中  文
མཛངས་མིའི་ཕྲག་པར་འགྲེང་ནས། ཤེས་བྱའི་ཁྱོན་དུ་རྒྱང་བལྟ་བྱེད།
སྤེལ་དུས།  2014-06-11 14:43:47    རྡེབ་ཚད། 

མཁས་མཛངས་མིའི་ཕྲག་པར་འགྲེང་ནས། ཤེས་བྱའི་ཁྱོན་དུ་རྒྱང་བལྟ་བྱེད།

---སྟོབས་ལྡན།    (ཁྲིད་གཞི་ལས་ཚན་བཤུ་བྱས་པ།)
 ༄༅།།     བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ།།
             ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །
             དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན།།
         བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན།།
                  མདོ་སྡེ་རྒྱན
• སློབ་ཁྲིད་ཀྱི་སྐད་ཆའི་ཁྱད་ཆོས།
• དོན་འདུས་ཚིག་གསལ་བརྗོད་པ་བདེ།།
     ངག་ཉུང་ཚིག་སྙོམས་གཟུང་བ་སླ།།
     བསྡུས་དོན་ཉིད་ཀྱིས་གཞུང་གོ་བ།།
     དེ་འདྲ་གང་གིས་ཤེས་དེ་མཁས།།
• གཙང་མཁས་གཞན་ལ་ཕན་པར་འདོད་པ། སློབ་དཔོན་གྱི་མཚན་ཉིད།
• ཕྱི་ནང་རིག་པའི་གནས་རྣམས་ཐུགས་སུ་ཆུད།།
   སྡོམ་གསུམ་བསླབ་བྱར་ཉེས་ལྟུང་དྲི་མས་དག །
   ཕྲ་རགས་མཛད་པ་བསྟན་དང་འགྲོ་ཕན་ཅན།།
   མཚན་ལྡན་བླ་མའི་ཚོགས་རྣམས་སྤྱི་བོས་མཆོད།།
                      _____དངུལ་ཆུ་ངྷརྨ་བྷ་དྲ།
དགེ་རྒན།
༄༅།། ཤེས་ཡོན་དང་ནི་བསམ་པ་དང་།།
                  ནུས་པ་སྤྱོད་ལམ་ཁྱད་པར་བཅས།།   
                  ཡོངས་སུ་ཚང་ན་ཚད་ལྡན་གྱི།།
                   སློབ་མ་སྐྱོང་ཐུབ་དགེ་རྒན་དག །  
    ༼ འཆད་པའི་སྐྱོན་རྣམས་སྤངས་ནས་ནི།། ཤིན་ཏུ་བརྩེ་བའི་བསམ་པས་བཤད།།
       ཉན་པའི་སྐྱོན་རྣམས་སྤངས་ནས་ནི།། ཤེས་པར་འདོད་པས་ལེགས་པར་མཉན།། ༽            
 
འཆད་པའི་སྐྱོན།
• བྱིས་པ་ཐང་སྟོང་དུ་འཁྱམས་པ་བཞིན་བཤད་ན་དམིགས་ཡུལ་མེད་པའི་སྐྱོན་འབྱུང་།
   རྩམ་སྐྱ་བར་སྣང་ནས་གཏོར་བ་བཞིན་བཤད་ན་གཙོ་གནད་མི་ཟིན་པའི་སྐྱོན་འབྱུང་།
    རྒན་པོ་སོ་མེད་ཀྱིས་ཟས་ཟ་བ་བཞིན་བཤད་ན་དཀའ་གནད་ལུས་པའི་སྐྱོན་འབྱུང་།
    མ་གླེན་མས་བུ་ཆུང་གསོ་བ་བཞིན་བཤད་ན་ཡུལ་ལ་མི་བསྟུན་པའི་སྐྱོན་འབྱུང་།
    བྱ་རོག་གིས་ཚང་འཆའ་བ་བཞིན་བཤད་ན་དོན་ལ་མི་འབྲེལ་བའི་སྐྱོན་འབྱུང་།
    ཟླ་འོད་སྤྲིན་བར་ནས་འཕྲོ་བ་བཞིན་བཤད་ན་ཚིག་དོན་མི་གསལ་བའི་སྐྱོན་འབྱུང་།
བཟི་བོས་བཟི་གཏམ་བརྗོད་པ་བཞིན་བཤད་ན་མགོ་འཐོམ་པར་འགྱུར་བའི་སྐྱོན་འབྱུང་།
 
སློབ་མའི་མཚན་ཉིད།
༄༅།། གཟུར་གནས་བློ་ལྡན་དོན་གཉེར་ཅན་སློབ་མའི་མཚན་ཉིད།
    ༼ སློབ་སྦྱོང་བྱ་དགོས་པའི་རྒྱུ་མཚན། སློབ་སྦྱོང་གི་དམིགས་ཡུལ། ལྟ་བ། རྣམ་འགྱུར། སྙིང་སྟོབས། ནང་དོན། གོམས་སྲོལ། བྱེད་ཐབས། ༽
   ༼ སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག མི་འཛིན་པ་ལྔ། ལོག་པའི་འདུ་ཤེས་བཞི། ༽
 
སྣོད་ཀྱི་སྐྱོན་གསུམ།
                    རྣ་བ་མི་གཏོད་པ་ཁ་སྦུབ་ལྟ་བུའི་སྐྱོན།
                    ཡིད་ལ་མི་འཛིན་པ་ཞབས་བརྡོལ་ལྟ་བུའི་སྐྱོན།
                    ཉོན་མོངས་དང་བཅས་པ་དྲི་མ་ཅན་ལྟ་བུའི་སྐྱོན།
                                དྲི་མ་དྲུག
                ང་རྒྱལ་དང་ནི་མ་དད་དང་།། དོན་དུ་གཉེར་བ་མེད་ཉིད་དང་།།
                ཕྱི་རོལ་རྣམ་གཡེང་ཡིད་བསྡུས་དང་།། སྐྱོ་བ་ཉན་པའི་དྲི་མ་ཡིན།།
 
དགེ་སློབ་བར་གྱི་འབྲེལ་བ།
༄༅།། སློབ་མའི་དགེ་རྒན་བསྟེན་ཚུལ་ལ་བསམ་པའི་བསྟེན་ཚུལ་དང་སྦྱོར་བའི་བསྟེན་ཚུལ་གཉིས་
 ཡོད་པ་ལས། སྔ་མ་ལ་བསྟེན་པའི་བསམ་པ་དང་། རྩ་བ་དད་པ་སྦྱང་བ། བཀའ་དྲིན་རྗེས་སུ་དྲན་པ་གསུམ་ཡོད། 
      ཕྱི་མ་ནི་བླ་མ་མཉེས་པར་བྱེད་པའི་ཐབས་གསུམ་གྱི་སྒོ་ནས་བསྟེན་དགོས་པའོ།།
      དགེ་རྒན་གྱིས་བསྡུ་བ་རྣམ་བཞིའི་སྒོ་ནས་སློབ་མ་བུ་བཞིན་སྐྱོང་དགོས།
      ༼ ཕ་བུའི་འབྲེལ་བ། མ་བུའི་འབྲེལ་བ། གྲོགས་པོའི་འབྲེལ་བ། ༽
 
སེམས་དགུ།
དང་པོ་རང་དབང་དོར་ནས་བླ་མ་ཡི།། དབང་དུ་གཏོང་བ་བུ་མཛངས་ལྟ་བུའི་སེམས།།
བཤེས་དང་མཛའ་བ་སུས་ཀྱང་མི་ཕྱེད་པར།། བརྟན་པར་བྱེད་པ་རྡོ་རྗེ་ལྟ་བུའི་སེམས།།
རང་གིས་བླ་མའི་བྱ་བའི་ཁུར་ཐམས་ཅད།། སྤྲོ་བཞིན་འཛིན་པ་ས་གཞི་ལྟ་བུའི་སེམས།།
སྡུག་བསྔལ་ཅི་འདྲ་བྱུང་ཡང་མི་གཡོ་བ།། ཁོར་ཡུག་ལྕགས་ཀྱི་རི་བོ་ལྟ་བུའི་སེམས།།
དམན་ལས་ཅི་འདྲ་བཅོལ་ཡང་མི་འཕྲིག་པར།། སྒྲུབ་པ་འཇིག་རྟེན་བྲན་གཡོག་ལྟ་བུའི་སེམས།།
རློམ་པས་ཁེངས་པ་དོར་ནས་དམན་པའི་ས།། འཛིན་པ་ཕྱག་དར་བ་དང་འདྲ་བའི་སེམས།།
བླ་མའི་བྱ་བ་ཤིན་ཏུ་ལྕི་བའི་ཁུར།། སྤྲོ་བཞིན་འཛིན་པ་ཐེག་པ་ལྟ་བུའི་སེམས།།
བླ་མས་ཇི་ལྟར་གཤེ་ཞིང་བརྙས་གྱུར་ཀྱང་།། ཁྲོ་བ་མེད་པ་སྒོ་ཁྱི་ལྟ་བུའི་སེམས།།
བླ་མའི་བྱ་བར་འགྲོ་འོང་ཅི་ཙམ་ཞིག ། བྱས་ཀྱང་མི་སྐྱོ་གྲུ་གཟིངས་ལྟ་བུའི་སེམས།།
 
• དད་པ་གསུམ།
   དང་བའི་དད་པ། མངོན་འདོད་ཀྱི་དད་པ། ཡིད་ཆེས་ཀྱི་དད་པ།
• བླ་མ་མཉེས་པར་བྱེད་པའི་ཐབས་གསུམ།
   རབ་སྒྲུབ་པའི་མཆོད་པ། འབྲིང་ལུས་ངག་གི་ཞབས་ཏོག ཐ་མ་ཟང་ཟིང་གི་འབུལ་བ།
   བསྡུ་བ་རྣམ་བཞི།
   མཁོ་བ་སྦྱིན་པ། སྙན་པར་སྨྲ་བ། དོན་སྤྱོད་པ། དོན་མཐུན་པ།
   སློབ་མ་ལ་རྒྱུད་ལ་ཡོན་ཏན་སྣ་གཅིག་སྐྱེ་བ་དང་སྐྱོན་སྣ་གཅིག་འགྲིབ་པ་ཡན་ཆད་བདེ་ལེགས་ཐམས་ཅད་ཀྱི་འབྱུང་གནས་ནི་དམ་པའི་བཤེས་ཡིན། ༼ ལམ་རིམ་ཆེན་མོ ༽
 
སློབ་ཁྲིད་རྩ་དོན།
ཚན་རིག་རང་བཞིན་དང་བསམ་བློ་རང་བཞིན་གཅིག་གྱུར་གྱི་རྩ་དོན།
   གཞུང་ལུགས་དོན་དངོས་དང་སྦྲེལ་བའི་རྩ་དོན།
   མངོན་སུམ་རང་བཞིན་གྱི་རྩ་དོན།
   བློ་འབྱེད་རང་བཞིན་གྱི་རྩ་དོན།
   རིམ་གྱིས་འཇུག་པའི་རྩ་དོན།
   བརྟན་པར་འཛིན་པའི་རྩ་དོན།
   གང་ལ་གང་འཚམ་གྱི་རྩ་དོན།
 
སློབ་ཁྲིད་རྩ་དོན་རྣམ་བཞི།
• བརྡ་འཕྲིན་ཆ་ཚང་བའི་རྩ་དོན།(全息性原则)
• མཛེས་འཛིན་གྱི་རྩ་དོན།(审美化原则)
• ལག་ལེན་རང་བཞིན་གྱི་རྩ་དོན།(实践性原则)
• གསར་གཏོད་རང་བཞིན་གྱི་རྩ་དོན།(创造性原则)
 
སློབ་ཁྲིད་ཀྱི་སྦྱོར་དངོས་རྗེས་གསུམ།
• སྦྱོར་བའི་སྐབས། ༼ འཁྲིད་གཞི། སྔོན་སྦྱོང་། ༽
• དངོས་གཞིའི་སྐབས།༼རྩ་དོན་རྒྱུན་འཁྱོངས།འཆར་གཞི་ལག་བསྟར། འཆད་ཐབས་བེད་སྤྱོད། འགན་ཁུར་ལེགས་འགྲུབ། ༽
• རྗེས་སམ་མཇུག་གི་སྐབས།༼ལས་བྱ་བཀོད་སྒྲིག་དང་ཞིབ་བཤེར།༽
འཆད་ཐབས།
• འཆད་ཐབས་ཡན་ལག་གསུམ་ལྡན།
• ཡན་ལག་ལྔའི་འཆད་ཐབས།
• ཉི་ཟླ་སྐར་གསུམ་གྱི་འཆད་ཐབས།
• བཀྲ་ཤིས་རྟགས་བརྒྱད་ཀྱི་འཆད་ཐབས།
• དག་པ་གསུམ་ལྡན་གྱི་འཆད་ཐབས།
• ཆེ་བ་བཞི་ལྡན་གྱི་འཆད་ཐབས།
• རྩིས་མགོ་རྣམ་པ་ལྔའི་འཆད་ཐབས།
• འཆད་ཐབས་ལུགས་གཉིས་མ།
     འཆད་ཐབས།
• ཞུམ་རྒོད་རྨུགས་གསུམ་སེལ་བའི་འཆད་ཐབས།
• གང་འཚམ་གྱི་འཆད་ཐབས།
• སེང་སྟག་སྦལ་སོགས་ཀྱི་འཆད་ཐབས།
• འཆད་ཐབས་རྣམ་བཞི།
• དགོས་སོགས་ཆོས་བཞིའི་འཆད་ཐབས།
• སེང་གེ་མཇིང་བསྣོལ་གྱི་འཆད་ཐབས།
འཆད་ཐབས་ཡན་ལག་གསུམ་ལྡན།
• ཚིག་དོན་ངེས་པའི་ཡན་ལག་ཏུ་ངག་དོན་འགོད་པ།
• གནད་དོན་ངེས་པའི་ཡན་ལག་ཏུ་སྤྱི་དོན་བཤད་པ།
• རྩོད་པ་འཕེལ་བའི་ཡན་ལག་ཏུ་མཐའ་དཔྱོད་སྤྲོ་བ།
 
གཞུང་མང་ཡོད་མིན་མེད་མིན་དབང་པོའི་གཞུ།།
   ཡིག་འབྲུ་གཉེར་བས་བཀའ་བསྟན་ཟད་ན་ཡང་།།
   བླ་མ་བླ་མ་མགོན་པོ་མགོན་པོ་ཞེས།།
   སོམ་ཉིའི་སྒྲོག་ལས་ནམ་ཡང་ཐར་མི་འགྱུར།།
                 _______ རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ།
• རྩོད་སྐོར་གཅིག་གི་རིགས་པའི་སྣང་བས་ཀྱང་།།
   མ་རྟོགས་ལོག་རྟོག་ཐེ་ཚོམ་འབུམ་ཕྲག་འཇིག །
   གཞན་གྱི་བསྐལ་པའི་འཆད་པས་དོ་མི་ཟློ།།
   ངེས་དོན་བསྟན་འཛིན་བསྟན་པའི་ལྕགས་རི་ཡིན།།
                              
              ______ ༼ བསླབ་བྱ་ཨ་རུ་རྣམ་པར་རྒྱལ་བའི་དགའ་ཚལ ༽
         རྩོད་པའི་མཛེས་རྒྱན་རྣམ་བདུན་ནི། བཞིན་མདངས་གསལ་བ། ངག་སྙན་ཞིང་འཇམ་པ། ཕ་རོལ་དམའ་འབེབས་པའི་ཚིག་མདའ་མི་འཕེན་པ། ལུང་རིགས་གསལ་ལ་རྣོ་བ། སྒྱིད་ལུག་དང་ང་རྒྱལ་མེད་པ། རིགས་ལམ་འདོར་བའི་གཡོ་སྒྱུ་དང་ཆགས་སྡང་མེད་པ། རང་གཞན་གྱི་དོན་དང་བསྟན་པ་ལ་གཅེས་པར་འཛིན་པ་བཅས་སོ།།
 
