་དང་རྨིད་ཉིས་བརྒྱ་ཙམ་གྱི་སློབ་མའི་སློབ་སྦྱོང་བྱེད་སའི་ཁྱམས་རའི་ལྡིང་ཁང་དང་། ཐོན་མིའི་ཟངས་སྐུ་བཟོ་བསྐྲུན་བྱས་པ་དང་།  སློབ་གྲྭའི་ཕྱི་སྒོའི་གཡས་གཡོན་དུ་སྲོལ་ཡིག་ལྡེབས་རིས་རིང་མོ་སོགས་བཟོ་བསྐྲུན་བྱས་ཏེ། སློབ་ར་ནི་གྲལ་དག་ལ་དང་སྤྲོ་སྐྱིད་ལྡན་པའི་གནས་མཆོག་གི་སྐྱེད་ཚལ་ལྟ་བུ་ཞིག་ཏུ་འཛུགས་བསྐྲུན་བྱས།
ལོ་བཞི་བོ་འདིར་སློབ་གྲྭས་སྒྲིག་ཆས་ཐད་དུ་དུས་རབས་དང་མཐུན་པའི་ཚད་ལྡན་སློབ་གྲྭའི་ཚད་ཐིག་ལ་ཐོན་ཕྱིར། སྒྲིག་ཆས་མཁོ་སྒྲུབ་ཐད་དུ་ཧུར་བརྩོན་གང་ལེགས་བྱས། ལོ་དང་བོ་ནས་འགོ་བཟུང་སྟེ་སློབ་གྲྭའི་ནང་མཐའ་སྐོར་ལ་རྨིད་420་ཅན་གྱི་རིམ་པ་དང་བོའི་འགྱིག་བཟོའི་རྩལ་སྦྱོང་ར་བ་དང་། སྨྱན་མང་གཟུགས་ཡོད་པའི་སྐས་རིམ་ཚོམས་ཆེན། སྐྱེ་དངོས་རྫས་གསུམ་གྱི་ཚོད་ལྟ་ཁང་། གློག་ཀླད་158་ཅན་གྱི་དྲ་རྒྱའི་སློབ་ཁང་། སློབ་ཁང་སོ་སོར་གློག་ཀླད་ཀྱི་ཁྲིད་ཆས་ཁ་ཚང་། གློག་ཀླད་ཁྲིད་གཞི་བཟོ་བཅོས་ཁང་། དཔེ་མཛོད་ཁང་། སློབ་རའི་སློབ་ཁྲིད་སོགས་ཀྱི་རྒྱུ་ཆའི་དྲ་བ། འཕྲུལ་ཆས་ཀྱི་མི་བཟོ་བའི་ཚོད་ལྟ་ཁང་། སྐད་བརྡའི་ཚོད་ལྟ་ཁང་། རྒྱང་སྒྲོག་ཁང་། གློག་རྡུལ་རོལ་ཆས་ཁང་། རི་མོ་འབྲི་སྦྱོང་ཁང་། སྒྲ་འཕབ་ལེན་བྱེད་སའི་ཁང་བ། དགེ་རྒན་ཟབ་སྦྱོང་ཁང་སོགས་མཁོ་སྒྲུབ་བྱས་ཡོད་པ་དང་།  ད་དུང་དགེ་རྒན་རེ་རེར་ལག་འཁྱེར་གློག་ཀླད་སོགས་བཀོད་སྒྲིག་བྱས་ནས། སློབ་ར་བརྡ་འཕྲིན་ཅན་དང་དེང་རབས་ཅན་དུ་བསྒྱུར་ཏེ། སློབ་རའི་རྨང་གཞིའི་སྒྲིག་ཆས་ཀུན་ལས་ལེགས་པར་མངོན་པར་བྱས།
སློབ་གྲྭའི་སྤྱིའི་དམིགས་འབེན་ནི་སློབ་མའི་ཚེ་གཅིག་གི་འཕེལ་རྒྱས་ལ་རྨང་འདིང་རྒྱུ་དེ་ཡིན་པས་ན། སྤུས་ཚད་ཀྱིས་སྤུས་ཚད་གསོ་སྐྱོང་། མི་གཞི་ཡིས་མི་གཞི་ལེགས་བསྒྱུར་བྱེད་པའི་སློབ་གསོའི་འདུ་ཤེས་བསྐྱེད་དེ། དགེ་རྒན་ཆེད་ལས་ཅན་དུ་བསྒྱུར་ཞིང་། ཁོར་ཡུག་དཔལ་ཡོན་ཅན་དང་། སྒྲིག་གཞི་མི་ཆོས་ཅན་དུ་བསྒྱུར་ཏེ་ལོ་བཞི་ཡི་དུས་ཡུན་ཐུང་ངུ་འདིའི་རིང་ལ། གསར་ཚུགས།  འཚོལ་རྟོག འཕེལ་རྒྱས།  རྒྱུན་སྐྱོང་གི་དུས་རིམ་ཞིག་བརྒྱུད་དེ་གྲུབ་འབྲས་མི་དམན་པ་བླངས།
གཞི་རྒྱ་ཆེ་བའི་སློབ་གྲྭ་འདི་འགོ་ཚུགས་མ་ཐག  སློབ་གྲྭའི་ཆེད་དུ་ནུས་པ་ལྡན་ལ། མཐུན་སྒྲིལ་དང་བརྩོན་ཤུགས  སྤྱི་སེམས་ལྡན་པའི་འགོ་ཁྲིད་ཚན་ཆུང་རྩ་འཛུགས་བྱས་ཏེ་སློབ་གྲྭའི་བྱ་བ་མཐའ་དག་ལ་འགོ་རྩོམ་པར་ཞུགས་པ་དང་། ཐོག་མ་ནས་སྒྲིག་གཞི་འཐུས་ཚང་དང་ཚད་ལྡན་ཅན་དུ་གཏན་འཁེལ་བྱས་ཤིང་།  རང་འགན་རང་གིས་འཁུར་བ། ལས་དོན་མཐའ་དག་གཙང་མ་ཡང་མ་བྱས་ནས་སྒྲུབ་པར་འབད་ཅིང་། བྱ་བ་མཐའ་དག་ལ་འཆར་གཞི་གསལ་བ། ཟིན་ཐོ་ཡོད་པ།  སྤྱི་སྡོམ་བྱེད་པ། མི་འདིང་སར་བཅོས་བསྒྱུར་བྱས་ཏེ།ལེགས་འགྲུབ་བྱུང་བའི་ཡིག་ཚགས་མཐའ་དག་ཞིབ་ཚགསདང་། འཐུས་ཚང་།གྲལ་དག་པའི་སྒོ་ནས་ལེགས་སྒྲུབ་བྱས།
