中  文
WIFI སྐུད་མེད་དྲ་བས་སྐྲན་ནད་བཟོ་ངེས་སམ།
སྤེལ་དུས།  2014-10-20 17:33:44    རྡེབ་ཚད། 

WIFI སྐུད་མེད་དྲ་བས་སྐྲན་ནད་བཟོ་ངེས་སམ།

ནན་ཏིན་དམག་ཁུལ་སྟེ་གནས་སྨན་ཁང་གི་ཆེད་མཁས་པའི་མཚམས་སྦྱོར་ལྟར་ན། འཕྲོ་འགྱེདད་ཀྱིས་མིའི་ལུས་སྟེང་ལ་ཕོག་པའི་གནོད་སྐྱོན་ནི་ཕྱོགས་གཉིས་ཡོད་དེ། གཅིག་ནི་འཕྲོ་འགྲེད་ཚད་མང་ཉུང་ངེས་ཅན་ཞིག་ལ་ཐོན་པ་སྟེ། སྨན་གཞུང་ལྟར་ན་འཕྲོ་འགྱེད་ཚད་103ལས་མཐོ་ཚེ་ད་གཟོད་ལུས་པོར་གནོད་པ་ངེས་ཅན་བཟོ་ངེས། ང་ཚོའི་འཚོ་བའི་ཁྲོད་ཀྱི་གློག་གི་རྣོ་རླབས་འཕྲོ་འགྱེད་ཀྱི་མང་ཉུང་ནི་ཤིན་ཏུ་ཉུང་བ་རེད། དེ་ནི་སྨན་ཁང་ལས་CTདཔྱད་ཞིབ་ཅིག་དང་བསྡུར་ཚེ། འཕྲོ་འགྱེད་ལྡབ་ཁྲི་གཅིག་ཙམ་ཉུང་བ་རེད། རིགས་གཉིས་པ་ནི་འཕྲོ་འགྱེད་ཡོད་པའི་ཁོར་ཡུག་ནས་དུས་ཡུན་རིང་དུ་བསྡད་པའི་གསོག་ནས་ཐོན་པའི་ནུས་པ་དེ་རེད། དུས་རྒྱུན་གྱི་འཚོ་བའི་ཁྲོད་ཀྱི་འཕྲོ་འགྱེད་ཀྱི་ཚད་ཉིན་ཞག་དུས་ཚོད་24ལ་མཚམས་མ་ཆད་པར་ཕྱིར་ཐོན་པའི་ཁོར་ཡུག་ཅིག་ཡིན་ཚེ། དེས་བཏང་བའི་གནོད་པ་ནི་ལོ་བརྒྱ་ཕྲག་འགོར་རྗེས་ད་གཟོད་ཐོན་ངེས།
WIFI  གནོད་པ་ནི་ཤུལ་མེད་ཚོར་མེད་ཡིན་ནམ།
ཚོད་ལྟས་ཤེས་པ་ལྟར་ན། སྐུད་མེད་དྲ་སྣེ་སྦྲེལ་ཆས་དང་བར་ཐག་རྨིད་གཅིག་ཙམ་ནས་ཐོན་པའི་འཕྲོ་འགྱེད་ཀྱི་ཚད་ནི་རྨིད་གྲུ་བཞི་མ་རེ་ལ་བྰ་0.0005་ཙམ་ལས་མེད་པས། ཕལ་ཆེར་བརྩི་རིན་མེད་པ་རེད། 
རྒྱལ་ཁབ་གློག་རྡུལ་རྩིས་འཁོར་ཕྱི་ངོས་སྒྲིག་ཆས་རྒྱུ་སྤུས་ཚད་འཇལ་སྟེ་གནས་ཀྱི་བཟོ་བཀོད་པ་ལིག་ཚན་གྱི་མཚམས་སྦྱོར་བྱས་པ་ལྟར་ན། སྐུད་མེད་དྲ་སྦྲེལ་ཡོ་ཆས་ཀྱི་འཕྲོ་འགྱེད་ནི་དེའི་ལས་སྒྲུབ་ཀྱི་གནས་ཚུལ་དང་འབྲེལ་བ་ཡོད་པ་རེད། གལ་ཏེ་དྲ་ཁུངས་ནས་རྒྱུ་ཆ་འཕབ་ལེན་བྱེད་སྐབས་སུ་འཕྲོ་འགྱེད་ཅུང་མཐོ་བའི་ཚད་ཅིག་ཡོད་པ་རེད།   དེའི་རྐྱེན་གྱིས་གལ་ཏེ་སྐུད་མེད་དྲ་སྦྲེལ་ཡོ་ཆས་བྲང་ཁར་སྦྱར་ནས་མ་གཉིད་ཚེ་དེས་གནོད་སྐྱོན་བཟོ་བ་ནི་ཁུངས་མེད་ཅིག་རེད། 
 WIFI ཡིས་སྦྲུམ་དུས་ཀྱི་བྱིས་པར་གནོད་དམ།
ཀྲུང་གོ་ལེགས་བཙའ་ལེགས་སྐྱོང་མཐུན་ཚོགས་ཀྱི་མིག་ནད་ཚན་ཁག་གི་ཨུ་ཡོན་གཙོ་འགན་པ་ཧྲོ་ལི་གོན་གཡིས་མཚམས་སྦྱོར་བྱས་པ་ལྟར་ན། རྒྱུན་སྤྱོད་ཀྱི་སྐུད་མེད་དྲ་སྦྲེལ་ཡོ་ཆས་ཀྱི་ལས་སྒྲུབ་ནས་ཚད་ནི་རྒྱུན་ལྡན་ལག་འཁྱེར་ཁ་པར་གྱི་ནུས་ཚད་ལས་ཀྱང་ཆུང་བ་རེད། དེས་སྦྲུམ་མ་དང་སྦྲུམ་འགོ་ཚུགས་པའི་བྱིས་པ་དང་མི་ལུས་ཀྱི་གནོད་ཤུགས་ནི་བརྩི་རིན་མེད་པ་ཞིག་རེད། 
 WIFI ཡིས་ཁུ་བའི་སྙིང་བོར་གནོད་དམ།
ཀྲེ་ཅང་མི་དམངས་སྨན་ཁང་གི་ཉིང་རྡུལ་གསོ་རིག་གི་གཙོ་འགན་པ་ཁྲིན་ཨེ་ཕིན་གྱི་ས་བཚམས་སྦྦྱོར་བྱས་པ་ལྟར་། ཁུ་བའི་གསོན་ཤུགས་ཀྱི་མཐོ་དམའ་དེ་གཙོ་བོ་བཟའ་བཏུང་།   ཁོར་ཡུག   འཚོ་བའི་གོམས་གཤིས། སོགས་ལ་འབྲེལ་བ་ཡོད་པ་རེད། སྐུད་མེད་དྲ་སྦྲེལ་ཡོ་ཆས་ལྟ་བུའི་གྱི་ན་བའི་འགྲོ་འགྱེད་ཀྱིས་སྐྱེས་པའི་ཁུ་བའི་རང་བཞིན་ལ་འགྱུར་བ་བཟོ་མི་ཐུབ། ནད་ཐོག་སྨན་བཅོས་ནས་ཀྱང་སྐུད་མེད་དྲ་སྦྲེལ་ཡོ་ཆས་ཀྱི་འཕྲོ་འགྱེད་ཀྱིས་ཁུ་བར་གནོད་པའི་གནས་ཚུལ་མ་བྱུང་བ་རེད། སྨན་གྱི་གཞུང་ལུགས་གང་ནས་ཀྱང་དེ་འདྲའི་བཤད་རྒྱུན་བཏོན་མ་མྱོང་། 
 WIFI ཡིས་སྐྱེས་དངོས་གསོད་དམ།
ཆིན་དཔའ་སློབ་ཆེན་གྱི་བཟོ་བསྐྲུན་དངོས་ལུགས་སྡེ་ཁག་གི་ཆེད་མཁས་ཞིན་ལེ་ཁུ་ཡིས་ WIFI ཡི་ཁོར་ཡུག་ཏུ་མྱུ་གུ་འབུས་པའི་ཚོད་ལྟ་བྱས་པ་རེད། ཉིན་19ཡི་དངོས་དཔེ་ཚོད་ལྟས་གསལ་བཤད་བྱས་པ་ནི། WIFI ཡོད་མེད་ཀྱིས་སྐྱེས་དངོས་འབུས་པར་ཤན་ཤུགས་ཅི་ཡང་མི་ཐེབས་པ་རེད། སློབ་དཔོན་ཞིན་གྱི་བཤད་རྒྱུར་ཚད་ལྡན་གྱི་སྐུད་མེད་དྲ་སྦྲེལ་གྱིས་ཡོ་ཆས་ལས་ཐོན་པའི་འཕྲོ་འགྱེད་ཀྱིས་མིའི་ལུས་དང་སྐྱེས་དངོས་ལ་གནོད་པ་གསལ་བོ་མེད་པ་རེད། 
 
