中  文
དགེ་རྒན་གྱིས་བཀླགས་འོས་པའི་བརྩམས་ཆོས་ཉི་ཤུ
སྤེལ་དུས།  2012-12-08 11:51:14    རྡེབ་ཚད། 

དགེ་རྒན་གྱིས་བཀླགས་འོས་པའི་བརྩམས་ཆོས་ཉི་ཤུ

གཅིག ཀི་རུ་སུ་ཡི་མཁས་དབང་སའི་ནོ་ཧྥུན་གྱི་སོ་གུ་ལ་ཏིའུ་ཕྱིར་དྲན་བྱེད་པ།回忆苏格拉底  བརྗོད་སྙིང་།  1.སློབ་གསོར་མི་ཆོས་རང་བཞིན་དང་ཆབ་སྲིད་རང་བཞིན་ཡོད་དགོས། 2.སློབ་གསོར་རླབས་ཆེན་རང་བཞིན་དང་ཆེད་ལས་རང་བཞིན་དགོས།
གཉིས གནའ་རབས་ཀི་རུ་སུ་ཡི་མཁས་དབང་པེ་ར་ཐུའུ་ཡི་ཕུགས་བསམ་གྱི་ཞིང་།理想国བརྗོད་སྙིང་། 1.དགེ་རྒན་གྱི་དྲང་བདེན་ནི་རང་འགན་གྱ་ནོམ་པར་བསྒྲུབ་པ། 2.བཙན་གྱིས་སློབ་སྦྱོང་བྱེད་ཐབས་ཀྱིས་མི་དེའི་སེམས་གཏིང་དུ་རྒྱུ་འདེབས་དཀའ་བ་ཡིན།
གསུམ ཀྲུང་གོའི་གནའ་རབས་ཀྱི་མཁས་པ་ཁོན་ཙི་ཡི་མི་ཆོས་བརྗོད་པ论语  བརྗོད་སྙིང་། 1.མཛངས་པའི་རྗེས་འབྲངས་ཤིང་།ཐ་ཤལ་མཐོང་ཚེ་རང་སེམས་སུ་ཕྱིར་གཞིགས་དགོས། 
2.བྱ་དངོས་ཤིག་ལ་དགའ་ཚེ་དེ་ནི་ཤེས་རྟོགས་ཙམ་ལས་ལེགས་པ་དང་། དགའ་བ་ཙམ་ལས་དུང་ཞེན་ཅན་ནི་དེ་ལས་ཀྱང་ལེགས་སོ། 3.གཞན་གྱིས་རང་ཉིད་མི་རྟོགས་པར་སེམས་ཁུར་མེད་ལ། སེམས་ཁུར་ཞིག་ནི་རང་གིས་གཞན་མི་རྟོགས་པ་དེ་རེད། 
བཞི   རང་རྒྱལ་མིན་ཙི་ཡི་སློབ་མ་ལི་ཀྲིན་ཁུག་གི་ གུས་ལུགས学记བརྗོད་སྙིང་ནི། 1.མཛུབ་སྟོན་བྱས་ཤིང་མི་འཁྲིད་པ། ཤུགས་སྣོན་བྱས་ཤིང་མི་གཅུན་པ།  སྒོ་འཕར་བྱས་ཤིང་མི་འཇུག་པ།
2.དཔེ་ཆ་ཇི་བཞིན་སྟོང་བཤད་མི་འོས་ཤིང་། སློབ་བུ་དང་དྲང་བདེན་གྱིས་འབྲེལ་སྦྱོར་བྱེད་པ།
ལྔ  ཇེ་ཁུ་ཡི་རླབས་ཆེན་སློབ་གསོ་བ་ཁྰ་མེ་ཉིག་ཟི་ཡིསློབ་གསོ་རྒྱས་བརྗོད大教学论
བརྗོད་སྙིང་། 1.ཤེས་ཡོན།  བསམ་བརྗོད།  དད་རློམ་གསུམ་གྱི་ས་བོན་དེ་མི་ཀུན་གྱི་རྒྱུད་དུ་རང་བྱུང་གིས་ཡོད།  2.དགེ་རྒན་གྱི་ཕུགས་བསམ་ནི་སློབ་གྲྭར་བསྐྱལ་བའི་གདུལ་བྱ་ཡོད་ཚད་ཀྱིས་མཛུབ་སྟོན་མྱངས་ཤིང་།  མི་ཡུལ་ནས་མཐོ་རིས་དང་མཉམ་པའི་འཚོ་བ་རོལ་དགོས།
