中  文
མི་རིགས་བཅའ་སྡོད་སློབ་གྲྭ་སྒྲུབ་སྟངས་སྐོར་གླེང་བ།
སྤེལ་དུས།  2011-07-01 22:24:27    རྡེབ་ཚད། 

མི་རིགས་བཅའ་སྡོད་སློབ་གྲྭ་སྒྲུབ་སྟངས་སྐོར་གླེང་བ།

                                                                                                      སློབ་གཙོ་བསོད་ནམས་རྡོ་རྗེ།
    གཅིག   མི་རིགས་བཅའ་སྡོད་སློབ་སྒྲུབ་ཀྱི་སྤྱིའི་བསམ་བློ།
གཞི་རིམ་གྱི་སློབ་གྲྭ་སྒྲུབ་སྟངས་སམ་སློབ་གསོ་སྤེལ་ཚུལ་འདིར་ངས་བལྟས་ན་གཅིག་མཐུན་གྱི་སྲོག་ཤིང་ངམ་འདྲ་ས་ཞིག་ཡོད་པ་ནི།  ཐུན་མོང་གི་སྤྱོད་བཞིན་པའི་བསླབ་དེབ་དེ་ལེགས་ཆར་བཟུང་ནས་ཤེས་བྱ་ཡོན་ཏན་
སློབ་པའམ་སློབ་གསོ་མྱོང་བཞིན་སློབ་གྲྭ་སྒྲུབ་སྟངས་ཆ་མཐུན་ཅན་དུ་གྱུར་ཡོད་པ་སུས་ཀྱང་ཤེས་བཞིན་པ་དེ་ལྟར་རེད། ཡིན་ཡང་དེ་ལས་འཕྲོས་ཏེ་འདྲ་མིན་གྱི་ངོ་བོར་གྱུར་ཏེ་བར་ཁྱད་དང་རྣམ་པ་འདྲ་མིན་བཅས་ཀྱིས་
ཆ་མཐུན་་་ ནས་མི་འདྲ་བའི་ངོ་བོ་སོ་སོར་ཕྱེས་ཡོད། དེ་ལ་ཡང་དགེ་མཚན་ཆེན་མོ་ལྡན་ཏེ་མི་འདྲ་བའི་ས་ཁུལ་ལས་རང་གི་གནས་ཚུལ་དངོས་མཐུན་གྱི་སློབ་གྲྭ་སྒྲུབ་རྒྱུ་དེ་དོན་དངོས་དང་མཐུན་པ་ཞིག་རེད།   འདི་ལ་གཞི་རྩའི་རེ་སྙེག་བྱེད་ས་ཞིག་ཡོད་དགོས་པ་ནི་ཚང་མས་བསམ་བློ་ནང་འདྲེན་དང་།  མྱོང་བ་བརྗེ་རེས།  འཕེལ་རྒྱས་གསར་གཏོད་ཀྱི་རིགས་པས་མཐུན་མིན་གྱི་་་་ ཁྱད་ཆོས་ལས་འཕྲོས་ཏེ།  བོད་ཁམས་ཀྱི་ཚད་ལྡན་སློབ་གྲྭ་དང་པོར་སྙེག་རྒྱུ་དེ་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སློབ་གྲྭ་ཞིག་བསྒྲུབ་རྒྱུའི་དམིཊ་འབེན་ནི་ང་ཚོ་གཞི་རིམ་གྱི་སློབ་གསོའི་འཕེལ་འགྱུར་གྱི་རྟཊ་མཚན་ནམ་སྒུལ་ཤུགས་རེད་འདོད།
  གཉིས།  རྨང་གཞི་སློབ་གསོ་སྤེལ་སྟངས།
འདི་ལ་ཕྱོགས་འགའ་རེ་ནས་བསམ་བློ་གཏོང་དགོས་ཏེ། 
༡ སློབ་སྒྲུབ་ཀྱི་ཁ་ཕྱོགས་གཏན་ལ་འབེབས་པ།  ༢ དགེ་རྒན་དཔུང་སྡེ་འཛུགས་སྐྲུན།
༣ ཐབས་ལམ་ལེགས་པའི་སྒོ་ནས་སློབ་མ་སྐྱེད་སྲིང་བྱེད་པ།   
  ༤ དངོས་བབས་ཀྱི་གནས་ཚུལ་ལྟར་སྒྲིག་གཞི་གཏན་འབེབས་བྱེད་པ།