中  文
མགྱོགས་བྲིས་ཁག་གསུམ།
སྤེལ་དུས།  2013-03-16 13:52:14    རྡེབ་ཚད། 

མགྱོགས་བྲིས་ཁག་གསུམ།

སློབ་མ། ཁྲི་རྐང་ལྕགས་ཐར་རྡོ་རྗེ།
                     ཞོཊ་པའི་ཉི་ཟེར།
རབ་དཀར་ཀེ་ལ་ཤ་ཡི་དབུ་རྩེ་ན་འཆར་བའི་།།
གསེར་མདོག་ཉིན་བྱེད་དབང་བོའི་འོད་ཟེར་དང་ལྷན་དུ།།
རྩ་ཆེན་རིག་པའི་དཔེ་རྙིང་གྲོགས་པོ་རུ་བཀུར་ནས།།
རིག་པའི་ཐང་ཆེན་འགྲིམས་པར་ཡིད་ཆེས་ཀྱིས་ཁེངས་འདུག།
                     མཚན་ལྗོངས་ཀྱི་ཟླ་བ།
ཀུན་གསལ་མཁའ་རུ་འཆར་བའི་ཟླ་འོད་ཀྱི་གཟུགས་བརྙན།།
དྭངས་གསལ་མེ་ལོང་ལྟ་བུའི་མཚེའུ་ངོས་ལ་འཆར་དུས།།
རྒྱང་རིང་ཁ་ཐག་རིང་བའི་སྙིང་སྡུག་གི་བུ་མོ།།
དམར་པོ་སེམས་ཀྱི་དབུས་སུ་ཡང་ཡང་དུ་འཆར་འོངས།།
ཐོལ་བྱུང་གི་སྙན་ཚིག
དབང་ཕྱོགས་ལྷུན་པོའི་རྩེ་ནས་ཉི་འོད་འཕྲོས།།
གཡུ་སྦྲ་སྨུག་པོའི་འདབས་སུ་དུ་སྤྲིན་འཁྲིགས།།
དྭངས་གསལ་རྫ་ཆུ་འབབ་པའི་ཆུ་འགྲམ་ན།།
དབྱངས་གསལ་སྦྱོར་ཀློག་བྱེད་པའི་བུ་ཆུང་སུ།།