中  文
དགེ་རྒན་དུས་ཆེན་ལ་ཕུལ་བ།
སྤེལ་དུས།  2012-09-10 09:18:50    རྡེབ་ཚད། 

 0001.jpg

0002.jpg

དགེ་རྒན་དུས་ཆེན་ལ་ཕུལ་བ།
                                            སྙིང་ལྕགས་རྒྱལ།
དགེ་རྒན་ལགས།
ཞོགས་པའི་སྐྱ་རེངས་ཀྱི་འཛུམ་མདངས་དང་ལྷན་དུ།
ཁྱེད་རང་ངལ་དུབ་དང་སུན་སྣང་མེད་པར།
བྱིས་པ་དག་གི་བར་སྣང་དུ་ཤར་བའི་ཉི་མ་བཞིན།
ང་ཚོའི་མདུན་ལམ་ལ་རིག་པའི་འོད་སྣང་སྦྱིན།
 
དགེ་རྒན་ལགས།
དུས་ཀྱི་འགྱུར་བག་ཅི་འདྲ་རྒོད་ཀྱང་།
ཁྱེད་ནི་རྒྱ་མཚོའི་ཀློང་གི་དེད་དཔོན་དཞིན།
ང་ཚོའི་འཚོ་བ་ལ་ལམ་སྟོན་མཛད།
 
དགེ་རྒན་ལགས།
ཁྱེད་ཀྱི་ངག་ནས་ཐོན་པའི་དབྱངས་གསལ་གྱི་སྦྱོར་ཀློག་རེ་རེ།
ང་ཚོས།   མི་ཚེ་ཡི་དམ་ཚིག་བཞིན།
སྤང་བླང་གི་དབྱེ་བ་འབྱེད་པའི་མན་ངག་ཏུ་བཟུང་ཡོད།
 
དགེ་རྒན་ལགས།
ང་ཚོ་ནམ་ཡང་ཁྱེད་དང་མཉམ་དུ་གསོན་ཡོད།
ང་ཚོའི་གོམ་སྟབས་ཀྱང་ཁྱེད་ཀྱི་རྣམ་ཤེས་དང་ལྷན་དུ་ཡོད།
དུས་རབས་གསར་བའི་འཕེལ་རྒྱས་ཁྲོད།
ང་ཚོས།   རང་གི་འཇོན་ནུས་ལ་བརྟེན་ནས།
མེས་རྒྱལ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།