中  文
ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་བོད་ཡིག་གི་དཔེ་ཀློག་དང་བློ་འཛིན་སྲོལ་ཡིག
སྤེལ་དུས།  2013-03-01 15:34:53    རྡེབ་ཚད། 

ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་བོད་ཡིག་གི་དཔེ་ཀློག་དང་བློ་འཛིན་སྲོལ་ཡིག

བརྩོན་འགྲུས་གླིང་།
ལོ་རིམ་བདུན་པའི་སྟོད་ཆ།
༡ མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་རྩ་བ་བློར་འཛིན་དགོས།
༢ སྔགས་ཀྱི་བཀླགས་ཐབས་ཀྱི་རྩ་བ་བློར་འཛིན་དགོས།
༣ བསླབ་དེབ་སྟེང་གི་ཚིགས་བཅད་རྩོམ་ཡིག་རྣམས་བློར་འཛིན་དགོས།
༤ ཇི་བཞིན་བརྗོད་པའི་རྩོམ་གྱི་འབྲི་ཐབས་སློབ་ཁྲིད་བྱེད་དགོས།
༥ ཐིག་ཕྲེང་བཞིའི་ཡན་གྱི་ཚིག་གྲུབ་བཟོ་བའི་སྦྱོང་བརྡར་བྱེད་རྒྱུ།
 དཔེ་ཀློག་བྱ་རྒྱུ།
དཔལ་དོན་འགྲུབ་རྒྱལ་གྱི་བརྩམས་སྒྲུང་ཕྱོགས་སྒྲིག 
སྟག་འབུམ་རྒྱལ་གྱི་སྒྲུང་རིང་ལྷིང་འཇགས་ཀྱི་རྩྭ་ཐང་། 
ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུང་ཕྱོགས་སྒྲིག
གངས་རྒྱན་ན་ཆུང་ཚགས་པར། དུས་དེབ་སྦྲང་ཆར།
གངས་རྒྱན་ན་ཆུང་ཤེས་བྱའི་དཔེ་ཚོགས།
འཁྲུངས་གླིང་མེ་ཏོག་ར་བ་སོགས་གླིང་སྒྲུང་གང་རུང་ཀློག་པར་སྐུལ་མ་བྱེད་དགོས།
 
ལོ་རིམ་བདུན་པའི་སྨད་ཆ།
༡ སུམ་ཅུ་བའི་རྩ་བ་དང་ལེགས་བཤད་ལྗོན་དབང་བློར་ངེས་པའི་རྨང་གཞིའི་སྟེང་།
གུང་ཐང་བསླབ་བྱ་བློར་འབྲི་ཤེས་དགོས།
༢ བསླབ་དེབ་སྟེང་གི་ཚིགས་བཅད་རྩོམ་ཡིག་རྣམས་བློར་འཛིན་དགོས།
༣ གསལ་བཤད་རྩོམ་ཡིག་འབྲི་ཐབས་སློབ་ཁྲིད་བྱ་དགོས།
༤ ཐིག་ཕྲེང་བཞིའི་ཡན་གྱི་ཚིག་གྲུབ་བཟོ་བའི་སྦྱོང་བརྡར་བྱེད་རྒྱུ།
དཔེ་ཀློག་བྱ་རྒྱུ།
བོད་ཀྱི་དེང་རབས་རྩོམ་རིག་དཔེ་ཚོགས་སྤྲིན་གྱི་སྒྲ་དབྱངས། ལྷོ་ཡི་དྲི་འཛིན། གཞིས་བྱེས་ལྷན་འཛོམས། འཇུ་སྐལ་བཟང་གི་སྙན་ངག་དེབ་གངས་འདབས་ཀྱི་སེམས་པ།
བོད་ཀྱི་སློབ་འབྲིང་གི་རང་སྒྲིག་སློབ་དེབ་ལས་བོད་ཡིག་གི་རྨང་གཞིའི་ཤེས་བྱ།
གངས་རྒྱན་ན་ཆུང་ཚགས་པར། དུས་དེབ་སྦྲང་ཆར།
གངས་རྒྱན་ན་ཆུང་ཤེས་བྱའི་དཔེ་ཚོགས།
གླིང་གི་རྟ་རྒྱུགས་རྒྱལ་འཇོག་སོགས་གླིང་སྒྲུང་གང་རུང་ཀློག་པར་སྐུལ་མ་བྱེད་དགོས།
 
ལོ་རིམ་བརྒྱད་པའི་སྟོད་ཆ།
༡ སློབ་དེབ་སྟེང་གི་བསྡུས་གྲྭའི་རང་ལུགས་སྐོར་བློ་ཟིན་པར་བྱ་དགོས།
༢ བསླབ་དེབ་སྟེང་གི་ཚིགས་བཅད་རྩོམ་ཡིག་རྣམས་བློར་འཛིན་དགོས།
༣ ལྷུག་རྩོམ་གྱི་འབྲི་ཐབས་སྐོར་སློབ་ཁྲིད་བྱ་དགོས།
༤ ཀ་བཤད་རྩོམ་ཡིག་གི་འབྲི་ཚུལ་ལ་སློབ་སྦྱོང་བྱེད་དུ་འཇུག་དགོས།
༥ ཐིག་ཕྲེང་བཞིའི་ཡན་གྱི་ཚིག་གྲུབ་བཟོ་བའི་སྦྱོང་བརྡར་བྱེད་རྒྱུ།
ཀློག་འདོན་བྱ་རྒྱུ།
དཔལ་དོན་འགྲུབ་རྒྱལ་གྱི་གསུང་འབུམ།
ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་མགུར་མ།
ཨ་སྨྱོན་གྱི་སྒྲུང་གཏམ་དེབ་སྟོན་གྱི་རང་སྒྲ།
བོད་ཀྱི་སློབ་འབྲིང་གི་རང་སྒྲིག་སློབ་དེབ་ལས་བོད་ཀྱི་ཉེར་མཁོའི་རིག་གནས།
བོད་ཀྱི་སློབ་འབྲིང་གི་རང་སྒྲིག་སློབ་དེབ་ལས་བོད་ཀྱི་ལེགས་རྩོམ་གཅེས་བཏུས།
གངས་རྒྱན་ན་ཆུང་ཚགས་པར། དུས་དེབ་སྦྲང་ཆར།
གངས་རྒྱན་ན་ཆུང་ཤེས་བྱའི་དཔེ་ཚོགས།
ཧོར་གླིང་གཡུལ་འགྱེད་སོགས་གླིང་སྒྲུང་གང་རུང་ཀློག་པར་སྐུལ་མ་བྱེད་དགོས།
 