སློབ་གྲྭ་ཞིག་གི་བླ་ན་མཐོ་བའི་དམིགས་འབེན་དེ་འགྲུབ་དགོས་ན་དགེ་བཟོ་བའི་སྤུས་ཚད་དང་ཆེད་ལས་ནུས་པ་མཐོར་འདེགས་དང་བསྐྱེད་བསྲིང་བྱེད་དགོས་པས།  2009ནས་བཟུང་སྟེ་ང་ཚོས་བྱ་བ་འདི་དག་གཙིགས་འཛིན་བྱས་ཏེ་འབད་འབད་འབུངས་འབུངས་ཀྱིས་གོ་རིམ་ལྡན་ཞིང་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་སྒྲུབ་བྱས། 2009ལོ་ནས་བཟུང་སྟེ་སྔ་གཞུག་ཏུ་ཕྱི་ནས་ཆེད་མཁས་དགེ་རྒན་ཤ་བོ་ཚེ་རིང་། གླིང་ཚ་པད་དབང་། དགེ་རྒན་ཆེན་མོ་ཀྲུག་མུས། ལྕགས་ཐར་རྒྱལ། ཚེ་རིང་རྡོ་རྗེ། ལྡོང་ཡོན་ཏན་རྒྱ་མཚོ། ཨ་ཁུ་སངས་རྒྱས།དོན་གྲུབ་ཚེ་རིང་སོགས་གདན་འདྲེན་བྱས་ཏེ་དགེ་རྒན་གྱི་སློབ་གསོའི་འདུ་ཤེས་དང་སློབ་ཁྲིད་ནུས་པའི་ཐད་དུ་མཛུབ་སྟོན་དང་ཆེད་ལས་ཤེས་བྱར་ཟབ་སྦྱོང་གང་ལེགས་བྱས་པ་དང་། ལོ་ངོ་བཞི་ཡི་ནང་དུ་དགེ་རྒན་རྣམས་ཕྱི་ཕྱོགས་ཀྱི་ཞིང་ཆེན10ལྷག་ལ་ཟབ་སྦྱོང་དུ་སོང་བའི་མི་གྲངས་200ལྷག་ལ་སླེབས། གཞན་སློབ་གྲྭའི་ནང་གི་ཟབ་སྦྱོང་།  འོད་སྡེར་ཀྱི་ཟབ་སྦྱོང་བྱས་ཚད་མི་གྲངས2850ཙམ་ལ་སླེབས་པ་དང་། དེ་ལྟར་དགེ་རྒན་གསོ་སྦྱོང་ལ་ཤུགས་སྣོན་བྱས་པས།དགེ་རྒན་གྱི་སློབ་གསོའི་འདུ་ཤེས་དང་། ནུས་པ། སྒྲིག་གཞི་བཅས་ཀྱི་ཐད་དུ་རིམ་བཞིན་གྲུབ་འབྲས་ལེགས་པོ་བླངས།
ལྔ  ཀུན་སྤྱོད་སློབ་གསོ
སྤུས་ཚད་སློབ་གསོ་ནི་དེང་རབས་སློབ་གསོའི་གནད་འགག་དང་སྒུལ་ཤུགས་ཡིན། དེ་བས་སློབ་གྲྭས་དུས་རྒྱུན་སློབ་གསོའི་སྣེ་རེ་རེའི་ནང་དུ་སློབ་མའི་ཀུན་སྤྱོད་སློབ་གསོའི་ཕྱོགས་ལ་ཇུས་འགོད་དང་ངང་གིས་སློབ་གསོའི་བྱ་བ་མཐའ་དག་དུ་སིམ་པར་བྱ་ཅི་ཐུབ་བྱས།  ལོ་བཞི་ཡི་ནང་དུ་སློབ་གྲྭས་ཆེད་དུ་ཀུན་སྤྱོད་དོ་དམ་ཁང་བཙུགས་ཏེ། སློབ་མ་ཞིག་གི་ཉིན་གཅིག་གི་མགོ་མཇུག་བར་གསུམ་ཆ་ཚང་བར་ཀུན་སྤྱོད་སློབ་གསོའི་ནང་དོན་དེ་དངོས་ཤུགས་གང་རུང་གི་སྒོ་ནས་མཛུབ་སྟོན་གང་ལེགས་བྱས་ཡོད་པ་སྟེ། དཔེར་ན། ཞོགས་པར་ལངས་མ་ཐག་པའི་གཙང་སྦྲ  ཞོགས་རྩལ།  ཞོགས་པའི་སྐྱོར་འདོན། ཐུན་མོང་ཁོར་ཡུག་དག་གི་གཙང་སྦྲ   སློབ་གསེང་རྩལ་སྦྱོང་། སློབ་གསེང་མིག་དབང་བདེ་སྲུང། སློབ་ཕྱིའི་བྱ་འགུལ། ཟས་ཐུན་གསུམ་གྱི་སྒྲིག་ལམ་སོགས་མ་ལུས་པར་ཞིབ་ཚགས་ལྡན་པར་བཀོད་སྒྲིག་དང་དོ་དམ་གང་ལེགས་བྱས་པ་དང་། རྒྱུད་རིམ་ཧྲིལ་བོ་བྱམས་བརྩེ་དང་མཐུན་སྒྲིལ།  འཆམ་མཐུན། དག་གཙང་གིས་ཕྱུག་པར་བྱས་པ་དང་།  ལོ་རེའི་ཟླ་དགུ་བར་སློབ་འགོ་ཚུགས་ཚེ་སློབ་མར་དུས་ལྟར་དམག་སྦྱོང་དང་བཅའ་སྡོད་སློབ་རའི་འཚོ་བ།རང་ཉིད་རང་གིས་བདག་སྐྱོང་བྱེད་ཐབས།བསམ་བློའི་ཁ་ཕྱོགས།ཕུགས་བསམ་སྐོར་གྱི་སློབ་ཞུགས་སློབ་གསོའི་སྦྱོང་བརྡར་བྱས་པ་དང་། ཟླ་གསུམ་པ་སོགས་སུ་མ་ཡུམ་སློབ་གྲྭར་བདག་དམ་དང་འཛུགས་བསྐྲུན་བྱེད་པའི་སྐོར་གྱི་བྱ་བ་བཀོད་སྒྲིག་བྱས་པ་དང་། གདོང་ལེན་རུ་མི་དང་ཐོན་ཨུ་གཙོ་བྱས་པའི་ལེའེ་ཧྥུན་ལ་སློབ་སྦྱོང་། གནོད་ཐེབས་ས་ཁུལ་ལ་ཞལ་འདེབས་ཕུལ་བ་སོགས་ཀྱི་བྱ་འགུལ་སྤེལ་ཞིང་། སློབ་གྲྭའི་ཁོར་ཡུག་ཀུན་ཏུ་ཕན་ཚུན་མཉམ་འབྲེལ། བྱམས་བརྩེ། མཐུན་སྡེབ། འཆམ་མཐུན། ཧུར་བརྩོན་གྱི་ཀུན་སྤྱོད་དང་དཔལ་ཡོན་གྱིས་ཁེངས་པའི་རྣམ་པ་བསྐྲུན།
དྲུག  བདེ་འཇགས་སློབ་གསོ།