• རང་ཉིད་གྲགས་འདོད་ཕ་རོལ་དམའ་འབེབས་འདོད།།
 གཡོ་སྒྱུའི་རྩོད་པ་ཚིག་རྩུབ་ངན་སེམས་ཅན།།
 ངག་འཁྱལ་སྣ་ཚོགས་སྨྲ་ཞིང་གཞན་རྒྱུད་སྲེག །
 ད་ལྟའི་རྩོད་པ་འདི་ཡང་དམྱལ་བའི་རྒྱུ།།
                                     ____བུ་སྟོན་ཐམས་ཅད་མཁྱེན་པ།
ཡན་ལག་ལྔའི་འཆད་ཐབས།
         ༄༅། ། མདོ་དོན་སྨྲ་བ་དག་གིས་ནི།།
                དགོས་དོན་བསྡུས་པའི་དོན་བཅས་དང་།།
                ཚིག་དོན་བཅས་དང་མཚམས་སྦྱོར་བཅས།།
                བརྒལ་ལན་བཅས་ཏེ་བསྙད་པར་བྱ།།
                         
             _______ ༼ རྣམ་བཤད་རིགས་པ ༽
ཉི་ཟླ་སྐར་གསུམ་གྱི་འཆད་ཐབས།
• སྤྱི་དོན་ཚངས་ཐིག་གི་སྒོ་ནས་ཁོག་ཕུབ།
• རྩ་འགྲེལ་ཞིབ་སྦྲགས་ཀྱི་ཁྲིད་ཀྱིས་གཞུང་བཟུང་།
• མཐའ་དཔྱོད་བརྒལ་ལན་གྱི་སྒོ་ནས་མཐའ་བཅད།
 
བཀྲ་ཤིས་རྟགས་བརྒྱད་ཀྱི་འཆད་ཐབས།
༡ ངེས་པ་བསྐྱེད་པའི་ཡན་ལག་ཏུ་ཆོས་འབྱུང་གིས་སྔོན་བསུས།
༢ སྤྲོ་བ་བསྐྱེད་པའི་ཡན་ལག་ཏུ་ཕན་ཡོན་གྱི་འབྲས་བུ་བསྟན།
༣ སྤྱི་ཁོག་འཆར་བའི་ཡན་ལག་ཏུ་བསྡུས་དོན་གྱིས་ས་བཅད།
༤ ཚིག་དོན་ངེས་པའི་ཡན་ལག་ཏུ་ཚིག་འབྲུ་ཞིབ་ཏུ་བཀྲལ།
༥ གནད་དོན་ངེས་པའི་ཡན་ལག་ཏུ་དོན་སྦྱོར་རེ་རེ་བཀོད།
༦ དཔྱད་པ་འཇུག་པའི་ཡན་ལག་ཏུ་བཞེད་མཚམས་སོ་སོས་ཟུར་རྒྱན།
༧ རྩོད་གྲྭ་འཕེལ་བའི་ཡན་ལག་ཏུ་དོགས་སློང་དང་རྩོད་པའི་སྒོ་བསྟན།
༨ རྒྱུད་ལ་སྦྱོར་བའི་ཡན་ལག་ཏུ་ལམ་བསྒྲིགས་ཀྱི་མན་ངག་གསུངས།
 
          སེང་གེའི་མཇིང་བསྣོལ་གྱི་འཆད་ཐབས།
༄༅། །ཐོག་མར་སྒྲ་ལ་མཁས་པ་ཡིས།།
               ཚིག་དོན་རྣམ་པར་ཕྱེ་སྟེ་བསྟན།།
               དེ་ནས་དོན་ལ་མཁས་པ་ཡིས།།
               ལྷག་ཆད་འཁྲུལ་བ་མེད་པར་བཤད།།
                                 —— ས་པཎ༼ མཁས་འཇུག ༽
      འཆད་ཐབས་ལུགས་གཉིས་མ།
• མཛུབ་ཁྲིད་ཀྱི་ལུགས།༼ ཚིག་རྗེས་འབྲངས་ནས་འདིའི་དོན་འདིའོ་ཞེས་བཤད་པའོ།། ༽
• ཉན་བཤད་ཀྱི་ལུགས།༼ དྲི་བ་དྲིས་ལན་སོགས་བགྲོ་གླེང་གི་ཚུལ་དུ་བཤད་པའོ།། ༽
 
དག་པ་གསུམ་ལྡན་གྱི་འཆད་ཐབས།
• ༄༅།། སློབ་དཔོན་གྱི་ངག་དག་པ།
         སློབ་མའི་རྒྱུད་དག་པ།
• བཤད་བྱའི་ཆོས་དག་པ།
 
