中  文
ཁྱིམ་བདག་རྣམ་པས་ངེས་པར་དུ་ཤེས་དགོས་པའི་དོན་ཚན་འགའ་།
སྤེལ་དུས།  2013-11-20 08:58:15    རྡེབ་ཚད། 
ཁྱིམ་བདག་རྣམ་པས་ངེས་པར་དུ་ཤེས་དགོས་པའི་དོན་ཚན་འགའ་།
མཛའ་བརྩེ་ལྡན་པའི་ཁྱིམ་བདག་རྣམ་པ།
         ངེད་སློབ་གྲྭའི་རྒྱུན་ལྡན་གྱི་བྱ་བར་བཀག་རྒྱ་མི་བཟོ་བ་དང་ཁྱེད་ཀྱི་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བའི་ཆེད་དུ།ཁྱེད་ཉིད་ངེད་སློབ་གྲྭར་ཕེབས་དུས་གཤམ་གྱི་སྒྲིག་ལམ་ངེས་པར་དུ་བརྩི་སྲུང་བྱ་རོགས།
ཁྱེད་ཉིད་སློབ་གྲྭར་ཐོན་དུས་འགྲིམ་འགྲུལ་ཡོ་བྱད་དག་སློབ་གྲྭས་གཏན་འཁེལ་བྱས་པའི་གནས་སུ་འཇོག་པ་ལས་རང་སྣང་གང་ཤར་མི་བྱ་བར་མཁྱེན།
སློབ་གྲྭའི་ར་སྐོར་དུ་ཐོན་དུས་དུ་བ་དང་ཆང་།ཞོར་ཟས་སོགས་ལོངས་སྤྱོད་མི་བྱ་བར་མཁྱེན།
རང་གི་བུ་དང་བུ་མོའི་ལག་ཏུ་ལག་འཁྱེར་ཁ་པར་དང་MP3སོགས་མཁོ་སྤྲོད་བྱས་ཡོད་ན་དེ་རིང་ཕྱིར་འཁྱེར་རྒྱུ་མཁྱེན།གལ་ཏེ་སང་ཉིན་ནས་བཟུང་ད་རུང་སློབ་མའི་ལག་ན་ཡོད་ཚེ་གཞུང་བཞེས་བྱས་ཏེ་ཕྱིར་མི་སྟེར
རང་གི་བུ་དང་བུ་མོར་སློབ་གྲྭས་གཏན་འགོག་བྱས་པའི་ཞོར་ཟས་ཀྱི་རིགས་གཏན་ནས་འཁྱེར་ཡོང་མི་ཆོག གལ་ཏེ་ཞོར་ཟས་ཀྱི་རིགས་བཟུང་ཡོད་ཚེ་སློབ་གྲྭའི་ནང་དུ་འཁྱེར་མི་ཡོང་བར་མཁྱེན།སིལ་ཏོག་ཡིན་ན་རུང་
༥ཉིན་དེར་རང་ཉིད་ཀྱི་བུ་དང་བུ་མོར་ཟ་མ་དང་ཟས་རིགས་ཅི་རིགས་བྱིན་རྗེས།གད་སྙིགས་ཐམས་ཅད་གད་སྙིགས་འཕེན་སར་འཕེན་པ་དང་ཁོར་ཡུག་ལ་བདག་སྐྱོང་བྱས་ཏེ་གད་སྙིགས་གང་སར་མི་འཕེན་པར་མཁྱེན།
༦དུས་རྒྱུན་སློབ་མར་བལྟ་རུ་ཡོང་དུས།དུས་ཚོད12དང་སྐར་མ40ནས་་ཕྱི་དྲོའི་དུས་ཚོད14དང་སྐར་མ20ཡི་བར་འཛིན་བདག་ལ་ཁ་པར་གྱིས་འབྲེལ་གཏུགས་བྱེད་པ་ལས།སློབ་ཁྲིད་ཀྱི་སྐབས་སུ་ཁ་པར་མི་གཏོང་པར་མཁྱེན།
 

ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ།