中  文
སློབ་ཁྲིད་ཀྱི་ཕན་འབྲས་ལ་སྣང་ཆེན་གྱིས་སློབ་གསོའི་སྤུས་ཚད་གོང་མཐོར་གཏོང་དགོས།
སྤེལ་དུས།  2011-06-13 22:44:43    རྡེབ་ཚད། 

སློབ་ཁྲིད་ཀྱི་ཕན་འབྲས་ལ་སྣང་ཆེན་གྱིས་སློབ་གསོའི་སྤུས་ཚད་གོང་མཐོར་གཏོང་དགོས།

དཔལ་མགོན་ནས།
སློབ་ཁང་གི་སློབ་ཁྲིད་ནི་སློབ་གསོའི་གཞི་རྩའི་བརྒྱུད་རིམ་ཞིག་དང་།  སློབ་གསོའི་རྩ་བའི་རྣམ་པ་ཞིག་ཡིན་པ་མ་ཟད། སློབ་གསོའི་སྤུས་ཚད་འགན་ལེན་བྱེད་པའི་འགག་སྒོ་གཙོ་བོ་ཞིག་ཀྱང་ཡིན་པས།  སློབ་ཁང་གི་སློབ་ཁྲིད་ལེགས་ཉེས་ཀྱིས་སློབ་གསོའི་སྤུས་ཚད་ཐད་ཀའི་ཤུགས་རྐྱེན་ཐེབས་ཡོད།  སློབ་ཁང་སློབ་ཁྲིད་ཀྱི་ཕན་འབྲས་ཐོན་ནུས་ལ་སྣང་ཆེན་བྱས་ཏེ་སློབ་གསོའི་སྤུས་ཚད་སྒོ་ཀུན་ནས་གོང་མཐོར་གཏོང་དགོས་ན།  དང་ཐོག་དགེ་རྒན་གྱིས་རང་ཉིད་ཀྱི་ཁྲིད་བྱའི་སློབ་དེབ་ལ་ཞིབ་ འཇུག་ནན་ཏན་བྱེད་པ་དང་།  སློབ་མའི་དང་ལེན་བྱེད་ནུས་ལ་བསམས་གཞིགས་ཏན་ཏིག་བྱེད་པ་དང་།སློབ་ཁྲིད་ཀྱི་ཕན་འབྲས་ཐོན་ནུས་ལ་དོ་སྣང་གང་ཆེ་བཅས་བྱས་ཏེ་རིགས་པའི་གཞུང་དང་ལག་ལེན་ཟུང་འབྲེལ་གྱི་ཐོག་ནས་དོ་རྒྱུན་ཆད་མེད་པར་སློབ་ཁྲིད་ཀྱི་ཉམས་མྱོང་དང་བསླབ་བྱ་ཕྱོགས་སྡོམ་གྱིས་སློབ་ཁང་སློབ་ཁྲིད་ཀྱི་ནུས་པ་དང་ཕན་འབྲས་ཆེ་ཤོས་ཐོན་རྒྱུའི་བརྩོན་ལེན་བྱེད་་་   དགོས་པ་ལས་གོ་མེད་ཚོར་མེད་ངང་སློབ་ཐུན་གཅིག་གི་ནང་སློབ་ཚན་རེའི་ནང་དོན་སློབ་མར་བརྒྱུད་སྤྲོད་བྱས་པ་ཙམ་གྱིས་སློབ་ཁྲིད་ཀྱི་འོས་འགན་སྒྲུབ་པར་གཏན་ནས་བརྩི་མི་རུང་། དང་པོ། སློབ་ཐུན་གྱི་དམིགས་ཚད་གསལ་བོ་དང་གང་ལ་དེ་འཚམས་ཀྱི་ཁྲིད་ཐབས་སྤྱོད་རྒྱུ།
