中  文
སློབ་ཆུང་སློབ་མའི་མི་གཤིས་ཇི་ལྟར་བསྐྱེད་བསྲིང་(པར)
སྤེལ་དུས།  2011-07-13 22:29:17    རྡེབ་ཚད། 

སློབ་ཆུང་སློབ་མའི་མི་གཤིས་ཇི་ལྟར་བསྐྱེད་བསྲིང་བྱེད་པའི་དྲན་ཚུལ་ཐོར་བུ།

                                                                    འབྲུག་མོ་བྱམས།
འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བ་དང་བསྟུན་ནས་འགྲོ་བ་མིའི་རིགས་ཀྱི་གཤིས་ཀ་ལའང་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་དེ།  རྒྱུ་འབྱོར་བ་དང་ཐོབ་སྙན་གྲགས་སོགས་ཀྱིས་གང་སར་ཁ་ལོ་བསྒྱུར་བ་དང་བརྡབ་གསིགས་ཐེབས་ པའི་འོག་ཏུ།   ལོ་རྒྱུས་རིང་བའི་མི་རིགས་མང་བོ་ཞིག་གི་སྔོན་ནས་མངའ་བའི་གོམས་སྲོལ་བཟང་བོ་མཐའ་དག་ཉམས་དམས་སུ་འགྲོ་བཞིན་ཡོད་པས་གང་སར་བལྟས་ཀྱང་ཚབས་ཆེན་གྱི་སྣང་བ་ཞིག་་ སྟེར། དེ་དང་མཉམ་དུ་མི་དང་མིའི་བར་གྱི་འབྲེལ་འདྲིས་ཀྱང་སྤྱི་ཚོཊ་ཀྱི་འཕེལ་འགྱུར་དང་བསྟུན་ ནས་རྙོག་འཛིང་ཆེ་བའི་རྣམ་པ་ཞིག་ཏུ་འགྱུར་བཞིན་མཆིས། འདི་ལྟར་སོང་ན་མི་འགྱངས་བར་མིའི་རིགས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་དེ་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་སྟེ་མི་རྣམས་གྲོཊ་མེད་ཁེར་རྐྱང་དུ་འགྱུར་བར་གདོན་མི་ཟ་སྙམ། དེས་ན་མིག་སྔར་གྱི་རྣམ་པ་དེ་ཡུན་གྱིས་བསྒྱུར་ཏེ་མི་རྣམས་ལ་རེ་བའི་འོད་སྣང་ཞིག་སྦྱིན་པར་ང་ཚོས་ཇི་ལྟར་བྱེད་དགོས་ཤེ་ན།   དེ་ཡང་བྱིས་པ་ནས་འགོ་བརྩམས་དགོས་ཏེ། བྱིས་པ་རྣམས་ནི་མ་འོངས་་བའི་རེ་ལྟོས་འཆའ་ས་ཡིན་པས།   བྱིས་པ་འཚར་ལོངས་འབྱུང་བ་ལ་སློབ་གསོ་མང་བོ་ཞིག་ཐོབ་དགོས་པ་ལས་ཁྱིམ་ཚང་སློབ་གསོ་དང་སློབ་གྲྭའི་སློབ་གསོ། སྤྱི་ཚོགས་སློབ་གསོ་ནི་ཆེས་གལ་ཆེ་བའི་གྲུབ་ཆ་གསུམ་ཡིན་ལ།   