中  文
༄༅།། Windows XPཡི་དུས་སྐབས་མཇུག་སྒྲིལ་བ་དང་བོད་ཡིག་ལ་མཚོན་ན་Windows7་སྤྱོད་ན་བདེ།
སྤེལ་དུས།  2014-04-11 17:31:05    རྡེབ་ཚད། 

༄༅།། Windows XPཡི་དུས་སྐབས་མཇུག་སྒྲིལ་དང་བོད་ཡིགWindows7་སྤྱོད་ན་བདེ།

ཡོང་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ། རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། bljdon         http://www.tibetanms.cn/shshly/bkzhsh/kjx/2014-04-10/18911.html
 
དུས་རབས་ཉེར་གཅིག་གི་དུས་འགོར་འཛམ་གླིང་ཐོག་གི་མི་མང་པོ་ཞིག་གློག་ཀླད་བེད་སྤྱོད་གཏོང་བའི་གོ་སྐབས་བྱུང་ཞིང་། དེ་ལས་རྒྱུ་མཚན་གཙོ་བོ་ཞིག་ནི་ནུས་པ་ཆེ་ལ་བཀོལ་སྤྱོད་བདེ་བའི་རྒྱུད་ཁོངས་མཉེན་ཆས་ཡོད་པས་ཡིན།དེ་ཚོ་ལས་གྲགས་པ་ཆེ་ཤོས་ནིWindowsXPཡིན་པ་སྨོས་ཅི་དགོས།
 
Windows XPཞེས་པ་ནི་ཨ་རིའི་ཕྲ་མཉེན་ཀུས་ཟིས་བཏོན་པའི་སྒེར་སྤྱོད་གློག་ཀླད་རྒྱུད་ཁོངས་ཤིག་ཡིན། དེ་ཐོག་མ་སྤྱི་ལོ2001ལོའི་ཟླ་བ་བརྒྱད་པའི་ཚེས24ལ་གསར་སྤེལ་བྱས་ཤིང་། དེའི་འཆར་འགོད་དང་བཟོ་འགོད་ནི་སྤྱི་ལོ1990ལོ་ནས་མགོ་ཚུགས་ཟིན། དྲ་བའི་སྤྱོད་ཆས་ཞེས་པའི་ཀུང་ཟིས་བསྡོམས་རྩིས་བྱས་པར་གཞིགས་ན། 2012ལོའི་ཟླ་བ་བརྒྱད་པའི་བར་ལWindows XPནི་འཛམ་གླིང་ཐོག་བེད་སྤྱོད་མང་ཤོས་ཀྱི་རྒྱུད་ཁོངས་མཉེན་ཆས་ཡིན། དེ་རྗེསWindows7མང་བར་འགྱུར་ཟེར།འོན་ཏེ2014ལོའི་ཟླ་བ་དང་པོའི་སྐབས་ལ་ཡངWindows XPསྤྱོད་ཚད་ད་དུང15%ཡས་སྨད་ཟིན་གྱི་ཡོད་ཅིང་། ཀྲུང་གོར་མཚོན་ན49%ཡི་གློག་ཀླད་ད་དུངWindows XPཡིན་ཟེར།
མི་མང་པོ་ཞིག་གི་ངོས་ནས་བརྗོད་ནWindows XPཡིས་གློག་ཀླད་དངོས་སུ་འཚོ་བའི་ཆ་ཤས་སུ་གྱུར་བར་བྱས་ཡོད། འོན་ཏེ་ང་ཚོའི་ངོས་ནས་བརྗོད་ནXPཀྱི་དུས་སྐབས་ནི་དེ་འདྲའི་བློ་ཡིད་ཚིམས་པ་ཞིག་མིན། རྒྱུ་མཚན་གཙོ་བོ་ནི་ང་ཚོའི་བོད་སྐད་ཡིག་འདི་རྒྱུད་ཁོངས་དེའི་ཆ་ཤས་སུ་གྱུར་མེད་པས་ཡིན།
ང་ཚོས་ལོ་དྲུག་བདུན་གོང་གྱིWindows XPདུས་སྐབས་ལ་རྗེས་དྲན་ཞིག་བྱེད་སྐབས།ཕལ་ཆེར་པན་ཊི་ཏ་དང་སམ་བྷོ་ཊ། ཐུང་ཡོན། ཧྥང་ཀྲང་སོགས་པའི་བོད་ཡིག་གཏགས་ཆས་ཡིད་ལ་འཁོར་སྲིད། སྐབས་དེ་དུས་དྲ་ཁང་སོགས་པར་ཧ་ལམ་བོད་ཡིག་མེད་པར་བརྩིས་ཆོགང་ཚོས་རང་ཉིད་ཀྱི་གློག་ཀླད་ཐོག་བོད་ཡིག་གཏགས་ཆས་ཤིག་སྒྲིག་འཇུག་བྱས་ཆོག་ཀྱང་། མི་གཞན་ཞིག་གིས་གཏགས་ཆས་དང་ཡིག་གཟུགས་གཞན་ཞིག་བེད་སྤྱོད་ཀྱི་ཡོད་ན་ནང་དོན་མཉམ་རོལ་བྱེད་རྒྱུ་ཡང་ཁག་པོ་རེད།
མཐར་སྤྱི་ལོ2007ལོར་ཕྲ་མཉེན་ཀུང་ཟིསWindows Vistaཞེས་པ་གསར་སྤེལ་བྱེད་སྐབས་ཧི་མ་ལ་ཡ་ཞེས་པའི་བོད་ཡིག་ཡིག་གཟུགས་དང་གཏགས་ཆས་གཉིས་ཀ་རྒྱུད་ཁོངས་དེའི་ཆ་ཤས་ཤིག་ལ་བཟོས་ཡོད། ཧི་མ་ལ་ཡ་ཞེས་པའི་ཡིག་གཟུགས་དེ་ནི་དེང་སྐབས་འཛམ་གླིང་ཐོག་ཡིག་གཟུགས་ཨང་སྒྲིག་གཅིག་པ་ཡིན་པའིUnicodeཞེས་པའི་ཁོངས་སུ་གཏོགས་པས། དུས་དེ་ནས་བཟུང་གློག་ཀླད་མང་ཆེ་བར་གཅིག་འགྱུར་གྱི་བོད་ཡིག་ཡོད་པའི་དུས་རབས་གསར་པ་ཞིག་ལ་སླེབས། དེ་ནི་ཤིན་ཏུ་དགའ་འོས་པའི་གནས་ཚུལ་ཞིག་རེད།
 
http://www.tibetanms.cn/shshly/bkzhsh/kjx/2014-04-10/18911.html
པར་ལྡན་འོས་སྦྱོར།