སློབ་ཁང་སློབ་ཁྲིད་ཀྱི་ཕན་འབྲས་ཆེ་ཆུང་དང་སློབ་མའི་སྦྱངས་འབྲས་བཟང་ངན་ནི་ཆུ་ཐིགས་བསགས་པའི་རྒྱ་མཚོ་བཞིན་སློབ་ཐུན་རེ་རེའི་གྲུབ་འབྲས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས་དགེ་རྒན་གྱིས་སློབ་ཐུན་རེ་རེ་བཞིན་སློབ་ཁྲིད་བྱ་ཐབས་ཐད་ཞིབ་འཇུག་ནན་ཏན་བྱེད་པ་དང་། འཆར་འགོད་ཞིབ་ཚགས་བཟོ་བ། དམིགས་ཚད་གསལ་བོ་ཡོང་བ་བཅས་བྱས་ཏེ་རང་ཉིད་ཀྱིས་ཁྲིད་བྱའི་སློབ་དེབ་བམ་ཡང་ན་སློབ་ཚན་གྱི་བསམ་བློའི་རང་བཞིན་ལ་གོ་བ་གཏིང་ཟབ་བླངས་ཏེ་རྨང་གཞིའི་ཤེས་བྱ་དང་།ལོ་རྒྱུས་རིག་གནས།ཚན་རྩལ་གྱི་རིགས་སོགས་ཁྲིད་བྱའི་ནང་དོན་མི་འདྲ་བར་གཞིགས་ནས་ཁྲིད་ཐབས་མི་འདྲ་བ་བེད་སྤྱོད་གཏོང་དགོས་ལ་སློབ་ཚན་ཁྲིད་ཟིན་་ རྗེས་དུས་ཚོད་ངེས་ཅན་དང་།ཡང་ན་ངེས་མེད་ཐོག་སློབ་མར་དྲི་བ་འདོན་པ་དང་དེ་དང་འབྲེལ་བའི་བསམ་ཞིབ་བྱེད་དུ་བཅུག་ནས་སློབ་ཁྲིད་ཀྱི་དམིགས་ཚད་སྒྲུབ་མིན་བརྡར་ཤ་ཆོད་པ་བྱེད་དགོས།    གཞན་ཡང་འཛིན་གྲྭ་གཅིག་གི་སློབ་མར་ལོ་ན་གཅིག་གི་སློབ་མར་ལོ་ན་ཆེ་ཆུང་གི་ཁྱད་པར་དང་།རིག་སྟོབས་བཟང་ངན།འཚར་ལོངས་ཀྱི་ཁོར་ཡུག་བཅས་མི་འདྲ་བའི་དབང་གིས་སྦྱངས་འབྲས་མཐོ་དམན་སྣ་ཚོགས་ཡོད་པས་དགེ་རྒན་གྱིས་སློབ་མ་ཕལ་ཆེ་བའི་ཁྱད་ཆོས་སམ་གནས་ཚུལ་ལ་གཞིགས་ནས་སློབ་ཁྲིད་བྱ་ཐབས་སྦྱོང་དགོས་ལ་དམིགས་བསལ་སློབ་ མ་གོང་དུ་འདེགས་པའི་སློབ་ཁྲིད་བྱ་ཐབས་ཀྱང་སྤྱད་དགོས།      དེ་ལྟར་བྱས་ན་འཛིན་གྲྭའི་སློབ་མ་ཡོངས་ཀྱི་
སྦྱངས་འབྲས་གོང་དུ་འཕེལ་པའི་སློབ་ཁྲིད་བྱ་ཐབས་ཀྱང་སྤྱོད་དགོས།དེ་ལྟར་བྱས་ན་འཛིན་གྲྭའི་སློབ་མ་ཡོངས་ཀྱི་སྦྱངས་འབྲས་གོང་མཐོར་ཕྱིན་ནས་སློབ་ཁྲིད་ཀྱི་སྤུས་ཚད་ཁྱོན་ཡོངས་ནས་གོང་མཐོར་འགྲོ་རྒྱུར་ཕན་འབྲས་ཆེན་པོ་ཐོན་ངེས་རེད།
གཉིས་པ།སློབ་ཁྲིད་བྱ་ཐབས་འཁྲུག་ཆ་དོད་པོ་དང་སྣ་མང་ཕུན་སུམ་ཚོགས་པོ་ཡོང་བ་བྱེད་དགོས།
