中  文
ལོ་རྒྱུས་ཤེས་བྱའི་སྐོར།
སྤེལ་དུས།  2012-03-26 07:58:32    རྡེབ་ཚད། 

༡ གནའ་བོའི་བོན་སྒྲུང་ལྡེའུ་གསུམ་བྱུང་བ་རིག་གནས་ཀྱི་གྲངས་སུ་བརྩི་བ་དེ་གང་འདྲ་ཡིན།
ལན། བོན་ནི་དགེ་སྒྲུབ་ལྷ་མཆོད་འདྲེ་འདུལ་མོ་རྩིས་སོགས་དང་། སྒྲུང་ནི་རོ་ལངས་གསེར་སྒྲུབ་ཀྱི་སྒྲུང་དང་། མ་སངས་སྒྲུང་དང་། མཆིལ་བའི་སྒྲུང་སོགས་ཉན་བཤད་དང་། ལྡེའུ་ནི་ཁེད་འཇོག་པ་སྟེ། དཔེར་ན། ཐེམ་གཉེར་ཝ་བ་ཆེ་(སྲང)ཅི་ཡིན། ཞེས་འདྲི་བ་ལྟ་བུའོ།།
༢ བོད་རྒྱལ་འབྲོང་གཉན་ལྡེའུ་ཡི་སྲས་དཀོན་པ་བཀྲ་ལ་སྟག་རི་གཉན་གཟིགས་ཐོགས་དོན་ཅི་ཡིན།
ལན། འདི་ཆུང་དུས་དམུས་ལོང་ཡིན་ལ། མིང་ལ་དཀོན་པ་བཀྲ་ཟེར། ཕྱིས་སུ་བོད་ཀྱི་རྒྱལ་ཕྲན་འ་ཞ་ཞེས་པའི་ཁམས་རྒྱལ་འ་ཞ་རྗེ་བྱ་བའི་སྨན་པ་མཁས་པ་ཞིག་ཡོད་པ་བོས་ནས། སྨན་དཔྱད་ཀྱིས་སྤྱན་ལོང་བ་སོས། མིག་ལོང་བ་སོས་ནས་སྟག་མོའི་རི་ལ་རི་དྭགས་གཉན་ཡོད་པ་གཟིགས་པས། སྟག་རི་གཉན་གཟིགས་སུ་གྲགས་སོ།།
༣ བོད་རྒྱལ་འདུས་སྲོང་མང་རྗེ་ཡི་སྐབས་སུ་རྩལ་བོ་ཆེའི་མི་བདུན་བྱུང་བ་དེ་དག་གིས་རྩལ་ག་འདྲ་བཏོན་པ་རེད།
ལན། ༡ རྔོག་རིང་ལ་ནག་པོས་གླང་བོ་ཆེ་ཐེག
      ༢ རྔོག་གླིང་ཁམས་ཀྱིས་གཡག་གྲུས་པོ་ཆེ་ཐེག
      ༣ གནོན་རྒྱལ་མཚན་གྱིས་མདའ་སྟེ་ཁ་མས་བྱ་ཁྲའི་སྐེད་པ་བཅད།
      ༤  སྦས་མདོངས་ཅན་གྱིས་མིག་རྒྱང་གསུམ་ལ་མདའ་རྒྱང་སླེབ།
       ༥ མགོས་གཡག་ཆུང་གིས་ཤ་བའི་རླིད་པུ་བྱེ་མས་བཀང་སྟེ་ཀླད་ལ་བསྐོར།
       ༦ ཅོག་རོ་འབྲོང་གཤོར་གྱིས་འབྲོང་ཐུར་དུ་རྒྱུག་པ་གྱེན་དུ་འཐེན་ནུས།
       ༧ གནོན་ཁྲི་བདུན་གཡུ་བྱིན་གྱིས་རྟ་བཟང་བོ་གཡང་ལ་མཆོངས་པ་གྱེན་ལ་འདྲེན་ནུས་སོ།།
 

པར་ལྡན་འོས་སྦྱོར།