ཆེ་བ་བཞི་ལྡན་གྱི་འཆད་ཐབས།
༄༅། ། རྩོམ་པ་པོའི་ཆེ་བ། ཆོས་ཀྱི་ཆེ་བ། བཤད་པའི་ཚུལ་གྱི་ཆེ་བ། ཉན་པའི་ཚུལ་གྱི་ཆེ་བ།
སེང་སྟག་སྦལ་སོགས་ཀྱི་འཆད་ཐབས།
༄༅། ། སེང་གེའི་ལྟ་སྟངས་ཀྱིས་དོན་གྱི་གཞི་ངེས།
      སྦལ་བའི་འཕར་འགྲོས་ཀྱིས་གཞུང་དོན་དུམ་བུར་གཅོད།
      རུས་སྦལ་བཞི་འགྲོས་ཀྱིས་ཚིག་གི་འབྲུ་ནོན་པའམ་ཚིག་དོན་མ་ལུས་པར་འཆད།
      སྟག་གི་མཆོངས་སྟབས་ཀྱིས་སྐབས་དབྱེ།༼ སྐབས་དོན་སོ་སོར་དབྱེ། ༽
                          ———— ཨ་ལག་ཤ་ངག་དབང་བསྟན་དར།
རྩིས་མགོ་རྣམ་པ་ལྔའི་འཆད་ཐབས།
              ༄༅། ། རྒྱུད་འདིའི་མིང་ནི་ཅི་ཞིག་ཡིན།།
                    སུ་ཡི་དོན་དུ་འདི་ཉིད་མཛད།།
                    སུ་ཞིག་བྱེད་པོ་འདིའི་ཚད་ཅི།།
                    འདི་ཡི་དགོས་པའང་ཅི་ཞིག་ཡིན།།
འཆད་ཐབས་ཐོར་བུ་འགའ།
• དགོས་སོགས་ཆོས་བཞིའི་འཆད་ཐབས།
• སྙན་པར་སྨྲ་བའི་འཆད་ཐབས།
• ཐོས་བསམ་སྒོམ་གསུམ་གྱི་འཆད་ཐབས།
• བསྐྱར་སྦྱོང་ཁ་སྣོན་དང་བཅས་པའི་འཆད་ཐབས།
ཞུམ་རྒོད་རྨུགས་གསུམ་སེལ་བའི་འཆད་ཐབས།
• ༄༅།། ཞུམ་ལ་གཟེངས་བསྟོད་རྒོད་པ་ལ།།
•      འཁོར་བའི་ཉེས་དམིགས་ལེགས་པར་བཤད།།
•      རྨུགས་པ་རྣམས་ལ་ངོ་མཚར་གྱི།།
•     གཏམ་བཤད་ནས་ནི་ཉན་དུ་གཞུག །
གང་འཚམ་གྱི་འཆད་ཐབས།
• ༄༅།། བློ་ཅན་རྣམས་ལ་ཟབ་རྒྱ་ཆེ།།
•           བློ་ཆུང་གཟུང་བདེ་གོ་སླ་བ།།
•           ཕྱིས་ནས་ཚིག་དོན་འབྲེལ་ཆགས་ནས།།
•           དོན་ཕྲ་འགལ་འབྲེལ་དཔྱད་ཅིང་བཤད།།
འཆད་ཐབས་རྣམ་བཞི།
•    རྣམ་གྲངས་ཀྱིས་འཆད་པ།
•    མཚན་ཉིད་ཀྱིས་འཆད་པ།
•  ངེས་ཚིག་གིས་འཆད་པ།   
• རབ་ཏུ་དབྱེ་བས་འཆད་པ།
• མཉམ་ཞུགས་ཀྱི་འཆད་ཐབས།
• སྙིང་འཁྲིད་ཀྱི་འཆད་ཐབས།
• དྲི་བའི་འཆད་ཐབས།
• འཆད་ཐབས་ཡིག་བཞི་མ།༼ ཀློག་དཔྱད་སྦྱོང་འཁྲིད ༽
• ལྐོག་བརྡའི་འཆད་ཐབས།
• འཁྱོག་བཤད་ཀྱི་འཆད་ཐབས།

 

པར་ལྡན་འོས་སྦྱོར།
རྡེབ་ཚད་མང་ཤོས།