དྲུག .དབྱིན་ཇིའི་སློབ་གསོ་བ་ལོ་ཁུ་ཡིས་བརྩམས་པའི་སློབ་གསོ་བརྗོད་པ教育漫话》། འདིའི་ནང་དུ་གཙོ་བོ་བདེ་ཐང་སློབ་གསོ་དང་སྐུ་དྲག་སློབ་གསོ་བརྗོད་ཅིང་།  སྐུ་དྲག་ཅིག་ལ་བསམ་སྤྱོད་།  འབྱུང་སྤུས།  བློ་གྲོས།  ཤེས་ཡོན་ཚང་དགོས་པ་སོགས་བརྗོད་པ་དང་། བདེ་ཐང་གི་བློ་སེམས་དེ་བདེ་ཐང་གི་ལུས་ཕུང་དུ་ཞུགས་པ།  དགེ་རྒན་གྱི་ནུས་རྩལ་གཙོ་བོ་ནི་སློབ་བུའི་བློ་རྩེ་གཅིག་གཏོད་དང་རྒྱུན་འཁྱོངས་བྱེད་དུ་འཇུག་པ་དེ་ཡིན།
བདུན  ཧྥ་རན་སིའི་བསམ་བློ་བ།  སློབ་གསོ་བ།  རྩོམ་རིག་པ་ལོའོ་སུའུ་ཡི་爱弥儿ཨེ་མིས་འེར།   ནང་དོན་གཙོ་བོ་ནི་མི་ཞིག་སྦྲུམ་དུས་ནས་སྐྱེས་རྗེས་ཀྱི་འཚར་ལོངས་ཧྲིལ་བོར་འོས་མཐུན་སློབ་གསོ་སྦྱོར་འཇུག་དང་།  སློབ་གསོའི་དམིགས་ཡུལ་ནི་མི་ཞིག་ལ་ཤེས་བྱ་སྣ་ཚོགས་ཁྲིད་འཇུག་བྱེད་རྒྱུ་དེ་མིན་པར་།  མཁོ་ཐོག་ཏུ་རང་ཉིད་ཀྱིས་ཇི་ལྟར་ཤེས་བྱ་སྡུད་བྱེད་རྒྱུ་དེ་ཡིན།  མི་ཡི་འཚར་ལོངས་ནི་མི་ཡི་འབྱུང་རྒྱུད་དམ་རང་བྱུང་།  ཁོར་ཡུག་དང་སློབ་གསོར་རག་ལས་པ་ཡིན།
བརྒྱད།  རོས་ཧྲི་ཡི་སློབ་གསོ་རིག་པ་བ་ཕེ་ཟི་ཐེ་ལོ་ཆི་ཡིས་བརྩམས་པའི་ཀི་དོ་ཏིག་གིས་རང་གི་བྱིས་པར་ཇི་ལྟར་སློབ་གསོ་བཏང་བ་རེད葛笃德如何教育她的孩子བརྗོད་སྙིང་ནི་སློབ་གསོའི་བཀའ་བརྡ་ཡོད་ཚད་ནི་སློབ་བུ་རང་ལུས་ནས་ཐོན་དགོས་པ་ཞིག་དང་།  མི་ཡི་བརྩེ་བ་དང་དྲིན་ཤེས་པ། ཡིད་ཆེས་ཡོད་ཚད་ཀྱི་འབྱུང་ཁུངས་ནི་བྱིས་པ་དང་མ་ཡུམ་གྱི་འབྲེལ་བ་ནས་བྱུང་བ་ཡིན།
དགུ ཕལ་བའི་སློབ་གསོ་རིག་པ普通教育学འདི་ནི་འཇར་མན་གྱི་ཚད་མ་རིག་པ་བ་ཧི་ཨེར་པ་ཐུ་ཡིས་1806་ལོར་བརྩམས།   འདི་ནི་སློབ་གསོ་ཚན་རིག་འབྱུང་བའི་དན་རྟགས་སུ་བརྗོད།ཐོན་པའི་བློ་བསྐྱེད་ནི། 1.སློབ་གསོ་བས་བྱིས་པའི་མ་འོངས་པར་བསམ་གཞིགས་གཏོང་དགོས། 2.མི་ཞིག་གིས་ངེས་པར་དུ་མི་ཆོས་ཀྱི་མིག་རྒྱང་གིས་འཇིག་རྟེན་ཁྲོད་ཀྱི་རང་ཉིད་ཀྱི་
