中  文
མཁས་དབང་རིམ་བྱོན་གྱི་ལེགས་བཤད་གསེར་ཐིགས། ( སློབ་རའི་སྒོ་རའི་ལྡེབས་ངོས་སྲོལ་ཡིག)
སྤེལ་དུས།  2014-04-05 11:39:08    རྡེབ་ཚད། 

མཁས་དབང་རིམ་བྱོན་གྱི་ལེགས་བཤད་གསེར་ཐིགས།  -----སློབ་རའི་སྒོ་རའི་ལྡེབས་ངོས་སྲོལ་ཡིག

ལུས་ཀྱི་སྒོ་ནས་སེསམ་ཅན་གྱི་སྲོག་མི་གཅོད་པར་སྲོག་འདོན། མ་བྱིན་པར་མི་ལེན་སྦྱིན་པ་བཏང་། འདོད་ལོག་མི་སྤྱད་གྲོགས་ཀྱིས་ཆོག་ཤེས་པར་བྱ།  ངག་གི་སྒོ་ནས་རྫུན་མི་སྨྲ་བར་བདེན་པའི་ཆོས་བཤད། ཕྲ་མ་མི་བྱ་བར་འཐབ་རྩོད་བཟླུམ། ཚིག་རྩུབ་མི་སྨྲ་བར་ཞི་དེ་གསོང་བར་སྨྲ་བར་བྱ། ངག་འཁྱལ་མི་བྱ་བར་ཆོས་ཀྱི་གཏམ་བྱ། ཡིད་ཀྱི་སྒོ་ནས་བརྣབ་སེམས་མི་བྱ་རང་ནོར་གྱིས་ཆོག་ཤེས་པར་བྱ   གནོད་སེམས་མི་བྱ་བར་ཕན་སེམས་དང་ལྡན་པར་བྱ།  ཆོས་ལ་ལོག་ལྟ་མི་བྱ་ངེས་ཤེས་བསྐྱེད་པར་བྱ།
                                     ------------ཆོས་རྒྱལ་སྲོང་བཙན་སྒམ་པོ
ཞལ་རས་གསལ་ལ་ངང་མདངས་གང་བ་བཟང་།། གདམས་ངག་ཟབ་ལམ་མ་ཆད་ཐ་དད་རང་།། ལས་ངན་བག་ཆགས་ཐམས་ཅད་བསལ་མཛད་པ།། འཕགས་པ་མ་ཕམ་ཡང་དག་དམ་པ་ལགས།།  བདེ་གཤེགས་བདེན་ངེས་ཡེ་ཤེས་བརྙེས། ཏིང་འཛིན་ཞི་ཉིད་རིག་ཅིང་གཟིགས།། ཉོན་མོངས་ཚོགས་བཅོམ་མགོན་པོ་མཆོག། དུག་གསུམ་བདུད་འདུལ་ཀུན་ཏུ་ཐུལ།།
                  -------------ཐོན་མི་སམ་བྷོཊ། 
ནོར་གྱི་དམ་པ་འཕགས་པའི་ནོར་བདུན་ལགས། སྒྱུ་མའི་ནོར་རྫས་བསླུ་བྲིད་ཡིན་པར་མཁྱེན་ལགས་སམ། རྒྱན་གྱི་དམ་པ་མཁས་པའི་ཡོན་ཏན་ལགས། ལུས་རྫས་རྒྱན་གྱི་ཞེན་ཆགས་ཡིན་པར་མཁྱེན་ལགས་སམ།
                                   -------------སློབ་དཔོན་བཻ་རོ་ཙ་ན།
མདོར་ན་མཐོ་བ་ཐམས་ཅད་ཞྭ་བཞིན་ཁུར།།  དམའ་བ་རལ་གྲའི་སོ་བཞིན་ཀུན་གྱིས་སྐྱོངས།། མཉས་པ་རྨོས་དོར་བཞིན་དུ་དགའ་བར་འགྲོགས།། བྱ་བ་གང་ལའང་རང་འདོད་ཆུང་བར་མཛོད།།                  ----------འབྲོམ་སྟོན་པ།
ལུས་སྐྱེས་པའི་མིས་རང་གི་སྐྱེས་རྒྱུད་མ་ཤེས་ན། ནགས་ཁུང་གི་སྤྲེའུ་དང་འདྲ། མི་རང་གི་ཆོ་འབྲང་མ་ཤེས་ན། གཡུ་འབྲུག་ཟོལ་མ་དང་འདྲ། ཡབ་མེས་ཀྱི་ཆེ་དགུ་ཡིག་ཚངས་མ་ཤེས་ན། མོན་ཕྲུག་ཡལ་བོར་དང་འདྲ།
                      ---------རླངས་ཀྱི་པོ་ཏི་བསེ་རུ་ལས།
དད་དང་མཁས་དང་བཙུན་དང་གསུམ།། འདི་གསུམ་སེམས་ཀྱི་སྲོག་ཤིང་ལགས།། བཙུགས་ན་བསྟན་ལ་འཇུག་ན་བདེ།། སྲོག་ཤིང་མཛད་ན་དེ་ལ་མཛོད།། ཆགས་མེད་ཞེན་མེད་རྨོངས་མེད་གསུམ།། འདི་གསུམ་སེམས་ཀྱི་གོ་ཆ་ལགས།། གྱོན་ལ་ཡང་ལ་མཚོན་ཁར་སྲ།། གོ་ཆ་མཛད་ན་དེ་ལ་མཛོད།། སྒོམ་དང་བརྩོན་འགྲུས་སྡུག་བསྲན་གསུམ།། འདི་གསུམ་སེམས་ཀྱི་རྟ་ཕོ་ལགས།། བརྒྱུག་ན་མགྱོགས་ལ་བྲོས་ན་ཐར།། རྟ་ཕོ་མཛད་ན་དེ་ལ་མཛོད།། 
                                  -------- རྗེ་བཙུན་མི་ལ་རས་པ།
མང་བོ་མ་སྨྲ། སྨྲ་ཚད་སོམས་ལ་སྨོས། དྲན་ཚད་ལག་ཏུ་མ་ལོན། ལོན་ཚད་མགོ་ཐོན་པར་གྱིས། དྲིས་ཚད་ཁས་མ་ལེན། བླང་ཚད་དོན་ཐོག་ཏུ་ཁོལ། 
                                 --------------ས་སྐྱ་པཎ་ཊི་ཏ།
ཀུན་དང་མཐུན་པ་རྩ་བ་ཡིན་མོད་ཀྱང་།། མཐོང་ཚད་ལད་མོ་བྱས་ན་ཀླད་མེད་ཡིན།། སྐད་རིགས་ཐམས་ཅད་ཤེས་ན་བཟང་མོད་ཀྱང་།། རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན།།
            ----------ཞང་སྟོན་བསྟན་པ་རྒྱ་མཚོ།
རང་སྡེའི་རིགས་ལ་ཞེན་པ་དཀར་བོའི་མདངས།། རང་བྱུང་སྙིང་གི་དབུས་ན་གནས་པ་འདིས།། རང་ཡུལ་ཁ་བ་ཅན་གྱི་རྗེ་འབངས་ལ།། རང་གི་ནུས་པའི་སྲི་ཞུ་ཅུང་ཟད་སྒྲུབ།།
                                   ----------------དགེ་འདུན་ཆོས་འཕེལ།
པར་ལྡན་འོས་སྦྱོར།