   སློབ་གྲྭའི་གཞི་རྒྱ་ཆེ་བའི་དབང་གིས་སློབ་གྲྭའི་བདེ་འཇགས་སློབ་གསོ་ནི་ནམ་ཡང་དམ་ལྷོད་འཆོར་མི་རུང་བའི་བྱ་གཞི་གལ་ཆེན་ཞིག་ཡིན། དེ་བས་སློབ་གྲྭས་བདེ་སྲུང་མི་སྣའི་ཚན་ཆུང་བཙུགས་ཤིང་། ནམ་རྒྱུན་འཁོར་བསྐྱོད་སྒོས་གཟའ་རེ་བ་དང་འཛིན་བདག་གི་བྱ་བར་སྐོར་ཞིབ་དང་ལྟ་སྐུལ་བྱས་པ་དང་། དུས་གཏན་འཁེལ་དང་དུས་ངེས་མེད་དུ་སློབ་བུའི་བསམ་སྤྱོད་བདེ་ཐང་། འཕྲོད་བསྟེན་བདེ་ཐང་། བཟའ་བཏུང་བདེ་ཐང་། འགྲིམ་འགྲུལ་བདེ་ཐང་ཐད་དུ་ཚོགས་འདུ་དང་ཁྱབ་སྒྲོགའགྲེམ་བྱང་བཤམས་སྟོན་སོགས་ཀྱི་རྣམ་པས་སྐུལ་འདེད་དང་སྣེ་སྟོན་བྱས་པ་དང་། ལྷག་པར་2009་དང་2010་ལོའི་སྐབས་སུ་གློ་ཡི་རིམས་ནད་ཚབ་ཆེན་གྱི་དུས་ཚིགས་དག་ཏུ་ཉིན་རེར་ཞོགས་པའི་ལྟ་ཞིབ།  སློབ་ཁང་དང་མལ་ཁང་།ཟ་ཁང་གི་དུག་སེལ། རིམས་ནད་སྔོན་འགོག་གི་སྨན་སྦྱིན་གཏོང་བ།རིམས་ནད་སྔོན་འགོག་ཤེས་བྱ་རྒྱུད་སྒྲོག་དང་། དུས་ངེས་གཏན་དུ་སེམས་ཁམས་འཕྲོད་བསྟེན་སློབ་གསོ་དང་། ལང་ཚོའི་སྐྱེས་ལུགས་སློབ་གསོའི་སློབ་ཐུན་བཀོད་སྒྲིག་བྱས་པ་དང་། གཟའ་རེའི་ཚོགས་འདུ། འཛིན་གྲྭའི་ཚོགས་འདུ། རྒྱལ་དར་འོག་གི་གཏམ་བཤད་སོགས་ནས་བག་ལ་ཞ་བའི་ཉེན་ཁར་མཉམ་འཇོག་བྱ་རྒྱུར་སྣེ་སྟོན་དང་མཛུབ་ཁྲིད་གང་ལེགས་བྱས། གཞན་སློབ་མའི་གནང་སྐབས་ཀྱི་ཕར་སྐྱེལ་ཚུར་ལེན་ལ་བཀོད་སྒྲིག་འོས་འཚམས་དང་། ལས་རིམ་ཞིབ་ཚགས་དམ་པོར་བཀོད་སྒྲིག་བྱས། ད་དུང་དུས་རྒྱུན་དུ་བདེ་སྲུང་ཚན་ཆུང་། སློབ་གྲྭའི་བདེ་སྲུང་མི་སྣ་དང་གཟའ་རེ་བ་མཉམ་འབྲེལ་སྒོས། དུས་རྒྱུན་གྱི་ཞོར་ཟས་གཏན་འགོགལག་ཁྱེར་ཁ་པར་གཏན་འགོག འཁོན་འཛིང་གི་ལག་ཆར་སྔོག་བཤེར་བྱས་ཏེ། བདེ་འཇགས་ཀྱི་ཉེན་ཁ་སེལ་ཅི་ཐུབ་བྱས། གཞན་སློབ་མའི་ཟ་མའི་བདེ་ཐང་ནི་སློབ་གྲྭ་ཞིག་གི་སློབ་གསོའི་བྱ་བར་ཁག་ཐེག་བྱེད་པ་དང་བཅའ་སྡོད་སློབ་གྲྭའི་མཐུན་རྐྱེན་དང་བོ་ཡིན། དེ་ཕྱིར་སློབ་གྲྭའི་འཚོ་བའི་དོ་དམ་པས་སློབ་མའི་ཟ་མའི་ཉོ་སྒྲུབ། རྩིས་ལེན། ཞིབ་བཤེར། འཕྲོད་བསྟེན།གཡོ་བསྐོལ། མཁོ་འདོན་གྱི་བྱ་བར་ཞིབ་ཚགས་ལྡན་པར་ལྟ་ཞིབ་དང་སྐུལ་འདེད་ནན་མོ་བྱས་ཏེ་དམ་ལྷོད་མེད་པར་རྒྱུན་བསྐྱངས་ཤིང་སློབ་གྲྭའི་བདེ་འཇགས་ཐད་དུ་ཀུན་ལས་ལྷག་པའི་གྲུབ་འབྲས་བླངས་ཤིང་གོང་རིམ་གྱིས་གཟེངས་བསྟོད་མང་པོ་ཐོབ། 
བདུན  སློབ་ཁྲིད་ཀྱི་སྐོར།
དེང་རབས་སློབ་གསོའི་ཁྲོད་དུ་སློབ་ཁྲིད་སློབ་གསོ་ནི་སློབ་བུའི་ཀུན་སྤྱོད་དང་། བློ་རིག  ནུས་པ།  བསམ་བློ  ཕུགས་འདུན།   ཤེས་བྱ་སོགས་བསྐྱེད་བསྲིང་བྱེད་ཐབས་གཙོ་བོའི་བྱ་བ་ཡིན་ལ། དེང་འདིར་སློབ་གྲྭ་གཅིག་སྡུད་བྱས་པས་སློབ་གྲྭའི་སློབ་སྦྱོང་གི་ཆ་རྐྱེན་ནི་སྔར་ལས་ལྡབ་འགྱུར་གྱིས་ལེགས་བསྒྱུར་བྱས་ཤིང་།  དངོས་ནས་དེང་རབས་སྔོན་ཐོན་གྲོང་ཁྱེར་གྱི་སློབ་གསོའི་མ་ལག་དང་སློབ་ཁྲིད་ནང་དོན། སློབ་ཁྲིད་སྒྲིག་གཞི་ཡང་དུས་དང་ས་གནས་ཀྱི་བར་ཐག་མེད་པར་འདྲ་མཉམ་སྒོས་མྱོང་ཐུབ་པ་བྱུང་། དེ་བཞིན་སྤྱི་ཚོགས་དང་མི་རིགས།ཁྱིམ་ཚང་གི་མ་འོངས་བའི་རེ་བར་གྱུར་བའི་སློབ་མ་བཟང་པོ་ཞིག་འཁྱོངས་རྒྱུ་ནི་སློབ་གསོའི་སྤེལ་ཐབས་དང་སྒྲྲུབ་ཕྱོགས་ལ་རགས་ལས་པས།ངེད་སློབ་གྲྭས་སློབ་གསོའི་སྤེལ་ཐབས་དང་སྒྲྲུབ་ཕྱོགས་ཀྱི་རྣམ་པར་ཆུ་ཚད་ངེས་ཅན་གྱི་སྒོ་ནས་མཐོར་འདེགས་ཡོང་ཆེད།  སློབ་གྲྭས་དགེ་རྒན་ཆེད་ལས་ཅན་དང། བྱང་རྩལ་ཅན། འདུ་ཤེས་ལེགས་པོ་ཅན་ཞིག་འཁྱོངས་བར་ཟབ་སྦྱོང་དང་དངོས་ཁྲིད་ལག་ལེན། མཉམ་མྱོང་བརྗེ་རེས་ཀྱི་བྱ་འགུལ་རབས་དང་རིམ་པ་ཞིག་སྤེལ།  ལོ་རེར་འཆར་བཀོད་ལྟར་སློབ་ཁྲིད་དཔེ་ལེགས་ལ་ཉན་པ།  འཆད་ཁྲིད་འགྲེལ་བརྗོད། དགེ་རྒན་གྱི་དཔྱད་རྩོམ་འགྲན་བསྡུར། དགེ་རྒན་གྱི་ཡིག་གཟུགས་འགྲན་བསྡུར།  