མེ་ཏོག་དབང་ལག་གིས་འཕྲོ་འགྱེད་འགོག་ནུས་སམ།
ཧུ་ཧྥེ་བཟོ་ལས་སློབ་ཆེན་གྱི་རྨང་གཞི་དངོས་ལུགས་སྡེ་ཁག་གི་གཙོ་འགན་པ་སློབ་དཔོན་མ་ལི་ཕིན་གྱིས་བཤད་རྒྱུར། མེ་ཏོག་དབང་ལག   ལུའུ་དཔེ་སོགས་ཀྱིས་འཕྲོ་འགྱེད་འགོག་བཅས་པར་ཁུངས་ལུངས་གང་ཡང་མེད་པར་བཤད། སྐྱེས་དངོས་ཀྱིས་སྐྱི་པགས་ལ་ཕན་པ་ཡོད་སྲིད་ཀྱང་།  སྐྱེས་དངོས་དང་འཕྲོ་འགྱེད་འགོག་པའི་བར་ལ་འབྲེལ་བ་གང་ཡང་མེད་ཟེར། ཉེ་འཁོར་ན་དབང་ལག་སོགས་སྐྱེས་དངོས་ཡོད་པ་དང་། གློག་ཀླད། བརྙན་འཕྲིན་སོགས་ཀྱིས་བཏང་བའི་གློག་རླབས་ཕྲ་རབ་དང་རླབས་ཆུང་འཕྲོ་འགྱེད་ཀྱི་གྱེས་འཕྲོ་བར་ལ་འབྲེལ་བ་མེད་ཟེར། དེ་ཡང་ཕྲ་རབས་འཕྲོ་འགྱེད་ལ་ཤུགས་རྐྱེན་ཐེབས་པ་བྱེད་པ་ནི་ལྕགས་རིགས་ལས་མེད་ཟེར།