中  文
སྒོ་ཁྱི
སྤེལ་དུས།  2012-04-13 15:53:35    རྡེབ་ཚད། 

 

སྒོ་ཁྱི
                                དམའ་གསུམ་འཛིན་གཉིས།   སྒྲོལ་མ་དོན་འགྲུབ།
ཁ་ཆར་བུ་ཡུག་གི་གདུག་རྩུབ་ཇི་འདྲའི་དྲག་ཀྱང།
དགུན་གསུམ་ལྷགས་རླུང་གི་གདུང་བ་ཇི་འདྲའི་ལྕི་ཡང་།
རྣོ་ལྕགས་ཀྱི་སྒྲོག་ཏུ་ཚུད་ཅིང་།
གཅོང་སྐད་རླུང་ལ་འདྲེས་བའི་སྒོ་ཁྱི་དེར།
ན་ཟུག་དང་སྡུག་བསྔལ་མང་བ་སུ་ཡིས་ཤེས།
སྐྱོ་གདུང་དང་རྨ་ཁའི་མནར་བ་སུ་ཡིས་རྟོགས།
ཡོད་ཚད   མི་ཟློག་ལས་འབྲས་བཙན་པོའི་འཆར་བཀོད་ཡིན་ན།
ཁྱེད་ནི      རི་སྤྱང་བཏུལ་བའི་ངོ་མཚར་གྱི་གཏམ་རྒྱུད་དང་།
བགྲང་བྱ་བརྩེགས་པའི་ལོ་རྒྱུས་ཀྱི་རླབས་རྒྱུན་ཁྲོད་ནས།
ཡུན་གྱིས    འགྲོ་བ་མིའི་བྱ་ར་རུ་གྱུར་བ                               
མེས་པོ་ཚོའི་བརྗོད་རྒྱུན་ལས་མ་འདས།
གང་ལྟར ཁྱེད་ནི་སྤྲ་ནག་གི་དར་རྒུད་གླེང་མཁན་དང་།
སྲེད་ཆེ་བའི་རྐུན་ཇག་ཚོར་དངངས་སྐྲག་སྟེར་མཁན་ཡིན་པས།
ངའི་ཡབ་མེས་ཀྱི་ཁྱིམ་རྒྱུད་ལ    
རྣམ་དག་གི་ལྷག་བསམ་དང་
བརྗོད་མི་ཚར་བའི་བྱས་རྗེས་མང་པོ
གྲུ་ཆར་བཞིན་འཐིམ་མྱོང་།
དེ་བས ཁྱེད་ནི་མཐོ་སྒང་ན་འཚོ་བའི་མི་རིགས་འདིའི་ཁྱད་ནོར་དང་
ལས་དབང་གླེང་མཁན་ཡིན།