སློབ་ཁྲིད་འགྲན་བསྡུར། སྨྱན་གཟུགས་ཁྲིད་ཆས་ཀྱི་བཟོ་བཀོད་འགྲན་བསྡུར་དང་། ལྷག་པར་བོད་ཡིག་སློབ་གསོའི་ཐད་དུ་གསོན་ཤུགས་དང་ཡར་རྒྱས་ཡོང་ཕྱིར་དགེ་རྒན་ཟབ་སྦྱོང་གི་ཞོར་དུ་ཚད་མའི་སློབ་གསོ་གཙིགས་འཛིན་བྱས་ནས། ཕྱི་དྲོའི་སློབ་ཐུན་གཉིས་ཙམ་གྱི་དུས་ཚོད་བེད་སྤྱད་ནས་འཆད་ཁྲིད་ལ་ཉན་པ་དང་། སློབ་གསེང་སྐབས་དགེ་སློབ་མཉམ་འབྲེལ་སྒོས་ཚད་མའི་སྐོར་གྱི་ཤེས་བྱ་རྩོད་གླེང་བྱས་ནས་རྒྱུན་འབྱམས་སུ་བཏང་། ལོ་རེར་གཞི་རྒྱ་ཅུང་ཆེ་ལ། འཐུས་ཚང་དང་གཟབ་རྒྱས་རང་བཞིན་གྱི་ཚད་མའི་རྩོད་གླེང་བྱ་འགུལ་སོགས་དུས་ལྟར་སྣ་མང་གི་བྱ་འགུལ་སྤེལ་བས། ལོ་བཞི་བོར་སྤྱི་སྡོམ་པའི་བྱ་འགུལ་ཐེངས་གྲངས་408་ལྷག་སྤེལ་བ་དང་།  སློབ་ཁྲིད་ཉན་དཔྱོད་ཀྱི་ཐེངས་གྲངས་650ལྷག་ལ་སླེབས། དགེ་རྒན་གྱི་སྤྱིའི་ཞུགས་ཚད་ནི་མི་གྲངས་2410་ལྷག་ལ་ཐོན། གཞན་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པ་དང་གསེར་ཆེན་རྫོང་གི་མི་རིགས་སློབ་གྲྭ། མང་རྫོང་གི་མི་རིགས་སློབ་གྲྭ།རང་རྫོང་གི་སྤུན་ཟླ་སློབ་གྲྭ་སོགས་ལ་ཉམས་མྱོང་བརྗེ་རེས་སུ་ཞུགས་པའི་མི་གྲངས་250་ལྷག་ལ་སླེབས། དེ་ཡང་སློབ་མའི་ཐད་དུ་རི་མོ་འགྲེམ་སྟོན། གྱེར་འདོན་འགྲན་བསྡུར།  ཡིག་གཟུགས་འགྲན་བསྡུར། གེ་སེར་གྱི་སྒྲུང་དང་གཏམ་རྒྱུད་བཤད་པའི་བྱ་འགུལ།  ལས་བྱ་འགྲེམ་སྟོན། སྣ་མང་ཤེས་བྱ་འགྲན་བསྡུར། རྩོམ་ཡིག་འགྲན་བསྡུར། ལག་བཟོ་དངོས་པོའི་བཤམས་སྟོན། སློབ་ཁང་ཇུས་འགོད་དཔྱད་བསྡུར།སྣ་མང་གི་རིག་རྩལ་འཁྲབ་སྟོན་འགྲན་བསྡུར།སྣ་མང་གི་ལུས་རྩལ་འགྲན་བསྡུར་སོགས་སློབ་གསོའི་བྱ་འགུལ་རྣམ་པ་སྣ་ཚོགས་རབས་དང་རིམ་པར་སྤེལ་ཏེ་སློབ་མའི་སློབ་སྦྱོང་ལ་གསོན་ཤུགས་དང་སྤྲོ་མཚར་བསྣན།  སྔ་གཞུག་ཏུ་སློབ་མའི་རི་མོ་དང་ཡིག་གཟུགས། རྩོམ་ཡིག་སོགས་སྡོམ་པའི་བརྩམས་ཆོས་232་ལྷག་ལ་ཞིང་ཆེན་དང་ཁུལ་རིམ་པའི་བྱ་དགའ་ཐོབ་པ་དང་། སློབ་མའི་རྩོམ་ཡིག་215་ལྷག་ཞིང་ཆེན་ཕྱི་ནང་གི་དུས་དེབ་དང་ཚགས་པར་སྟེང་དུ་སྤེལ། དེ་དག་རྨང་གཞི་བྱས་ཏེ་སློབ་རས་ལེགས་རྩོམ་གཅེས་བཏུས་སོགས་ཀྱི་སློབ་རའི་དཔེ་ཚོགས་དེབ་ཕྲེང་17ལྷག་པར་འདེབས་བྱས་ཡོད་པ་རེད། 
བརྒྱད།  རིག་རྩལ་བྱ་འགུལ
སློབ་གྲྭ་ནི་སྤྱི་ཚོགས་ཀྱི་བསྡུས་གཟུགས་ཤིག་ཡིན་ལ།  སློབ་གྲྭ་ལས་སློབ་མ་རེ་ཡི་འོས་ཤིས་འཚམ་པའི་རྣམ་འགྱུར་གྱིས་སློབ་གྲྭ་ཞིག་གི་རྣམ་པ་བཟང་པོ་ཞིག་མངོན་གྱིན་ཡོད་པས།  སློབ་མའི་སློབ་སྦྱོང་གི་ཐབས་ལམ་དང་རིགས་སྣ་ཚོགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པར་སློབ་གྲྭས་དུས་དང་རྣམ་པ་ཀུན་དུ་འཚོལ་སྙེག་བྱས་དང་བྱེད་བཞིན་ཡོད། དེ་ཡང་ལོ་རེའི་གཏན་འཁེལ་གྱི་དུས་ཆེན་བསུ་བའི་དགའ་སྟོན་དང་སློབ་གྲྭའི་ཟླ་མཇུག་སྤྲོ་ཚོགས། གླིང་རེ་རེ་ཡི་རིག་རྩལ་བྱ་འགུལ  ལྷག་པར་གཞི་རྒྱ་ཆེ་བའི་ལོ་རེའི་དྲུག་གཅིག་བྱིས་པའི་དུས་ཆེན། རིག་གནས་སྒྱུ་རྩལ་དུས་ཆེན་དང་ལོ་རེའི་ཁ་ར་okགླུ་དབྱངས་འགྲན་སྡུར། དམངས་གླུ་འགྲན་སྡུར། བག་སྟོན་དང་དམངས་ཁྲོད་ཤེས་བྱའི་འཁྲབ་སྟོན། གླག་རྒོད་རྟགས་མའི་ལྒང་ལི་འགྲན་བསྡུར། གངས་སེང་རྟགས་མའི་རྐང་རྩེད་སྤོ་ལོ་འགྲན་སྡུར། དམག་སྦྱོང་སོགས་སློབ་རའི་ཐུན་མོང་གི་བྱ་འགུལ་ཐེངས་35་ཙམ་སྤེལ་བ་དང་། ལོ་རེར་རྫོང་གི་རིག་གནས་ཐང་ཆེན་དུ་བསྐྱོད་དེ་སློབ་རའི་རིག་རྩལ་རྒྱ་ཆེ་བའི་མི་དམངས་ལ་འཁྲབ་སྟོན་བྱས་ཤིང་།  