中  文
ལུགས་རྙིང་དང་ལོ་རེས་ཀྱི་བྱུང་ཚུལ།
སྤེལ་དུས།  2014-04-10 16:00:48    རྡེབ་ཚད། 

 

ལུགས་རྙིང་དང་ལོ་རེས་ཀྱི་བྱུང་ཚུལ།
 ཧོར་ཟླའམ་ལུགས་རྙིང་ནི་འཛམ་གླིང་དུ་བྱུང་སྔ་ཤོས་ཀྱི་ལོ་རྩིས་རིགས་ཤིག་རེད། སྤྱི་ལོ་སྔོན་གྱི་2637ལོར། ཁྱིམ་བཅུ་གཉིས་ལོ་ཁམས་རྩི་དྲངས་ཀྱི་ལོ་རྒན་དྲུག་ཅུ་དང་པོ་བྱུང་ཞིང་དེ་ཡང་ནང་གསེས་སུ་དུས་ཁག་ལྔར་བགོས་ཏེ་ཁག་རེར་ལོ་བཅུ་གཉིས་བྱས། ལོ་རྒན་ཨང་77་པ་ནི་1924ལོའི་ཟླ་2་ཚེས་5ནས་འགོ་བརྩམས་ཏེ་1984ལོའི་ཟླ་2་ཚེས་1ལ་མཇུག་རྫོགས། ལོ་བཅུ་གཉིས་པོ་རེ་རེས་སྲོག་ཆགས་རེའི་མིང་གིས་རྟགས་བཀོད་པ་རེད། གནས་དུས་ཀྱི་ཟེར་སྲོལ་ལ། སངས་རྒྱས་བཞུགས་པའི་དུས་སུ་སྲོག་ཆགས་ཡོད་ཚད་ལ་ཁོང་གི་སྐུ་མདུན་དུ་ཤོག་ཅེས་བརྡ་བཏང་བ་ལ་རིགས་བཅུ་གཉིས་ལས་མ་ཡོང་། དེར་བང་པོར་སླེབས་པ་ནི་བྱི་བ་དང་། དེ་ནས་རིམ་བཞིན་གླང་། སྟག ཡོས འབྲུག སྦྲུལ རྟ། ལུག སྤྲེལ བྱ ཁྱི་བཅས་སླེབས་ཤིང་ཐ་མར་ཕག་སླེབས། དེ་ནས་སངས་རྒྱས་ཀྱིས་དེ་དག་ཁོང་ལ་མཆོག་ཏུ་མོས་པའི་སྐྱེས་སུ་ཁོ་ཚོ་སླེབས་པའི་སྔ་གཞུག་གི་རིམ་པ་ལྟར་སོ་སོར་ལོ་རྟགས་རེ་གནང་། འདི་ནི་དེང་སང་ང་ཚོས་གླེང་བའི་ལོ་སྐོར་བཅུ་གཉིས་ཀྱི་བྱུང་ཚུལ་རེད། ལུགས་རྙིང་ནི་ཟླ་བ་བྲི་གང་གི་དུས་འཁོར་རྩིས་གཞི་བྱས་ཏེ་དུས་རྩི་བའི་སྡེ་ཚན་ཞིག་རེད།
ལུགས་རྙིང་གི་ལོ་རེ་ཟླ་བཅུ་གཉིས་ཡིན་ལ་ཟླ་རེ་ཉིན་29.5306ཡིན་པས། ཟླ་བ་ཆེ་ཉིན་30་དང་ཟླ་བ་ཆུང་ཉིན་29་རུ་གཏན་ལ་ཕབ། དེ་ལྟར་ན་ལུགས་རྙིང་གི་ལོ་རེར་ཉིན་354་ཡིན། ལུགས་གསར་རྙིང་གཉིས་ལ་ལོ་རེར་ཉིན་བཅུ་གཅིག་གི་ཁྱད་ཡོད། ལུགས་གསར་ནི་ནམ་ཟླའི་ཚ་གྲང་གི་འགྱུར་ལྡོག་དང་མཐུན་ལ། ལུགས་རྙིང་གིས་ནམ་ཟླའི་འགྱུར་ལྡོག་གི་དུས་འཁོར་དང་བསྟུན་ཆེད་ལོ་གཉིས་དང་ཕྱེད་ཀའི་བར་དུ་ཤོལ་ཟླ་རེ་བསབས་ནས་དུས་འཁོར་སྙོམ་སྒྲིག་བྱ་དགོས། ཤོལ་ཟླ་དེ་ནི་གང་ལྟར་ཀྱང་ལུགས་རྙིང་གི་ཟླ་2་པ་ནས་11་པའི་བར་དུ་བསྣན་དགོས་ཤིང་། ལོ་གསུམ་རེ་སོང་ན་ཟླ་གཅིག་བསོགས་ཏེ་ཤོལ་ཟླ་ཡོད་པའི་ལོར་གྱུར། འདི་ནི་ལུགས་རྙིང་གི་བྱུང་ཚུལ་རེད།
པར་ལྡན་འོས་སྦྱོར།