中  文
མནའ་མ་ ཁྲིད པ།
སྤེལ་དུས།  2015-06-06 16:11:50    རྡེབ་ཚད། 
མནའ་མ་ཁྲིད་པ། དག་ཡིག་གསར་བསྒྲིགས་སུ་མནའ་མ་ནི་བག་མའམ་བུའི་ཆུང་མ་ལ་མནའ་མ་ཟེར།   ཁྲིད་ནི་ལམ་སྣ་དྲངས་པའི་དོན་ཞེས་གོ་སླ་བའི་མིང་འགྲེལ་ཡག་པོ་ཞིག་བྱས་ཡོད།དེ་ཡང་སྤྱིར་བཏང་དུ་གོ་བ་འདི་ཙམ་བླངས་ན་ཆོག་མོད།      འོན་ཀྱང་མིང་འདི་དག་ཚིག་ཏུ་བསྒྱུར་ཏེ་སྡེབ་སྦྱོར་རེ་སྒྲིག་ན་མནའ་མ་ཁྲིད་པ་ཞེས་ཚིག་སྦྱོར་རེ་ཆགས་འོང་།     དེ་ཡང་ཐོག་མར་ངས་ཀྱང་འདིའི་དོན་དེ་འདྲ་ཞིག་མ་གོ་མོད།   ཡིན་ཡང་དགའ་འོས་པ་ཞིག་ལ་ད་ལོའི་ལོ་སར་ཚེས་མགོར་ངའི་ཕུ་བོ་ལ་ཡང་མནའ་མ་ཞིག་ཁྲིད་པས་ང་ཡང་ཁོའི་ཁྲིད་རོགས་ལ་སོང་བ་ཡིན། དེ་བས་ངས་དེ་ལ་གོ་བ་ཟབ་མོ་ཞིག་ལོན་སོང་།             མནའ་མ་ཁྲིད་པ་ནི་བོད་ཀྱི་ཐུན་མོང་མིན་པའི་མི་རིགས་གཞན་གྱི་རིག་གནས་དང་མཐུན་ཐབས་བྲལ་བའི་བོད་ཀྱི་སྲོལ་རྒྱུན་གྱི་དམངས་ཁྲོད་རིག་གནས་གལ་ཆེན་ཞིག་རེད།   མནའ་མ་ཁྲིད་པ་ནི་བོད་ཀྱི་གཅེས་ཕྲུག་ཕོ་མོ་ཚོའི་བརྩེ་དུང་གི་རང་དབང་ལ་ཕ་མ་དང་གཞན་གཉེན་ཉེ་དུས་བར་ཆད་བཏང་བྱུང་ན་སྤྱོད་བཞིན་ཡོད་པའི་བྱ་སྤྱོད་ཅིག་རེད་ལ་གཉེན་ཚང་གིས་ ཨ་ཞང་ཚང་ལ་མནའ་མའི་ལོ་རབས་བཤད་དུ་སོང་སྟེ་མ་བྱིན་ན་སྤྱོད་བཞིན་པའི་བྱ་འགུལ་ཞིག་ཀྱང་རེད།   མནའ་མ་ཁྲིད་སྐབས་གཉེན་ཚང་ཚང་གིས་ཤ་ཉེ་དུ་དང་ཕུ་ནུ་མིང་སྲིང་ཚང་མ་གཞན་ལ་མི་གོ་བར་བྱས་ཏེ་བརྡ་ཞིག་ བརྒྱབ་སྟེ་ཁྱིམ་གཅིག་ཏུ་འཛོམས་ནས་ཁ་ཇ་ཆང་དང་སྡེར་ཀ་འོས་འཚམ་ཞིག་བསྒྲིགས་ཏེ་ས་རུབ་ལ་ཉེ་བའི་དུས་སུ་གཉེན་ཉེ་ ཚང་མ་འུར་ཟིང་མེད་པར་ཁྱིམ་གཅིག་ལ་འཛོམས་པར་བྱེད་པ་ལས་མི་གཞན་ལ་གོ་རུའམ་ཤེས་སུ་མི་འཇུག་ལ་གཞན་ལ་གོ་རུ་མི་འཇོག་པ་ནི་གལ་ཏེ་གཞན་གྱིས་གོ་སོང་ན་ལེགས་འགྲུབ་མ་བྱུང་ཚེ་གཞན་གྱིས་འཆའ་བར་དོགས་ནས་མ་བཤད་པ་རེད་ལ་ མནའ་མ་ཁྲིད་པའི་ཕྱི་ཉིན་ནམ་དུས་ཚོད་ངེས་ཅན་ཞིག་འགོར་ན་ཀུན་གྱིས་རང་བཞིན་གྱིས་མི་ཁ་བརྒྱུད་དེ་གཅིག་གིས་གཅིག་ལ་བཤད་ནས་གོ་བ་རེད།   དུས་ཚོད་བཅུ་གཅིག་བཅུ་གཉིས་སམ་སེམས་ཅན་གཉིད་ལ་ཤོར་བའི་དུས་དེར་དམག་པ་དང་མྱི་འགས་སྔོན་གྲ་སྒྲིག་གང་ལེགས་བྱས་ཡོད་པའི་མནའ་མའི་འདོགས་ཆ་དང་གྱོན་པ་ཁ་ཚང་བཟུང་སྟེ་ཨ་ཞང་ཚང་གི་ཕྱོགས་སུ་བསྐྱོད་ལ་ཨ་ཞང་ཚང་་་་གཉིད་ལ་ཤོར་བའི་སྐབས་དེ་དང་བསྟུན་ནས་གྲག་འགུལ་ཅི་ཡང་མེད་པའི་སྒོ་ནས་མནའ་མ་གྱོན་པ་སྟབས་བདེ་ཐོག་གྱོན་་་་་་་འགའ་དང་རྒྱན་ཆ་འགའི་རྒྱན་གོས་འོས་འཚམ་ཞིག་སྤྲས་རྗེས་མྱུར་མོར་ཁྲིད་དེ་འོང་བ་ལས་ཞིབ་ཆ་དང་ལྡན་པའི་སྒོ་ནས་གྱོན་པ་གྱོན་ཏེ་དུས་ཚོད་མི་བརླག  དེ་ཡང་ཨ་ཞང་ཚང་གིས་ཤེས་བར་དོགས་པ་རེད།  ཡོང་ཁར་ད་དུང་མནའ་མའི་མལ་ཐུལ་ཡག་པོ་ཞིག་ལྟེབས་རྗེས་དེའི་སྟེང་ལ་ཁ་བཏགས་ཞིག་ཀྱང་འཕེན་སྲོལ་ཡོད་ལ་དེ་ནི་ཕ་མའི་མཐོང་ན་རང་གི་བུ་མོ་གནས་ལ་བྲོས་་་ པའི་རྟགས་དང་གཞན་གྱིས་ཁྲིད་པའི་རྟགས་རེད།   མནའ་མ་ཁྲིད་དེ་བདེ་བརླག་ངང་ཡུལ་ལ་ཐོན་རྗེས་འདིར་འཛོམས་པའི་ཉེ་དུ་ཚང་མའི་ཟ་འཐུང་དང་གླུ་གར་གྱི་དཔལ་ལ་རོལ་ཏེ་ཕལ་ཆེར་ནམ་ལངས་རག་བར་དུ་འདུག་ལ་ནམ་ལངས་རྗེས་ཉི་མ་རི་རྩེ་ལ་རྒྱབ་མ་ཐག་གམ་ཡང་ན་མ་རྒྱབ་གོང་ཤ་ཉེ་རྒད་པོ་བསམ་ཤེས་ཁ་བདེ་འགས་ལེགས་སྐྱེས་འོས་འཚམས་རེ་ཁྱེར་ཏེ་ཨ་ཞང་་་ཚང་ལ་བརྡ་རྒྱགས་པའམ་ཡང་ན་མདངས་དགོང་གི་དོན་དག་དེ་བཤད་དུ་འགྲོ་ལ་ཞོར་དུ་མདངས་དགོང་གི་དོན་དག་དེ་ལ་ གཏམ་དཔེ་ཡི་ཚིག་དང་སྦྱར་ཏེ་དགོངས་དག་ཞུ་བ་མ་ཟད་བུ་དང་བུ་མོ་གཉིས་ཀྱི་རང་དབང་གི་བརྩེ་བའི་མདངས་རྩིས་གཞིར་བཞག་སྟེ་གཉེན་ཚང་ལ་ཁ་ཡག་ངོ་བསྟོད་དང་ཁྱིམ་གཉིས་སམ་ཡང་ན་འཚོ་བ་གཉིས་ཀྱི་མཛའ་མཐུན་གྱི་བརྩེ་བ་ལ་བསྟོད་་་་་་པའམ་དགེ་མཚན་མང་པོ་ཞིག་གླེང་ནས་སྟེར་དགོས་པའི་རེ་བ་དང་གལ་ཆེན་བརྗོད་ཇི་ཐུབ་བྱེད་པ་རེད།སྐབས་འདིར་ཨ་ཞང་ཚང་ངམ་ཡང་ན་བུ་མོའི་ཕ་མ་གཉིས་ཀྱིས་མ་འཐད་པའི་རྣམ་འགྱུར་སོགས་ཀྱང་སྟོན་སྲོལ་ཡོད་ལ་དུས་འདིར་ཨ་ཞང་ཚང་གིས་རང་གི་བུ་མོ་མྱུར་མོར་ཕྱིར་རང་ཁྱིམ་ལ་བསྐྱལ་ནས་ཡོང་དགོས་པའི་དྲགས་གཏམ་ཀྱང་བཤད་ལ་གཉེན་ཚང་གིས་གུས་གུས་་་ཞུམ་ཞུམ་ངང་ཡ་ལན་སྤྲད་དེ་མྱུར་དུ་མི་བསམ་ཤེས་འགའ་ལ་བུ་མོ་བསྐྱེལ་ཏེ་ཡོང་རུ་འཇུག་ལ་བསྐྱལ་ནས་ཡོང་མཁན་གྱི་མི་དེ་གཉིས་ཀྱིས་བུ་མོའི་ཕ་མ་གཉིས་ལ་བུ་མོ་ལ་ཉེས་བ་མེད་ཚུལ་དང་བུ་མོའི་སྐྱོན་མིན་ཚུལ་དང་བུ་མོ་ལ་གཅར་རྡུང་དང་སྡུག་་་་་དམོད་མི་བྱེད་པའི་ཁ་ལ་སློབ་གསོ་གཏོང་བ་མ་ཟད་ད་དུང་ཡང་བུ་མོ་སྟེར་དགོས་པའི་གཏམ་དང་གནས་ལུགས་སོགས་མང་བོ་བཤད་སྲིད་དེ་གལ་ཏེ་ད་དུང་ཕ་མ་གཉིས་ལ་སྟེར་འདོད་པའི་རྣམ་འགྱུར་དང་ཚིག་སོགས་མེད་ཚེ་མུ་མཐུད་དུ་འདིའི་ཕྱོགས་ཀྱི་ཆོ་ག་རབ་དང་རིམ་པ་ཡོད།          གལ་ཏེ་ཐེངས་གཅིག་ལ་འཁྲིད་དེ་མ་བྱིན་ན་བུ་ཆུང་གིས་རང་གི་སྙིང་དུ་ན་བའི་སྒེག་ལྡན་མ་ཁྲིད་དེ་དུས་ཚོད་ངེས་ཅན་ཞིག་གམ་ཡང་ན་ཨ་ཞང་ཚང་གིས་ཁས་ལེན་པའི་བར་དུ་ས་ཆ་ཐག་རིང་ངམ་ཡང་ན་ཡུལ་བསྐོར་སོགས་ལ་སོང་སྟེ་ཕྱིར་མི་འོང་ བའི་སྲོལ་ཀྱང་ཡོད།          འདི་ནི་རྒྱུས་ལོན་མེད་པའི་མི་ཞིག་གིས་བལྟས་ན་ཅུང་འོས་མིན་ཐལ་དྲགས་ཀྱི་བྱ་སྤྱོད་ཅིག་ཡིན་མོད་དོན་དངོས་ཐོག་ དེ་འདྲ་ཞིག་གཏན་ནས་མ་རེད། དེ་ནི་ཕོ་མོ་དེ་གཉིས་ཀྱི་བརྩེ་དུང་གི་རང་མདངས་མཚོན་པ་ཞིག་ཡིན་ལ་ཕ་མས་དེ་གཉིས་ཀྱི་ མདངས་རྩིས་ལ་རྒྱུས་ལོན་བྱེད་པ་ཞིག་རེད། དམའ་གཉིས་འཛིན་བཞི། ལྷ་དཔལ་རྒྱལ།