ཞོར་དུ་སློབ་རའི་རི་མོ་དང་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་བྱས་པ་དང་། གཞན་ལོ་རིམ་སོ་སོས་ཐག་འཐེན་འགྲན་བསྡུར། ལྒང་ལི་འགྲན་བསྡུར། རྐང་རྩེད་སྤོ་ལོ་འགྲན་བསྡུར་སོགས་ཐེངས་65་ཙམ་སྤེལ་ནས། གསོན་ཉམས་དང་འགྲན་རྩོད། རྩེད་མཚར་དང་ཕན་ཚུན་སློབ་སྦྱོང་གི་རྣམ་པས་ཕྱུག་ཅིང་ཕུན་སུམ་ཚོགས་པའི་བྱ་འགུལ་གྱིས་སློབ་བུའི་ལུས་སྟོབས་དང་རང་རློམ་ཡིད་རྟོན། རང་ནུས་སྔོག་འདོན་གྱི་སློབ་གསོར་རམ་འདེགས་བཟང་བོ་ཐོབ།
དགུ ཐུན་མོང་མིན་པའི་རིག་གནས།
    དེང་གི་སློབ་གསོའི་ཁྲོད་དུ་འདྲ་མཉམ་དང་ཐུན་མོང་གི་རྣམ་པ་བསྐྲུན་པའི་ཞོར་དུ། ཐུན་མོང་མ་ཡིན་པ་དང་ཁྱད་ཆོས་ཅན་གྱི་རིག་གནས་རྣམ་པ་བཟོ་རྒྱུ་ནི་སློབ་གྲྭའི་གཞན་མཚུངས་མིན་པའི་གསོན་ཤུགས་ཤིག་ཡིན་པས།  རང་སློབ་གྲྭས་དངོས་ཡོད་ཆ་རྐྱེན་གཞིར་བཟུང་སྟེ་སློབ་རའི་འཚོ་བར་བྱམས་བརྩེ་དང་འཆམ་མཐུན་གྱི་མཁའ་དབུགས་བསྐྲུན་ཕྱིར། བཅའ་སྡོད་སློབ་གྲྲར་སློབ་མ་འཚོ་སྡོད་བྱེད་པར་གོམས་འདྲིས་སུ་འགྱུར་ཆེད།བརྩེ་སེམས་ལས་གཞི་ཞེས་པ་བཙུགས་ནས་སློབ་མ་ཡོངས་ཚོགས་ཆུང་སྐོར་ཁག་300་ཙམ་བྱས་ཏེ། དགེ་རྒན་གཅིག་ལ་སློབ་མ་བཅུ་ཕྲག་ལྷག་བགོས་ནས་སློབ་མ་རེ་རེའི་འཚོ་བ་དང་སློབ་སྦྱོང་ཐད་ལ་ཟུར་སྟོན་གྱི་རྣམ་པའི་རོགས་རམ་དང་།ཡ་རབས་མི་གཤིས་ཆགས་པའི་ཁ་ཏ་སློབ་གསོ། གཞན་མི་གཞི་ལེགས་པོ་ཞིག་བཅའ་བའི་ཀུན་སྤྱོད་དང་བརྩི་སྒོ་ཚུལ་ལྡན་གྱི་སྣེ་སྟོན།  དེའི་མི་ཚད་བསམ་བློའི་རོགས་འདེགས། དངོས་པོའི་རྒྱབ་སྐྱོར་སོགས་གནང་སྟེ།སློབ་མའི་བསམ་བློ་དང་འཚོ་བའི་ཐད་སེམས་པ་གཏད་སར་བསྒྱུར།  མཐའ་ན་སློབ་གྲོགས་རེ་རེའི་འགྲོ་འདུག་སྤྱོད་གསུམ་མིག་གིས་འཚོ་དགོས་པའི་འགན་ཁུར་བཀལ་ནས།  སློབ་བུ་དང་དགེ་རྒན་གྱི་བརྩེ་སེམས་གཅིག་སྦྲེལ་བྱས་ཤིང་།  སློབ་གྲྭ་ཐོག་མར་བཙུགས་པའི་དུས་སུ་སློབ་བུར་དྲོད་ཁོལ་ལྡན་པའི་སློབ་ར་ཞིག་འཛུགས་བསྐྲུན་བྱས། སློབ་མའི་རང་སྒེར་ནུས་པ་དང་ཁྱད་ཆོས་སྔོག་འདོན་བྱེད་ཆེད་དང་། སློབ་བུ་རང་ཉིད་ཀྱིས་རང་གི་ཕུགས་བསམ་འཚོལ་ཞིང་། རང་གིས་རང་གི་རིན་ཐང་འཚོལ་བའི་འདུ་ཤེས་ཆགས་ཕྱིར།  སློབ་མ་ཚོར་སྐུལ་སློང་བྱས་ཏེ་ཚོགས་པ་སྣ་ཚོགས་བཙུགས་པ་ནི། རི་མོའི་མོས་མཐུན་ཚོགས་པ། གློག་ཀླད་ཚོགས་པ། ཕ་སྐད་ཚོགས་པ  ཁོར་ཡུག་སྲུང་སྐྱོབ་ཚོགས་པ། གྲོན་ཆུང་ཡར་སྐུལ་ཚོགས་པ། གསར་འགོད་ཚོ་ཆུང་། རྡུང་ལེན་ཚོགས་པ། ལྒིང་རྒྱག་རུ་ཁག རྐང་གྲུག་རུ་ཁག རྒྱང་སྒྲོག་ཚོ་ཆུང་སོགས་རྩ་འཛུགས་བྱས་ཤིང་རང་འགན་གཅིག་ལྕོགས་ཀྱིས་སློབ་གྲྭའི་རིག་གནས་ཁྱད་ཆོས་ཅན་དུ་བཟོ་བར་འབད་པ་བྱས།  སློབ་མ་ཀུན་གྱི་རྒྱུད་ལ་དཔེ་ཆ་བལྟ་ཀློག་གི་གོམས་གཤིས་བཟང་བོ་ཞིག་དང་དཔེ་ཀློག་ལ་སྤྲོ་བའི་འདུན་པ་སློང་ཆེད།ཐོག་མར་དགེ་རྒན་ཀུན་ལ་དཔེ་ཀློག་གི་འདུ་ཤེས་བཟང་བོ་ཞིག་ཆགས་སུ་བཅུག་པ་རྒྱུད་ནས་སློབ་ར་འདིར་དཔེ་ཀློག་གི་མཁའ་དབུགས་བཟང་པོ་སྐྲུན་ཕྱིར། དཔེ་ཀློག་ལས་གཞི་ཞེས་པ་སྤེལ་ནས་དགེ་རྒན་གྱི་དཔེ་ཆ་མང་པོ་ཀློག་པའི་འགན་ཁུར་བསྩལ་བ་དང་དེ་ལས་ཀྱང་དགེ་རྒན་ཚང་མས་འཛིན་གྲ་སོ་སོར་དཔེ་དེབ་ཞལ་འདེབས་སུ་ཕུལ་ཏེ་སློབ་ཁང་གི་དཔེ་སྒྲོམ་ལ་བཤམས་པའི་དཔེ་དེབ་ཕུན་སུམ་ཚོགས་པར་བྱས་པ་དང་།  