ད་ལྟའི་ཆར་ཆུ་ཚད་མཐོ་བའི་དགེ་རྒན་མང་དག་ཅིག་གི་སོ་སོའི་ཆུ་ཚད་དང་སློབ་ཁྲིད་ཀྱི་ཕན་འབྲས་དེ་ཙམ་འདྲ་མཚུངས་ཡོང་གི་མེད།དེའི་རྒྱུ་མཚན་ནི་སྲོལ་རྒྱུན་གྱི་སློབ་ཁྲིད་བྱ་ཐབས་རྐྱང་བ་བེད་སྤྱོད་ཀྱིས་སློབ་ཁང་ནང་དགེ་རྒན་གྱིས་ཤོད་གང་ཐུབ་དང་འབྲི་གང་ཐུབ་བྱེད་པ་དང་། སློབ་མས་ཉན་གང་ཐུབ་དང་བཤུ་གང་ཐུབ་བྱེད་ལ་སློབ་མ་རྣམས་སློབ་ཁང་ཕྱི་རོལ་དུ་སླེབས་རུང་སྦྱང་ཚན་གྱི་ཁུར་བོ་ལྕི་པོས་བསྣན་ནས་སློབ་ཕྱིའི་ཤེས་བྱ་གཞན་དག་ལ་འཇུག་པའི་གོ་སྐབས་ཤིན་ཏུ་ཕྲ་བས།   སློབ་མའི་རིག་སྟོབས་ཀྱི་ནུས་པ་གསོ་སྐྱོང་བྱ་རྒྱུར་བཀག་རྐྱེན་ཆེན་པོ་བཟོ་བཞིན་ཡོད།     ཡང་དགེ་རྒན་ལ་ལས་སློབ་ཁྲིད་ཀྱི་ཐབས་ཤེས་ལ་དོ་སྣང་དེ་ཙམ་མ་བྱས་པར་བརྟེན་སློབ་སློབ་མས་སློབ་ཚན་ལ་ཉན་པའི་སྤྲོ་བ་འཕེལ་མི་ཐུབ་པས་སྦྱངས་འབྲས་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད།    དེར་བརྟེན་དགེ་རྒན་རྣམ་པས་དེང་དུས་དང་སྲོལ་རྒྱུན་གྱི་སློབ་ཁྲིད་བྱ་ཐབས་ཟུང་དུ་འབྲེལ་ནས་སློབ མའི་སློབ་སྦྱོང་གི་ཁུར་བོ་འོས་འཚམ་ཞིག་ཇེ་ཡང་དུ་གཏོང་བ་དང་སློབ་མར་བསམ་གཞིག་གི་གོ་སྐབས་སྤྲད་ནས་ཁོ་ཚོས་སྦྱངས་འདོད་ཅིང་ཉན་སྤྲོ་བའི་སློབ་ཁྲིད་བྱ་ཐབས་སྣ་མང་བེད་སྤྱོད་བྱེད་དགོས། ལྷགཔར་དུ་སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ཁྲོད་སློབ་ཚན་དང་འབྲེལ་བ་ཡོད་པའི་སྒྲུང་གཏམ་སོགས་བཤད་ཤེས་དགོས་པ་དང་།    དགོད་བྲོའི་རྣམ་པ་ལྡན་དགོས་ཤིང་།   ལོ་ཆུང་གི་རང་གཤིས་དང་མཐུན་པའི་སྐད་ཆའི་སྒྱུ་རྩལ་ལ་བྱང་ཆུབ་པ་བཅས་དགོས་པ་མ་ཟད། སློབ་མར་བསམ་བློ་གཏོང་བ་དང་གོ་བ་ལེན་པའི་གོ་སྐབས་མང་ཙམ་སྤྲོད་དགོས། དེ་ལྟར་བྱུང་ན་སློབ་མ་རྣམས་ཕྱོགས་ཡོངས་ནས་འཚར་ལོངས་ཡོང་བ་དང་སློབ་སྦྱོང་གི་སྤྲོ་སེམས་གང་ལེགས་འཕེལ་ཏེ་སློབ་ཁང་སློབ་ཁྲིད་ཀྱི་དམིགས་ཚད་སྒྲུབ་པ་དང་སྦྲགས་སློབ་གསོའི་སྤུས་ཚད་ཁྱོན་ཡོངས་ནས་གོང་མཐོར་འགྲོ་ངེས་རེད།