རྣམ་འགྱུར་ལ་ཞིབ་ལྟ་བྱེད་དགོས།
བཅུ  དམངས་གཙོ་རིག་པ་དང་སློབ་གསོ民主主义与教育ཞེས་པ་ནི་ཨ་མི་རུ་ཁའི་དངོས་སྤྱོད་རང་ལུགས་པའམ་སློབ་གསོ་བ་ཏུའུ་ཝེ་ཡིས་བརྩམས།  ཨ་མི་རུ་ཁ་དང་རྒྱལ་ཁབ་མང་བོའི་སློབ་གསོའི་འཕེལ་འགྱུར་གླེང་བའི་ལྡེ་མིག་ཏུ་བརྗོད།
བཅུ་གཅིག མ་ཁ་ལེན་ཁུག་སློབ་གསོའི་དཔེ་ཚོགས马卡连柯教育文集འདི་ནི་བུའུ་ཁུ་ལན་རྒྱལ་ཁབ་ཀྱི་སློབ་གསོ་མ་ཁ་ལེན་ཁུག་གིས་བརྩམས།  འདིའི་ནང་དུ་ཀུན་ལ་བསམ་གཞིགས་ལྕི་མོ་སྟེར་བའི་རིན་ཆེན་བསམ་བློ་ཡོད་ལ་བློ་གྲོས་ལྡན་པའི་སློབ་གསོ་སྤེལ་ཐབས་ཡོད་པར་བསྔགས།
བཅུ་གཉིས  མཉམ་མྱོང་དང་སློབ་གསོ经验与教育འདི་ནི་སློབ་གསོ་ཏུའུ་ཝེ་ཡིས་1938་ལོར་བརྩམས་པ་རེད། ནང་དོན་གཙོ་བོ་སྲོལ་རྒྱུན་སློབ་གསོ་ནི་ཡོད་ཚད་གོང་རིམ་ནས་ཐོན་ཞིང་ཁ་རུ་ལྡུགས་པའི་རང་བཞིན་ཅན་ཞིག་ཡིན་པ་དང་།  མི་ཞིག་གིས་ཚེ་གཅིག་ལ་མུ་མཐུད་ནས་སློབ་གསོ་མྱོང་རྒྱུ་ནི་གཙོ་བོ་ཞིག
བཅུ་གསུམ།  སློབ་གསོ་ཡི་དམིགས་འབེན教育的目的འདི་ནི་དབྱིན་ཇིའི་སློབ་གསོ་བ་ཧའེ་ཐི་ཧེ་ཡིས་བརྩམས་པ་དང་།གཙོ་བོ་སློབ་བུའི་བསམ་གཞིགས་གཏོང་ཤེས་པར་བྱེད་པ་དང་།  ཤེས་བྱ་ཡི་དོན་སྙིང་གཙོ་བོ་ནི་དེའི་བེད་སྤྱོད་ནུས་པ་ཡིན་པ་སོགས་བརྗོད་ཡོད།
བཅུ་བཞི། སློབ་གསོ་དང་གསར་སྐྱེས་པ教育与新人ཞེས་པ་ནི་ཨ་མི་རུ་ཁའི་སློབ་གསོའི་མཁས་ཆེན་པྰ་གུ་ལེ་ཡིས་བརྩམས། དེ་རུ་ཁོས་སློབ་གསོ་ནི་སློབ་བུའི་བློ་རིག་སྦྱོང་བརྡར་གྱི་གོ་རིམ་ཞིག་ཡིན་པ་དང་།  སློབ་གསོའི་ནང་དོན་ནི་ཚད་ལྡན་དང་ཤེས་བྱའི་ཁྲོད་ཀྱི་ནམ་ཡང་འགྱུར་བ་མེད་པའི་རང་བཞིན་དེ་བརྒྱུད་སྤྲོད་བྱེད་དགོས།
བཅོ་ལྔ།  ཐའོ་ཞིན་ཀྲིའི་དཔེ་ཚོགས陶行知文集ཞེས་པ་ནི་ཀྲུང་གོའི་སློབ་གསོ་བ་ཆེན་པོ་ཐའོ་ཞིན་ཀྲིས་བརྩམས་པ་དང་།  འདི་རུ་འཚོ་བ་ནི་སློབ་གསོ།  སྤྱི་ཚོགས་ནི་སློབ་གྲྭ   ཁྲིད་སྤྱོང་མཉམ་སྤེལ་གྱི་ལྟ་བ་ཆེན་པོ་གསུམ་བརྗོད་ཡོད་པ་རེད།