བོད་རྒྱ་དབྱིན་གསུམ་གྱི་དཔེ་དེབ་ཁྲི་ཕྲག་གིས་ཕྱུག་པོའི་སློབ་མའི་དཔེ་ཀློག་ཁང་ཆེན་མོ་སྐྲུན་པ་ཡིས།སློབ་བུར་དཔེ་དེབ་སྤུས་ལེགས་ཏག་ཏག་ཀློག་པའི་གོམས་སྲོལ་ཆགས་པར་མཐུན་རྐྱེན་བཟང་བོ་བསྐྲུན།  ད་དུང་ཀུན་ལ་ཐུན་མོང་འདུ་ཤེས་དང་མཐུན་སྒྲིལ་གྱི་འདུ་ཤེས་ཡོད་ཕྱིར། སློབ་གྲྭར་གཅིག་གྱུར་གྱི་སློབ་ལྭ  དེ་བཞིན་འཛིན་གྲྭ་རེ་ལ་དམ་ཚིག་དང་སྲུང་བྱ།  འཛིན་གྲྭ་རེ་ལ་མིང་རེ་དང་ཐུན་མོང་མིན་པའི་ལྭ་བ་ཡོད་པ། འཛིན་གྲྭར་ཚགས་པར་དང་གཏན་འཁེལ་གྱི་འགྲེམ་བྱང་སོགས་བཀོད་སྒྲིག་བྱས་པ་དང་།  འཛིན་གྲའི་ལྡེབས་ངོས།སྒོ་སམ།འགྲེམ་བྱང་སོགས་དུས་ལྟར་ཇུས་འགོད་དང་འགྲེམ་སྤེལ་བྱས་ཏེ་འཛིན་གྲྭའི་རིག་གནས་འཛུགས་བསྐྲུན་ལ་རྣམ་པ་གསར་བ་ཞིག་སྦྱིན་པ་རེད། 
 བཅུ།  ཞབས་ཞུ་སྡེ་ཁག་གི་ལས་གཞི།
ཁུལ་བསྡུས་བྱས་རྗེས་ཀྱི་སློབ་མ་རེ་རེར་མཚོན་ན། བཟང་བཏུང་གི་ལོངས་སྤྱོད་དང་། དགེ་རྒན་ཐོན་ཁུངས་ཀྱི་བེད་སྤྱོད། འཚོ་གནས་ཁོར་ཡུག་གི་མཛེས་པའི་ལོངས་སྤྱོད་བཅས་གསུམ་ནི་མཚོ་ལྷོ་ཁུལ་གྱི་སློབ་གསོའི་བཅོས་སྒྱུར་བྱ་བཞག་ཁྲོད་ཀྱི་འཕྱོ་འགྱུར་ཆེན་པོ་གསུམ་ཡིན་ཏེ། བཟའ་བཏུང་འཚོ་བའི་བདེ་འཇགས་དང་བདེ་ཐང་ནི་སློབ་མ་ཞིག་གི་སློབ་སྦྱོང་བྱ་བའི་ཁག་ཐེག་གི་སྔོན་འགྲོའི་ཆ་རྐྱེན་ཡིན་པས། རང་སློབ་གྲྭས་བཟའ་བཏུང་འཚོ་སྒྲུབ་ཀྱི་བྱ་བ་འདི་གནད་དུ་བཟུང་ནས་གཙང་མ་དང་། སྤུས་དག་ཅན་གྱི་ཟས་རིགས་མཁོ་སྤྲོད་དང་། རྒྱལ་ཁབ་སློབ་གསོ་པུའུ་ཡི་འཆར་གཞིའི་དགོངས་དོན་ལྟར། འཚོ་བཅུད་ཟས་རིགས་མཁོ་སྤྲོད་ཀྱི་བྱ་ཐབས་ལག་བསྟར་བྱས་ནས། ན་ཆུང་སློབ་མའི་ལུས་ཁམས་བདེ་ཐང་ལ་ཕྱོགས་ཀུན་ནས་དོ་ཁུར་དང་། འདིའི་ཐད་ཀྱི་བྱ་བ་སྒྲུབ་པའི་གོ་རིམ་ལ། ཚད་མཐུན་གཞུང་ལུགས་ཀྱི་དོ་དམ་ཐབས་ཤེས་སྤྱད་དེ། བྱ་བ་གང་ཞིག་ཀྱང་སྐབས་དོན་དང་འཚམ་པར་སྤྱོད་མཁས་དང་། དེ་ལ་ཞིབ་ཚགས་དང་སྤུས་ཚད་ཀྱི་གནད་འཛིན་ཤེས་ཀྱིས་ལས་བཟོ་བའི་བྱ་བའི་སྒྲིག་གཞི་དང་། ཉིན་གཅིག་གི་བྱ་སྒྲུབ་ཀྱི་གོ་རིམ། སྣ་མང་བྱ་འགུལ་ལས་གསོ་སྦྱོང་གི་ཐབས་ལམ་དུ་མས་ལས་བཟོ་བའི་ཞབས་ཞུའི་སྤུས་ཀའི་ཚད་གཞི་མཐོར་འདེགས་བཏང་སྟེ་ལོ་ངོ་བཞི་ཡི་རྩོལ་བ་ལས་A་རིམ་པའི་ཇ་ཁང་གི་མཚན་སྙན་དཔང་རྟགས་ཐོབ་ལ། སློབ་མ་དང་དགེ་རྒན་ལས་བཟོ་བ་བཅས་སུས་ཀྱང་ཡིད་ཆེས་བྱེད་ཆོག་གི་བཟའ་བཏུང་ལེགས་པོ་ཞིག་མཁོ་སྤྲོད་བྱེད་ཐུབ་པ་བྱུང་བ་མ་ཟད། ད་ཆ་སྤྱི་ཚོགས་དང་ཁྱིམ་བདག་བཅས་ཕྱི་ཕྱོགས་ཀྱི་སུས་ཀྱང་རང་སློབ་གྲྭའི་བཟའ་བཏུང་འཚོ་སྒྲུབ་ལ་གདེང་འཇོག་དང་ཡིད་ཆེས་བརྟན་པོ་བཟུང་ཡོད།
གཞན་མལ་ཁང་འཚོ་གནས་དོ་དམ་བྱ་བའི་ཐད་ཀྱང་དེ་ལས་ལྷག་པའི་ཤུགས་བསྣན་ཏེ་ལོ་རིམ་དང་པོ་ནས་དགུ་བའི་བར་གྱི་ལོ་ཚོད་མི་འདྲ་བའི་བྱིས་པར་རང་བདག་རང་སྐྱོང་གི་ཐབས་ལམ་ལ་སྣེ་སྟོན་དང་མཛུབ་སྟོན་གང་ལེགས་བགྱིས་ཏེ། སོ་བཀྲུ་བ་དང་། རྐང་བ་བཀྲུ་བ། ལུས་པོ་བཀྲུ་བའི་གཙང་སྦྲའི་སྲོལ་ཀ་སོགས་སློབ་མ་ཡོངས་ཀྱི་རྒྱུན་སྤྱོད་འཚོ་བར་གོམས་གཤིས་སུ་ཆགས་ཡོད་ལ། ནང་མཐུན་གྱི་ཡ་རབས་སྤྱོད་བཟང་གིས་རྟག་ཏུ་འགྲིག་མཐུན་དང་། ཕན་ཚུན་བརྩི་བཀུར། དུས་ལྟར་ངལ་གསོ་དང་ནངས་སྔ་ལངས་བྱེད་པ་བཅས་ཀྱིས