中  文
ལོ་རྒྱུས་ཤེས་བྱ།
སྤེལ་དུས།  2012-03-04 12:01:01    རྡེབ་ཚད། 

 

ལོ་རྒྱུས་ཤེས་བྱ།
1བོད་དུ་ཁྲི་ལོ་ཞེས་པའི་མིང་གི་འདོགས་སྲོལ་ནི་བཙན་པོ་སུས་རིང་ལ་དར་བ་དང་།ཁྲི་ལོའི་མིང་ལ་ཅི་ཟེར།
 ལན།ཁྲི་ལོ་ཞེས་པའི་མིང་འདི་འདྲ་ཞིག་འདོགས་པའི་སྲོལ་ནི་བོད་རྒྱལ་ཞེ་གཅིག་པ་བཙན་པོ་ཁྲི་རལ་བ་ཅན་གྱི་རིང་ལ་དར་བ་དང་།ཁོང་གི་ཁྲི་ལོའི་མིང་ལ་སྐྱིད་རྟག་ཅེས་བཏགས་སོ།
2བོད་ཀྱི་ལོ་རྒྱུས་སུ་དབོན་ཞང་ཞེས་པའི་ཐ་སྙད་དེ་ལ་གོ་བ་ཇི་ལྟར་ལེན་དགོས།
 ལན།དེ་ནི་བོད་རྒྱལ་བཙན་པོ་སྲོང་བཙན་སྒམ་པོས་རྒྱ་བཟའ་ཝུན་ཁྲིན་ཀོང་ཇོདང་བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱིས་རྒྱ་བཟའ་ཀྱིན་ཁྲིན་ཀོང་ཇོཁབ་ཏུ་བཞེས་པས་བོད་རྒྱ་གཉིས་དབོན་ཞང་གི་ཚུལ་དུ་གྱུར་བ་སྟེ།བོད་ཀྱི་བཙན་པོ་ནི་དབོན་པོ་དང་རྒྱ་རྗེ་ནི་ཞང་བོའོ།
3བོད་བཙན་པོའི་རྒྱལ་རབས་སུ་བུད་མེད་རྒྱལ་སྲིད་སྐྱོང་མཁན་དེའི་མིང་ལ་ཅི་ཟེར་རམ།
ལན།དེ་ནི་བོད་ཀྱི་རྒྱལ་རབས་སོ་བདུན་པ་ཁྲི་ལྡེ་གཙུག་བརྟན་ནམ་མེས་ཨག་ཚོམ་གྱི་ཨ་ཕྱི་སྟེ།ཁོ་མོའི་མིང་ལ་འབྲོ་བཟའ་ཁྲི་མ་ལོད་འབོད་དོ།
ས་རྒྱུས་ཤེས་བྱ།
1བོད་ཀྱི་གངས་ཆེན་རི་བོ་གངས་ཅན།
འདི་ནི་བོད་ལྗོངས་ཀྱི་ལྷོ་མཐའ་དང་པ་ཀི་སི་ཐན།རྒྱ་གར།བལ་བོ།འབྲས་ལྗོངས།འབྲུག་ཡུལ་བཅས་ཀྱི་བར་དུ་ཆགས་ལ་།   ཡོངས་གྲགས་སུ་ཧི་མ་ལ་ཡ་རུ་འབོད་པ་ནི་རྒྱ་གར་གྱི་སྐད་ལ་བསྒྱུར་བ་ཞིག་ཡིན་ཞིང་།འཛམ་གླིང་ཐོག་ཆེས་མཐོ་ཞིང་རིང་ལ་རི་ཚོགས་མང་པོའི་རི་རྒྱུད་རེད།   གངས་ཆེན་འདིའི་རིང་ཚད་ལ་སྤྱི་ལེ2400ལྷག་དང་།ཞེང་ཚད་ལ་སྤྱི་ལེ200ནས་300ལྷག་ཡོད།སྣེ་གཉིས་བྱང་དུ་གུག་ཅིང་དཀྱིལ་ལྷོ་ཕྱོགས་སུ་འབུར་བས་གཞུ་དབྱིབས་དང་མཚུངས་ལ་མཐོ་ཞིང་གཟར།ཆ་སྙོམས་ཀྱི་མཐོ་ཚད་མཚོ་ངོས་ནས་སྨི6000ལྷག་ཡོད།
2བོད་ཡུལ་གྱི་མཚོ་མིང་ཅན་མ་ཕམ་གཡུ་མཚོ།
འདི་ལ་མ་དྲོས་མཚོ་དང་པད་མ་བླ་མཚོ་ཡང་ཟེར་ཏེ།བོད་ལྗོངས་མངའ་རིས་ས་ཁུལ་གྱི་སྤུ་ཧྲེང་རྫོང་གི་བྱང་རྒྱུད་དུ་ཆགས་པའི་གངས་ཏེ་སེ་དང་ཉེ་སར་ཡོད།མཚོ་འདིའི་མཐོ་ཚད་ལ་སྨི4600ཙམ་དང་།མཚོ་ཆུའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ412ཙམ།ཆེས་ཟབ་སར་སྨི81བཅས་ཡོད།ངག་རྒྱུན་ལ་མཚོ་འདི་ཀླུ་ཡི་རྒྱལ་པོ་མ་དྲོས་པ་ཞེས་པའི་ཕོ་བྲང་ཡིན་ཟེར་བ་དང་།གངས་ཏེ་སེ་དང་མཚོ་འདི་གཉིས་བཟའ་ཟླ་ཡིན་ཚུལ་སོགས་བཤད་ཚུལ་ཤིན་ཏུ་མང་པོ་ཡོད།
3བོད་ཡུལ་གྱི་རི་མིང་ཅན་གངས་དཀར་ཏི་སེ།
འདི་ནི་བོད་ལྗོངས་མངའ་རིས་ས་ཁུལ་གྱི་སྤུ་ཧྲེང་རྫོང་གི་ཁོངས་སུ་ཡོད་ཅིང་།མཐོ་ཚད་ལ་མཚོ་ངོས་ནས་སྨི6656ལྷག་ཡོད།རྒྱུན་དུ་གངས་རིན་པོ་ཆེ་རུ་འབོད་ལ།གངས་ཏི་སེ་རི་རྒྱུད་ཀྱི་རྩེ་གཙོ་བོ་ཡིན།བོན་པོ་དང་རྒྱ་གར་ཆོས་ལུགས།ནང་པ་སངས་རྒྱས་སོགས་ཆོས་ལུགས་དུ་མས་འཇིག་རྟེན་ནམ་འཛམ་གླིང་གི་དབུས་སུ་ངོས་འཛིན་ཅིང་།རང་རང་གི་བསྟན་པའི་བདག་པོའི་ཕོ་བྲང་ངམ་ཞབས་ཀྱིས་བཅགས་པའི་ཡུལ་དུའང་བཤད།དེ་བས་རྒྱ་གར་དང་བལ་བོ།འབྲུགཡུལ།བོད་ཡུལ་གྱི་ས་ཆ་སོ་སོ་ནས་ཡོང་བའི་གནས་མཇལ་དང་སྐོར་བ་བྱེད་མཁན་ཤིན་ཏུ་མང་སྟེ།འདི་ནི་རྒྱལ་སྤྱིའི་གནས་རི་ཞིག་ཡིན།
པར་ལྡན་འོས་སྦྱོར།