中  文
མཆོག་ལྔ་ནི།
སྤེལ་དུས།  2013-03-15 13:48:25    རྡེབ་ཚད། 

མཆོག་ལྔ་ནི། 

༡ ནོར་གྱི་མཆོག་ནི་མཆོག་ཤེས་ཡིན།
གཞན་གྱི་ཡིད་ཚིམས་པར་བྱེད་པའི་ནོར་དེ་ནི་ནོར་གྱི་མཆོག་ཡིན་ལ། མི་ཞིག་ལ་ཆོག་ཤེས་ཡོད་ན་དེའི་ཡིད་ཚིམས་སླ་བས་དེ་ནི་དོན་ལ་ཁོ་ལ་རྒྱུ་ནོར་རྩ་ཆེན་ཞིག་ཡོད་པ་དང་མཚུངས་པ་ཡིན། གལ་ཏེ་ཆོག་ཤེས་ཀྱི་བློ་ཞིག་མེད་ན་བརྣབ་སེམས་དང་ཧམ་པ་ཇེ་ཆེར་སོང་སྟེ། ནམ་ཡང་ཡིད་ཚིམ་རྒྱུ་མེད་པས་དོན་ལ་རྒྱུ་ནོར་གང་ཡང་མེད་པ་དང་འདྲའོ༎
༢ ཡོན་ཏན་མཆོག་ནི་ཕན་སེམས་ཡིན།
ཡོན་ཏན་ཞེས་པ་ནི་རྒྱུ་ཁྱད་པར་བ་ལས་བྱུང་བའི་འབྲས་བུ་ཕུན་སུམ་ཚོགས་པའི་ མིང་ཡིན་ལ། གཞན་ལ་ཕན་སེམས་ལྡན་ན་ཡོན་ཏན་ཆུང་ངུ་ཙམ་ལས་མེད་ཀྱང་དོན་ ཆེན་པོ་འགྲུབ་པས། རྗེས་སུ་ཡི་རང་བྱ་འོས་ཤིང་། སྤྱིར་ཡང་གཞན་ཕན་གྱི་བསམ་པ་ནི་རྒྱུད་ལ་ཤིན་ཏུ་སྐྱེ་དཀའ་བས་ན་ཡོན་ཏན་མཆོག་ཅེས་བཤད་ཀྱང་མི་ཆོག་པ་མེད་དོ༎
༣ རྒྱན་གྱི་མཆོག་ནི་མཁས་པ་ཡིན།
མི་ཞིག་ལ་མཚོན་ན་རྒྱན་སྣ་ཚོགས་ཀྱིས་བརྒྱན་ན་གཞན་གྱི་ཡིད་དུ་འོངས་ཤིང་མིག་ལ་མཛེས་པ་དང་།   དེ་ལས་ལྡོག་ན་གཞན་གྱིས་འཕྱ་སྨོད་དང་མཐོང་ཆུང་བྱེད་པ་ཡིན་པས། རྒྱན་ཆ་དང་གྱོན་གོས་སོགས་ཧ་ཅང་གལ་ཆེ། ཡིན་ན་ཡང་གསེར་དངུལ་སོགས་ཀྱི་རྒྱན་ཆ་ནི་རྙིང་སླ་ཞིང་གཞན་གྱིས་རྐུ་འཕྲོག་ཀྱང་བྱེད་སླ། མཁས་པའི་ཡོན་ཏན་ནི་སུས་ཀྱང་འཕྲོག་མི་ནུས་ལ་དུས་གཏན་དུ་རང་དང་འགྲོགས་ནས་སྡོད་པ་དང་།   རང་གི་   མཚན་སྙན་ཡང་རྒྱས་པར་བྱེད་པས་ན་མཆོག་ཡིན་ནོ༎
༤ གྲོགས་ཀྱི་མཆོག་ནི་མི་བསླུ་བ།
མི་ཞིག་ལ་མཚོན་ན་བྱ་བ་ལེགས་ཉེས་ཅི་ཞིག་བསྒྲུབས་ཀྱང་གྲོགས་ཤིག་ལ་ངེས་པར་དུ་བརྟེན་དགོས། གྲོགས་དེ་ལ་ཡང་རིགས་མང་པོ་ཡོད་དེ། ཁྱོད་ལ་དངོས་སུ་འཕྲད་དུས་གདོང་འཛུམ་གྱིས་ཁེངས་ནས་བསུ་བ་བྱེད་ལ་ལྐོག་ཏུ་དེ་ལས་ལྡོག་པ་དང་། ཡང་དངོས་སུ་གུས་ཞུམ་དང་ཁ་ཡག་སོགས་མི་བཤད་ཀྱང་ལྐོག་ཏུ་བཟང་བརྩི་བ། གལ་ལ་ཐུག་དུས་མི་བསླུ་བ་དེ་ནི་མཆོག་ཡིན་ནོ༎
 ཞེས་དྲ་ངོས་ལས་བཤུས།
པར་ལྡན་འོས་སྦྱོར།