་ཐུན་མོང་མི་སྟོང་ཕྲག་རེ་འགའི་མཉམ་རོལ་འཚོ་གནས་འདི། ཕྱི་གསལ་ནང་གསལ་གྱིས་གཙང་སྦྲ་ལ་ཁེག་ཐེག་བྱེད་ཐུབ་ཅིང་། བདེ་འཇགས་ལ་དེ་ལས་ཁག་ཐེག་གིས་ངལ་གསོའི་བསྟི་གནས་ལེགས་པོ་ཞིག་སྒྲུབ་དང་འཁྱོངས་བཞིན་ཡོད། ཡིན་ཡང་། སློབ་གསོ་ཞེས་ཏེ་སློབ་གྲྭ་ཞིག་ལ་འབབ་པའི་བྱ་བཞག་གི་ཐ་སྙད་འདི་ལས། སློབ་མའི་སློབ་སྦྱོང་དང་ཀུན་སྤྱོད་གསོ་སྐྱོང་གི་ཐ་སྙད་འདི་གཉིས་ཅུང་དོ་མཉམ་ཡོང་དཀའ་བའི་གནས་ཚུལ་འདི་ལས་མལ་ཁང་དུ་དུ་བ་འཐེན་པ་དང་། ཕན་ཚུན་རྐུ་རེས་བྱེད་པ། ཞོར་ཟས་དང་ཁ་པར་འདོར་དཀའ་བ་ལ་སོགས་པའི་ཡ་རབས་སྤྱོད་བཟང་ལས་འགོངས་པའི་བྱ་ངན་རེ་འགའི་དྲི་ངན་གྱིས་སྦགས་པའི་སྣང་ཚུལ་འདུག་ཀྱང་། མལ་ཁང་དོ་དམ་པས་དུས་རྒྱུན་གྱི་སློབ་མའི་འདྲིས་ཆ་གཞི་བྱས་ཏེ་བྱིས་པ་གཉོར་བ་དང་། འཚོ་བའི་དོ་དམ་པ་བཅས་མཉམ་འབྲེལ་གྱིས་ནང་སེམས་ཀྱི་བསམ་པ་བཟང་བོ་དང་། ལྷག་བསམ། གཞན་ཕན་སྙིང་རྗེ་ཡི་བློས་ཀུན་ནས་བསླངས་ཏེ་ཚེགས་ལ་མི་འཛེམ་པ་དང་། ངལ་བ་བརྒྱབ་ཏུ་བསྒྱུར་ཏེ་ཁ་ཏ་སློབ་གསོ་དང་གོན་པ་བཙེམ་པ་སོགས་ཀྱི་འཚོ་བའི་རོགས་སྐྱོར་བཅས་ཀྱིས་དྲིན་ཆེན་ཨ་མ་ཞིག་གི་ལས་འགན་ཡག་པོ་ཞིག་དང་དུ་བླངས་ནས་མི་ཞིག་གི་སྤྱོད་ལམ་དེ་མིའི་གཞི་རྩར་འཛིན་ཤེས་ཀྱིས་བསམ་བློའི་སྣེ་སྟོན་གང་ལེགས་བགྱིས་ནས་ཡ་རབས་ཕྱོགས་སུ་སྐུལ་བ་འདིས།  ད་ཆ་སྡོད་ཤག་གི་གནས་མལ་དེ་ན་རང་གཤིས་ཤིག་ངང་གིས་ཆགས་བཞིན་པར། རང་སློབ་གྲྭའི་ཀུན་སྤྱོད་གསོ་སྐྱོང་གི་བྱ་བའི་ལྗང་མྱུག་དེར་གསོན་ཤུགས་ཞིག་མལ་ཁང་གི་གནས་དེ་ན་རྒྱས་ཡོད།
བཅུ་གཅིག  འབྲས་བུ
འདི་འདྲའི་སློབ་མའི་གྲངས་འབོར་མང་ཞིང་སློབ་གྲྭའི་གཞི་རྒྱ་ཆེ་བའི་བྱ་བ་ཡི་མགོ་མཇུག་བར་གསུམ་དུ་རང་སློབ་གྲྭའི་འགོ་ཁྲིད་ཚན་ཆུང་དང་འབྲེལ་ཡོད་མི་སྣས་འབད་འབུངས་ལྷོད་མེད་བྱས་ཡོད་ལ།  དེ་བཞིན་དུས་རྒྱུན་དུ་ཞིང་ཆེན་དང་ཁུལ་རིམ་པའི་འགོ་ཁྲིད་ཀྱིས་སྣེ་སྟོན་དང་རྒྱབ་སྐྱོར་གང་ལེགས་བྱས་པ་ནི་བཤད་མ་དགོས།  སྔ་གཞུག་ཏུ་སློབ་གྲྭའི་ནང་དུ་རྒྱལ་ཁབ་སློབ་གསོ་ཐུན་གྱི་ཐིན་ཀྲང་ཀའོ་ལགས། ཁུལ་ཨུའི་ཧྲུའུ་ཅི་བསྟན་ཁོ།  ཏུའུ་ཇེ།  སློབ་གསོ་ཅུའུ་ཡི་འགོ་དཔོན་བན་དེ་བཀྲ་ཤིས།དཔལ་འབུམ་ཐར་སོགས་འགོ་ཁྲིད་མི་སྣ་དང་འཁོར་གཡོག་མི་གྲངས་352་ལྷག་གཟིགས་ཞིབ་ཏུ་ཕེབས་ཤིང་མཛུབ་སྟོན་གནང་སྟེ་རྒྱབ་སྐྱོར་གང་ལེགས་བྱས།  གཞན་ཡ་གླིང་མཉམ་འབྲེལ་མ་དངུལ་ཐེབས་རྩ་ཚོགས་པ།  མར་མེ་ཐེབས་རྩ་ཚོགས་པ།  རྒྱ་གྲམ་དམར་པོའི་ཚོགས་པ། རིན་ཆེན་འདུས་རི་ཁེ་ལས་སྤྱི་གཉེར། ཧ་ཞ་ཀུང་སིའི་སྦྱིན་བདག་ལིག་ཁྲིན་ཚེ། སྲིན་པོ་གླིང་ཀའི་སྦྱིན་བདག་དགེ་འདུན། ཨ་ལགས་བིས་ཀྱྰ།  སྐུ་ཞབས་འོད་ཟེར་སོགས་སྤྱི་ཚོགས་སྟེང་གི་ལྷག་བསམ་ཅན་གྱི་མི་སྣས་སློབ་གྲུའི་དཔེ་མཛོད་ཁང་གི་སྒྲིག་ཆས་དང་དཔེ་དེབ་སྣ་ཚོགས། སློབ་མའི་རྩེད་རིག་གྱོན་ཆས། རོལ་ཆས་སོགས་ཉོ་སྒྲུབ་ལ་རྒྱུ་དངོས་གང་རང་གིས་རོགས་སྐྱོར་ཆེན་པོ་གནང་བས་།  བྱ་འགུལ་སྣ་ཚོགས་ཁྲོད་དུ་སློབ་མ་རྣམས་ཁྱད་ཆོས་ལྡན་པའི་ངང་འཚར་ལོངས་འབྱུང་བར་རྒྱུ་འབྱོར་གྱི་མཐུན་རྐྱེན་ལེགས་པོ་སྐྲུན་ལ།སློབ་གྲྭ་ཞིག་གིས་སློབ་མའི་ཕྱོགས་གང་ཐད་ཀྱི་ནུས་པ་བསྐྱེད་བསྲིང་བྱེད་པའི་རྒྱུ་འབྱོར་ཆ་རྐྱེན་འཐུས་ཚང་དུ་གཏོང་བར་རྨིང་གཞི་བརྟན་པོ་བཞག།