དེ་དག་ཕན་ཚུན་ཟུང་འབྲེལ་དང་གཞོགས་འདེཊ་གང་ལེགས་བྱས་ན་ད་གཟོད་བྱིས་པ་བདེ་ལེགས་སྐྱོན་བྲལ་ངང་འཚར་ལོངས་འབྱུང་བ་དང་བྱིས་པ་ཡ་རབས་སྤྱོད་བཟང་་ཞིག་ཀྱང་སྐྱེད་བསྲིངས་བྱེད་ཐུབ། ལྷག་པར་དུ་ཕ་མ་དང་དགེ་རྒན་ཟུང་འབྲེལ་གྱིས་སློབ་གསོ་ལེགས་པོ་བཏང་ནས་རང་མི་རིཊ་ཀྱི་ཡ་རབས་གུས་ལུགས་ཀྱི་སྲོལ་བཟང་རྒྱུན་འཛིན་བྱེད་རྒྱུ་ནི་ཤིནཏུ་གལ་ཆེ་བ་ཞིག་ཡིན། སྔོན་ཆད་དང་བསྡུར་ན་དེང་སྐབས་ཁྱིམ་ཚང་ཕལ་མོ་ཆེར་བྱིས་པ་མང་པོ་མེད་སྟབས། ཕ་མ་མི་ཉུང་བ་ཞིག་གིས་རང་གི་བུ་ཕྲུག་ངན་ལང་སྐྱག་ལང་དུ་བཏང་ནས་སྐྱོན་ཆ་ཡོད་ན་སྦ་གསང་་ དང་སྣང་མེད་དུ་བཞག་ནས་སློབ་གསོ་ནན་མོ་མི་གཏོང་བ་དང་།   ཕ་མ་ལ་ལ་ཕྱི་རོལ་དུ་སོང་སྟེ་་སྒོར་འཚོལ་རྒྱུ་གཙོ་བོར་འཛིན་པ་ལས་ནམ་རྒྱུན་བྱིས་པའི་འཚར་ལོངས་དང་རིག་སྟོབས་འཕེལ་རྒྱས་ལ་དོ་སྣང་མི་བྱེད་པར་ད་དུང་དེ་ནི་སློབ་གྲྭའི་འགན་ཁུར་ཡིན་པ་ལས་ཁྱིམ་བདག་རང་ལ་འགན་གཅིག་ཀྱང་མེད་པའི་བསམ་པ་འཛིན་བཞིན་ཡོད། ཁྱིམ་བདག་ལ་ལས་བྱིས་པ་གཅེས་ཁུལ་གྱིས་གོམས་གཤིས་ངན་པ་ལོབས་ཏུ་འཇུག་ པའི་སྣང་ཚུལ་མངོན་སུམ་དུ་མཐོང་རྒྱུ་ཡོད་པ་་་རེད། ད་དུང་ཕ་མ་ཁ་ཤས་ཤིག་གིས་ཁོ་ཚོའི་ལས་འགན་ནི་བྱིས་པར་ལྟོ་གོས་འཛོམ་ཙམ་མཁོ་སྤྲོད་བྱེད་པ་ལས། བྱིས་པར་སློབ་གསོ་གཏོང་རྒྱུ་དང་བྱིས་པ་བསྐྱེད་བསྲིང་བྱེད་རྒྱུ་ནི་སློབ་གྲྭའམ་རྒྱལ་ཁབ་ཁོ་ནའི་དོན་འབའ་ཞིག་ཡིན་པར་བསམ་མཁན་ཡང་ཡོད། དེང་གི་དུས་འདིར་ན་ཆུང་བྱིས་པ་རྣམས་ཕ་མ་དང་ཁ་གྱེས་ནས་སློབ་གྲྭའི་་ནང་གཏན་སྡོད་བྱས་པ་ནས་བཟུང་ཁྱིམ་ཚང་ སློབ་གསོ་མྱང་བའི་གོ་སྐབས་ཤིན་ཏུ་ཕྲ་བ་ནི་བདེན་ལ།   ཕ་ཡུལ་དང་ཁ་བྲལ་ནས་ཡུན་རིང་་འགོར་ཏེ་སློབ་གྲྭའི་སློབ་གསོ་གཅིག་པུ་མྱང་དགོས་པའི་སློབ་མ་དག་ལ་མཚོན་ན།   སློབ་མ་རྣམས་ཀྱིས་བསླབ་དེབ་སྟེང་གི་ཤེས་བྱ་སློབ་ཐུབ་པ་ལས་ཕྱི་རོལ་ཡུལ་གྱི་འཚོ་བ་དང་འབྲེལ་འདྲིས་བྱས་ནས་འཚོ་བ་དངོས་ཀྱི་ལག་ལེན་དང་ཉམས་མྱོང་ལེན་རྒྱུ་ཕར་ཞོག ཐ་ན་རང་གི་ཁྱིམ་གྱི་འཚོ་བ་རོལ་ སྟངས་ཀྱང་མི་ཤེས་པའི་སྣང་ཚུལ་འབྱུང་བཞིན་པས།   གཉོམ་ལག་མ་རྒྱས་པའི་བྱིས་པ་་དེ་དག་རང་གི་ཕ་མའི་བྱམས་སྐྱོང་ཧ་ཅང་མཁོ་ ནའང་ཕ་མའི་བྱམས་སྐྱོང་འཚོལ་ཐབས་བྲལ་བ་ཡིན།   དེ་ཡང་ལོ་བདུན་བརྒྱད་ལས་མ་འདས་་པའི་བྱིས་པ་དག་ལ་མཚོན་ན་ཁྱིམ་ཚང་སློབ་གསོ་ནི་མི་གཤིས་ལེགས་པོ་ཞིག་སྐྱེད་བསྲིང་བྱེད་སའི་འགྲོ་ལམ་དང་པོ་ཡིན་པས།   ཁྱིམ་གྱི་སློབ་གསོ་དང་ཁ་བྲལ་བ་ནས་བཟུང་སློབ་མ་རྣམས་ཀྱི་སེམས་ཁམས་བདེ་ཐང་མིན་པའི་སྣང་ཚུལ་རྒྱུན་དུ་ཁོ་ཚོའི་ལུས་སྟེང་ནས་མངོན་བཞིན་ཡོད་དེ། དཔེར་ན།   སློབ་གྲྭའི་ནང་དུ་གཞུང་གི་སྤྱིའི་རྒྱུ་ནོར་ལ་གཅེས་སྤྲས་མི་བྱེད་པར་གོ་སྐབས་བཙལ་ནས་གཏོར་བརླག་བྱེད་ཅི་ཐུབ་བྱེད་པའི་སློབ་བུ་མང་པོ་འབྱུང་བཞིན་པ་དང་།   ཆེ་བཀུར་ཆུང་་བྱམས་ཀྱི་འདུ་ཤེས་གཏན་ནས་མེད་པར་སློབ་གྲོཊ་བར་ཕན་ཚུན་བརྙས་བཅོས་དང་རྡུང་རེས་བྱེད་པ་དང་། དགེ་རྒན་དང་ཁ་ཐུག་གདོང་ཐུག་བྱུང་ཚེ་ཁམས་བདེ་འདྲི་མཁན་ཧ་ཅང་ཉུང་བ་ལྟ་བུའོ།དེས་ན་ཁྱིམ་གྱི་སློབ་གསོའི་དྲོད་ཐིགས་དང་བྲལ་བའི་བྱིས་པ་འདི་དག་བདེ་ཐང་གིས་འཚར་ལོངས་འབྱུང་འཇུག་རྒྱུ་ནི་སྤྱི་ཚོགས་དང་ཕ་མ། སློབ་གྲྭ་སོགས་ཕྱོགས་ཡོངས་ཀྱིས་བསམ་གཞིག་གཏོང་དགོས་བའི་ཡུན་རིང་གི་བྱ་བ་ཞིག་ཡིན། བྱེ་བྲག་ཏུ་སློབ་གྲྭའི་སློབ་གསོ་གཏོང་མཁན་གྱི་དགེ་རྒན་རྣམས་ལ་མཚོན་ན།   དགེ་རྒན་ལ་མ་མཐའ་ཡང་སློབ་མ་ལས་ལྡབ་འགའ་ལས་ལྷག་པའི་ཤེས་བྱ་ཡོན་ཏན་ལྡན་དགོས་པ་མ་ཟད།   བསམ་བློ་ཀུན་སྤྱོད་ལེཊ་པོ་ཞིག་འཛོམས་དགོས་པ་སྨོས་མ་དགོས་པ་རེད། རྒྱུན་དུ་ཤེས་བྱའི་ཡོན་ཏན་འཁྲིད་པའི་ཞོར་དུ་སློབ་བུ་ཡ་རབས་ཤིག་ཇི་ལྟར་བྱེད་དགོས་པའི་ཕྱོགས་སུ་ཁ་ཏ་གང་མང་གཏོང་དགོས་པ་ཡིན།   གལ་ཏེ་དགེ་རྒན་གྱིས་སློབ་ཁྲིད་བྱེད་སྐབས་ཤེས་བྱ་དང་སྦྲེལ་ནས་སློབ་མའི་རྒྱུད་ལ་བྱིས་པ་བཟང་པོ་དང་ཡ་རབས་གཞུང་དྲང་ཚུལ་ལྡན་་ སྐོར་གྱི་སློབ་གསོ་མ་བཏང་ཚེ་སློབ་མས་རྫུན་ཚིག་སྨྲ་བ་དང་། མི་གཡོ་སྒྱུ་ཅན་ཞིག་དུ་འགྱུར་ངེས་སོ།   དགེ་རྒན་གྱི་གཅེས་སེམས་ནི་སློབ་གསོའི་གཞི་རྩ་་་དང་སློབ་མའི་ཀུན་སྤྱོད་ཀྱི་རྨང་གཞི་ཡིན་པས།   