ལོ་རིམ་བརྒྱད་པའི་སྨད་ཆ།
༡ དགག་སྒྲུབ་རྩོམ་ཡིག་གི་འབྲི་ཐབས་སྐོར་གྱི་སློབ་ཁྲིད་བྱ་དགོས།
༢ ཀ་བཤད་རྩོམ་ཡིག་གི་འབྲི་ཚུལ་ལ་སྦྱོང་བརྡར་བྱ་དགོས།
༣ ཐིག་ཕྲེང་བཞིའི་ཡན་གྱི་ཚིག་གྲུབ་བཟོ་བའི་སྦྱོང་བརྡར་བྱེད་རྒྱུ།
ཀློག་འདོན་བྱ་རྒྱུ།
བོད་སྤྱི་བཤད། རྒྱ་ཡེ་བཀྲ་བྷོ་སོགས་ཀྱིས་སྒྲིག
གཞོན་ནུའི་རབ་བྱེད། མེ་ལྕེ་སོགས་ཀྱིས་སྒྲིག
བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ།
དགེ་རྒན་རིན་ནོར་གྱི་བོད་ཀྱི་ལོ་རྒྱུས་སྤྱི་དོན་ནོར་བུའི་འོད་སྣང།
ལྷ་གླིང་གབ་རྩེ་དགུ་སྐོར་སོགས་གླིང་སྒྲུང་།
གངས་རྒྱན་ན་ཆུང་ཚགས་པར། དུས་དེབ་སྦྲང་ཆར།
 
ལོ་རིམ་དགུ་བའི་སྟོད་ཆ།
༡ དེབ་འདིའི་གནའ་རྩོམ་གྱི་སློབ་ཚན་གལ་ཆེན་རྣམས་བློར་འཛིན་དགོས།
༢ དགག་སྒྲུབ་རྩོམ་ཡིག་གི་འབྲི་ཐབས་སྐོར་གྱི་སློབ་ཁྲིད་བྱ་དགོས།
༣ ཚིགས་བཅད་རྩོམ་ཡིག་འབྲི་ལུགས་ལ་སྦྱོང་བརྡར་བྱ་དགོས།
༤ ཐིག་ཕྲེང་བཞིའི་ཡན་གྱི་ཚིག་གྲུབ་བཟོ་བའི་སྦྱོང་བརྡར་བྱེད་རྒྱུ།
ཀློག་འདོན་བྱ་རྒྱུ།
རྗེ་བཙུན་མི་ལ་རས་པའི་རྣམ་མགུར།
ཆབ་ཤོག་ཕྱོགས་སྒྲིག
སྦྲང་ཆར་དཔེ་ཚོགས་ལས་སྙན་རྩོམ་ཅོ་ཀའི་དྲུག་འགྱུར།
སྦྲང་ཆར་དཔེ་ཚོགས་ལས་སྒྲུང་གཏམ་འཚོ་བའི་མེ་ལོང་།
གངས་རྒྱན་ན་ཆུང་ཚགས་པར། དུས་དེབ་སྦྲང་ཆར།
 
ལོ་རིམ་དགུ་བའི་སྨད་ཆ།
༡ བསླབ་དེབ་སྟེང་གི་སྙན་ངག་མེ་ལོང་གི་རྩ་བའི་དཔེར་བརྗོད་སོགས་བློར་འཛིན་དགོས།
༢ ཚིགས་བཅད་སྙན་ངག་གི་འབྲི་སྟངས་སློབ་ཁྲིད་བྱ་དགོས།
༣ སློབ་སྐབས་འདིར་འབྲིང་རྒྱུགས་ལ་ཁ་གཏད་ནས་ལྷུག་རྩོམ་གྱི་འབྲི་སྟངས་ལ་ཡང་བསྐྱར་སྦྱོང་བརྡར་བྱ་དགོས།
ཐིག་ཕྲེང་བཞིའི་ཡན་གྱི་ཚིག་གྲུབ་བཟོ་བའི་སྦྱོང་བརྡར་བྱེད་རྒྱུ།
ཀློག་འདོན་བྱ་རྒྱུ །
སྙན་ངག་སྤྱི་དོན།
གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད།
སྦྲང་ཆར་དཔེ་ཚོགས་ལས་ལྷུག་རྩོམ་པད་མའི་ཟེའུ་འབྲུ།
གངས་རྒྱན་ན་ཆུང་ཚགས་པར། དུས་དེབ་སྦྲང་ཆར།
 
པར་ལྡན་འོས་སྦྱོར།