ལོ་ངོ་བཞི་ཡི་རིང་གི་སྒྲིག་གཞི་དམ་པོ་དང་དགེ་རྒན་ཀུན་གྱི་ནངས་སྔ་ལངས་དགོང་འཕྱི་ཉལ་གྱི་དཀའ་སྤྱད་སྡུག་རུས་ལ་བསྟུན་ནས་ད་ལྟའི་འཕེལ་རྒྱས་འདི་བྱུང་ལ། དེ་མཚུངས་སུ་དགེ་རྒན་དག་གི་སློབ་གསོའི་འདུ་ཤེས་དང་།སློབ་གསོའི་ནུས་པ།བྱང་ཚད་ཀུན་ལ་འཕེལ་རྒྱས་བྱུང་བར་མ་ཟད།  དུས་དང་རྣམ་པ་ཀུན་དུ་སྡུག་ཡུས་ཀྱིས་གསོ་སྐྱོང་བྱས་པའི་སློབ་མ་རྣམས་ཀྱི་སློབ་སྦྱོང་གི་གྲུབ་འབྲས་ཐད་ནས་བསྟུད་མར་ལོ་བཞི་བོར་རྒྱལ་ཁ་ཆེན་པོ་བླངས་ཡོད་དེ།  ལོ་རེའི་རྒྱལ་ཡོངས་དབྱིན་ཡིག་ཤེས་བྱའི་འགྲན་སྡུར་ཁྲོད་ནས་རང་སློབ་གྲྭའི་སློབ་མས་ཕུལ་བྱུང་གི་འབྲས་བུ་བླངས་པ་དང་།  ལོ་རེའི་སློབ་མའི་རི་མོ་བརྩམས་ཆོས་མོད་པོ་ཞིག་ལ་ཞིང་ཆེན་རིམ་པའི་ཆེས་མཐོ་བའི་བྱ་དགའ་ཐོབ་པར་མ་ཟད།སློབ་གྲྭ་ལའང་ཞིང་ཆེན་ཡོངས་ཀྱི་ཨང་དང་བོའི་བྱ་དགའ་ཐོབ།  ལོ་བཞི་ཡི་འབྲིང་རྒྱུགས་ཁྲོད་ནས་བསྟུད་མར་ལོ་སྔ་མ་གཉིས་ལ་ཨང་གཉིས་པ་དང་ལོ་ཕྱི་མ་གཉིས་ལ་ཨང་དང་བོའི་འབྲས་བུ་བླངས་པ་དང་།  ལོ་བཞི་བོའི་ནང་སློབ་གྲྭར་ཞིང་ཆེན་རིམ་པ་དང་ཁུལ་རིམ་པ། རྫོང་རིམ་པའི་སྔོན་ཐོན་ཐུན་མོང་དང་།  སློབ་གཞི་བཅོས་བསྒྱུར་ལ་བྱས་རྗེས་ཆེ་བའི་སློབ་གྲྭའི་མཚན་སྙན་དང་། ཕུལ་བྱུང་སློབ་གྲྭདཔལ་ཡོན་སྡེ་ཁགཟས་རིགས་བདེ་འཇགས་ཀྱི་དཔེ་ལེགས་སློབ་གྲྭ་བཅས་ཀྱི་མཚན་སྙན་གནང་བ་མ་ཟད། བསྟུད་མུར་ལོ་གསུམ་ལ་སྔོན་ཐོན་ཏང་རྩ་འཛུགས་ཀྱི་མཚན་སྙན་གནང་།  ལོ་རེའི་འབྲེལ་ཡོད་བྱ་འགུལ་ཁྲོད་ནས་དགེ་རྒན་དང་སློབ་མའི་གཡུར་ཟའི་འབྲས་རྟགས་སུ་ཐུན་མོང་མཚན་སྙན་རྟགས་མ་57་བསྩལ་བ་དང་།  ད་དུང་ཞིང་ཆེན་རིམ་པ་དང་ཁུལ་རིམ་པའི་དཔེ་ལེགས་སློབ་གཙོ། ཕུལ་བྱུང་དགེ་རྒན།  རྩོམ་པ་པོ་ཆུང་ཆུང་།  ཕུལ་བྱུང་སློབ་བུ་དང་།  རྫོང་རིམ་པའི་སྔོན་ཐོན་དགེ་རྒན་སོགས་སྡོམ་པའི་མི་སྒེར་མཚན་སྙན་དང་བྱ་དགའ་174་ལྷག་གནང་།
བཅུ་གཉིས   མི་འདང་ས།
 དེ་ཡང་སློབ་གྲྭའི་གཞི་རྒྱ་ཆེ་བ་སོགས་ཀྱི་དབང་གིས་འདི་འདྲའི་འཕེལ་རྒྱས་ཁྲོད་དུ་དཀའ་ཁག་མང་ཞིང་།སློབ་གསོའི་བྱ་བར་ཡང་དེ་བཞིན་མི་འདང་ས་གང་མང་ཞིག་རིམ་པར་བྱུང་དང་འབྱུང་བཞིན་ཡོད།  སློབ་གྲྭ་དང་ཁྱིམ་བདག་གི་ཆ་ནས་སློབ་མར་སློབ་གསོ་གཏོང་བའི་ཐད་ལ་མི་འདང་ས་མང་པོ་ཞིག་ཡོད་དེ།
 སློབ་བུའི་ཡར་སྐྱེལ་མར་ལེན་གྱི་བདེ་འཇགས་དང་དོ་དམ་ལ་ཁེག་ཐེག་བྱེད་དཀའ་བ།
 ༢སློབ་མས་སྤྱི་དངོས་ལ་གཅེས་སྤྲས་མི་བྱེད་པ།  ལོ་རེའི་མཐར་ཕྱིན་སློབ་མས་གཞུང་རྒྱུ་
རྩིས་སྤྲོད་སྐབས་སུ་སྐྱིན་ཚབ་སྤྲོད་དགོས་པ།
ཁྱིམ་བདག་གིས་བུ་ཕྲུག་སྐྱེད་བསྲིང་གི་སློབ་གསོ་གཏོང་ལུགས་ཞིབ་ཚགས་མིན་པ།སློབ་མ་སློབ་སྦྱོང་ལ་ཕྱོགས་པའི་དམིགས་འབེན་མི་གསལ་བ།སློབ་མའི་སློབ་སྦྱོང་གི་འདུ་ཤེས་ཞན་པ།
སློབ་མའི་ལག་ཏུ་སྒོར་མོ་མང་པོ་ཡོད་པ་དང་། རྐུས་བྱས་པ།ཁྱིམ་གྱི་འགལ་བའི་
དབང་གིས་སློབ་བུ་སློབ་ར་ནས་བྲོས་བྱོལ་བྱེད་པ།
སློབ་མའི་སློབ་གསོའི་ཐད་དུ་ཁྱིམ་བདག་དང་སློབ་གྲྭའི་མཉམ་འབྲེལ་ཞན་པ།  སློབ་མའི་ལག་ཏུ་འཁོན་འཛིང་བྱེད་པའི་ལག་ཆ་ཡོད་པ།ཁ་པར་ཡོད་པ།ཞོར་ཟས་ཡོད་པ་སོགས་གཏན་འགོག་བྱེད་པར་ཁྱིམ་བདག་དང་སློབ་གྲྭ་གཉིས་ཀྱིས་ད་དུང་མཉམ་འབྲེལ་སྒོས་སློབ་གསོ་ནན་མོ་གཏོང་དགོས་པར་མ་ཟད།གློ་བུར་དུ་བ