བཅུ་དྲུག སློབ་གསོའི་བརྒྱུད་རིམ教育过程ཞེས་པ་ནི་ཨ་མི་རུ་ཁའི་སེམས་ཁམས་རིག་པ་སྨྲ་བ་པུའུ་ལོ་ན་ཡིས་བརྩམས།  སློབ་བུ་ཆུང་ཆུང་གི་སློབ་གསོའི་སྐབས་ཀྱི་སློབ་སྦྱོང་གི་སྒུལ་ཤུགས་ནི་ནམ་ཡང་གཞན་སྐུལ་མིན་ཞིང་དེ་ལ་གོམས་པར་དེ་བས་ཀྱང་བྱ་མི་རུང་བ་དང་།  སློབ་སྦྱོང་གི་ཕུགས་བསམ་དང་རང་མོས་དེ་སྐྱེད་སྲིང་བྱེད་དགོས།
བཅུ་བདུན། དགེ་རྒན་དང་བགྲོ་གླེང་བྱས་པ和教师的谈话ཞེས་པ་འདི་ནི་ཨུ་རུ་སའི་སློབ་གསོ་བ་ཙན་ཁུ་ཧྥུའི་འཐུས་ཚབ་བརྩམས་ཆོས་ཡིན།  འདིའི་ནང་དུ་བྱིས་པའི་སེམས་ཤུགས་སྦྱོང་བརྡར་བྱེད་པར་ཁེར་རྐྱང་འགུལ་བསྐྱོད་ཀྱི་ཁོར་ཡུག་བསྐྲུན་དགོས་པ་དང་།  བྱིས་པའི་བག་ལ་ཞ་བའི་ནུས་པ་དང་དགའ་ཕྱོགས།  དགའ་སྐྱོ་དང་སེམས་ཁམས་རྒྱུས་ལོན་བྱས་ཤིང་དེ་དང་མཐུན་པའི་སློབ་གསོ་འཇུག་དགོས།
བཅོ་བརྒྱད།  འདུ་ཤེས་རང་བཞིན་དང་བསླབ་གཞི意识形态与课程ཞེས་པ་འདི་ནི་ཨ་མུ་རི་ཁའི་སློབ་གསོ་བ་ཨ་ཕུའུ་འེར་ཡིས་བརྩམས་པ་དང་ནུབ་ཕྱོགས་སློབ་གསོའི་བརྩམས་ཆོས་འགངས་ཆེན་ཞིག
བཅུ་དགུ། སྲིད་ཕྱོགས་ཀྱི་ཤེས་བྱ官方知识-保守时代的民主教育ཞེས་པ་འདི་ཡང་ཨ་མུ་རི་ཁའི་སློབ་གསོ་བ་ཨ་ཕུའུ་འེར་ཡིས་བརྩམས།  འདིའི་ནང་དུ་སྐབས་དེའི་ཨ་མུ་རི་ཁའི་ཆབ་སྲིད།དཔལ་འབྱོར་དང་རིག་གནས་ཕྱོགས་ལ་སུན་འབྱིན་བྱས་པ་སྟེ།  སྲིད་གཞུང་ཤེས་བྱ་དང་རྒྱལ་ཁབ་ཀྱི་བསླབ་གཞིའི་བཀོད་སྒྲིག་གི་འོས་མཐུན་མིན་པར་སྐྱོན་འཛུགས་བྱས།
ཉི་ཤུ  འཚོ་སྡོད་ཤེས་དགོས学会生存ཞེས་པ་འདི་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་རིག་རིག་གནས་རྩ་འཛུགས་མི་སྣས་1971་ལོར་རྩོམ་སྒྲིག་བྱས་པ་ཞིག   འདི་རུ་གཙོ་བོ་ཚེ་ལོ་ཧྲིལ་བོའི་སློབ་སྦྱོང་དང་སློབ་སྦྱོང་རང་བཞིན་དུ་འགྱུར་བཞིན་པའི་སྤྱི་ཚོགས་ཞེས་པ་དེ་ཡིན།

 

པར་ལྡན་འོས་སྦྱོར།