བྱིས་པ་ཚོ་རང་གི་བུ་དང་བུ་མོའི་ཚུལ་དུ་བཟུང་ནས་རྫུན་གཏམ་སྨྲ་མི་རུང་བའི་སློབ་གསོ་བཏང་སྟེ་ཐབས་བརྒྱ་ཇུས་སྟོང་གིས་རྫུན་གཏམ་སྨྲ་བའི་ངན་གོམས་དེ་གཏན་འགོག་བྱེད་དགོས། སློབ་མ་ཚོའི་ཁྲོད་དུ་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དང་སྤྱི་ཚོགས་་སྟེང་མི་གཡོ་སྒྱུ་མེད་ཅིང་བཟང་ངན་ཤན་འབྱེད་་ ཤེས་པ། དངོས་ཐོག་བདེན་འཚོལ་དང་རང་ཉིད་རང་ལ་ཡིད་ཆེས་ཡོད་པ་བཅས་ཀྱི་མི་ཡ་རབས་དང་ཚུལ་ལྡན་དག་མིག་དཔེ་རུ་བཟུང་ནས་བརྩོན་པ་བྱེད་དགོས་པའི་ཀུན་སྤྱོད་སློབ་གསོ་གཏོང་དགོས་སོ།   སྤྱིར་སློབ་མའི་དུས་སྐབས་འདི་ནི་མི་ཚེའི་ལྟ་ཚུལ་གྱི་དཀྱོགས་མཚམས་གལ་ཆེའི་དུས་སྐབས་ཤིག་ཡིན་པས། ལུས་ཁམས་འཚར་ལོངས་འབྱུང་བ་དང་བསྟུན་ནས་ཁོ་ཚོའི་སློབ་སྦྱོང་དང་འཚོ་བ།   མི་དང་མིའི་བར་གྱི་འབྲེལ་བ་འཛུགས་ཚུལ། རིན་ཐང་ལྟ་ཚུལ་ལ་སོགས་པར་གནད་དོན་ ཡང་དགེ་རྒན་ནི་སློབ་མའི་ལམ་སྟོན་སྒྲོན་མེ་ལྟ་བུ་ཡིན་པས། སློབ་མའི་སེམས་སུ་དགེ་རྒན་ནི་ཆེས་ཕུལ་དུ་བྱུང་བའི་དཔེ་སྟོན་མི་སྣ་ཞིག་ཡིན་པར་ བསམ་ཀྱིན་ཡོད་པས་ཡིད་འཇོག་བྱེད་ས་རུ་གྱུར་་་ཡོད། དགེ་རྒན་གྱིས་རང་གི་གཏམ་སྤྱོད་སྣ་ཚོགས་ལ་སྣང་འཇོག་བྱས་ཏེ་སློབ་མའི་རང་བཀུར་གྱི་བསམ་པ་དང་གཤིས་རྒྱུད་ལ་སྣེ་སྟོན་བྱས་ནས། ཁོ་ཚོ་ཀྱག་ཀྱོག་དང་དཀའ་ཁག་ལ་འཕྲད་ཚེ་དེ་ལ་ཇི་ལྟར་བརྒལ་དགོས་བ་ཤེས་སུ་བཅུག་རྗེས། ཁོ་ཚོའི་སེམས་ཁམས་དང་སློབ་སྦྱོང་གི་གོམས་གཤིས་ཡག་པོ་དང་ཀུན་སྤྱོད་ལེཊ་པོ་སྐྱེད་བསྲིང་བྱས་ཏེ། དུས་རབས་ཀྱི་དགོས་མཁོ་དང་མཐུན་པའི་བྱིས་པ་ཡ་རབས་ཤིག་སྐྱེད་སྲིང་བྱེད་དགོས། ལྷག་པར་དུ་བོད་མི་རིགས་ནི་གནའ་ནས་བཟུང་གཞུང་རྒྱུད་མདའ་ལྟར་དྲང་བ་དང་བློ་ཁོག་མཁའ་ལས་ཡངས་ཤིང་སྙིང་རྗེ་ཆེ་བའི་མི་རིགས་ཤིག་ཡིན་པས་སྲོལ་བཟང་དེ་མ་ཉམས་རྒྱུན་ འཛིན་བྱེད་ཐུབ་ན་བྱིས་པ་དེ་རྣམས་ད་གཟོད་མི་རིགས་དང་མེས་རྒྱལ་ལ་ཕན་ཐོགས་པའི་རྗེས་རབས་པ་བཟང་པོ་ཞིག་ཏུ་འགྱུར་རོ༎

པར་ལྡན་འོས་སྦྱོར།