中  文
ངའི་སེམས་ཁོང་གི་ཉི་མ།
སྤེལ་དུས།  2015-06-06 16:16:36    རྡེབ་ཚད། 
ངའི་སེམས་ཁོང་གི་ཉི་མ། དམའ་གཅིག་འཛིན་བརྒྱད། གུ་རུ་རྡོ་རྗེ།  ང་ལ་མཚོན་ན།  མི་ཚེ་འདིར་ཆེས་བསོད་ནམས་དང་རང་་ཉིད་ང་རྒྱལ་སྐྱེས་སུ་བཞག་པ་་་དོན་ཞིག་ཡོད།  ནམ་ཡང་།  ངས་རང་གི་མ་འོངས་བའི་ཕུགས་་་འདུན་ལ་བསམ་བློ་གཏོང་དུས་་ཐོག་མར་ཡིད་ལ་འཆར་འོངས་པ་ནི་་སློབ་འབྲིང་སྐབས་ཀྱི་དགེ་རྒན་བཀྲ་ཤིས་འཚོ་ཡིན།  དགེ་རྒན་ལགས།   ཁྱེད་ལ་ནམ་མཁའ་ལས་རྒྱ་ཆེ་ཞིང་རྒྱ་་མཚོ་ལས་གཏོང་ཟབ་པའི་ལྷག་་བསམ་དཀར་བོའི་དགེ་རྒན་དེ་ཡིན།          དགེ་རྒན་ལགས་ཁྱེད་ཀྱི་་་་མིག་ཆུའི་ཕྲེང་རྡོག་རེ་རེའི་ནི་་་་ཁྱེད་ཀྱི་སློབ་མའི་ཆེད་དུ་རེད་ཡ། དགེ་རྒན་ལགས།  གྲང་ལྷགས་་་རྒོད་པའི་དུས་ཚིགས་འདིར་ཁྱེད་ཀྱི་སྐད་འགག་པའི་ངང་ད་དུང་ང་ཚོ་ལ་སློབ་ཁྲིད་བྱེད།  དགེ་རྒན་ལགས།  ཁྱེད་ནི་སྤྲིན་ནག་ནང་གི་ངའི་སེམས་་་་ཀོངས་གི་ཉི་འོད་དང་འདྲ།  དགེ་རྒན་ལགས།  ཁྱེད་ཀྱི་མ་ལྟར་་་བརྩེ་བའི་བཀའ་དྲིན་ནམ་ཡང་བརྗེད་ཐབས་མེད།  དགེ་རྒན་ལགས།  ཐེངས་ཤིག་ལ་བོད་ཡིག་གི་སློབ་ཁྲིད་་་བྱེད་སྐབས་སུ་སློབ་གྲོགས་ལ་ལའི་ཞོལ་ནས་ཁ་བརྡ་བྱེད་ཅིང་།   ཁྱེད་ད་དུང་མགྲིན་པ་ན་བ་དང་མཉམ་དུ་བློ་གཅིག་སེམས་གཅིག་གིས་ངང་སློབ་ཁྲིད་ཀྱི་ལས་དེར་འབད་བརྩོན་བྱས་པ་ང་ཚོའི་་་་་གདོང་དམར་བོད་པའི་་རྟགས་་བསྟན་པ་རེད།  དགེ་རྒན་ལགས།  ཁྱེད་ཀྱིས་ཕྱོགས་གཅིག་ནས་སློབ་ཁྲིད་་་་་ གནང་བ་དང་།  ཕྱོགས་གཅིག་་ནས་བྱམས་པའི་མིག་མདངས་ཀྱིས་ང་ལ་ལྟ་བཞིན།  དཔེར་བརྗོད་ཅིག་ཁྲིད་ཚར་རྗེས་ཚང་མར་ལས་བྱ་འབྲི་རུ་བཅུག་པ་རེད།  བའི་སེམས་ན།  ནམ་ཡང་ཁྱེད་ལགས་ནི་ངའི་རང་གི་མིང་སྲིང་་་་་་དངོས་དང་དྲིན་ཆེན་ཕ་མ་དང་གཉིས་སུ་མེད་པའི་བསམ་ཚུལ་་ཤར།  དགེ་རྒན་ལགས།   ཁྱེད་ལ་ནོར་གྱིས་ཕྱུག་པའི་ལྷག་བསམ་་དཀར་བོ་ཞིག་ལྡན།  ང་ནི་ཤེས་བྱའི་གནས་ལ་དུངས་བརྩོན་ལྡན་པའི་སློབ་བུ་ཡ་རབས་ཤིག  ཤེས་རིག་འོ་མཚོ་རིས་མེད་གནང་བའི་ལྷག་བསམ་དཀར་བོ་དེ་ཁྱེད་ལ་མཆིས།  བརྩོན་པའི་གོ་ལུས་ལ་སྤྲས་ཏེ་སྦྱང་བརྩོན་བྱེད་པ་ང་ཡ་གཤིས།   དགེ་རྒན་ལགས།  ཁྱེད་ཀྱི་ཐུགས་བདེ་བར་བཞུག་དང་།  ང་ཚོའི་ཁྱེད་ཀྱི་རེ་བ་གཏོང་ཟད་དུ་མི་གཏོང་ཐག་ཆོད་ཡིན།